ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

ཚད་གཞི་དང་སྤུས་ཀ་མཐོ་བའི་སྒོ་ནས་ཁོར་སྲུང་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་ལས་འགན་ཡོངས་འགྲུབ་བྱེད་དགོས།

སྤེལ་དུས། 2018-06-19 09:46:06   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།

ཝང་ཅན་ཅོན་གྱིས་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་ལྡོག་འདྲེན་བསམ་འཆར་དག་ཐེར་ལེགས་བཅོས་བྱ་བའི་སྐུལ་འདེད་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན།
ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་ལྡོག་འདྲེན་བསམ་འཆར་དག་ཐེར་ལེགས་བཅོས་བྱ་བའི་སྐུལ་འདེད་ཚོགས་འདུ་ཟླ6པའི་ཚེས5ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ཝང་ཅན་ཅོན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕེང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་བྱས་ནས། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་དང་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། དམིགས་འབེན་གསལ་པོ་ཡིན་པ་དང་གཙོ་གནད་འབུར་དུ་དོད་པ། རྩ་ལག་མཉམ་བཅོས་བྱེད་པ་དང་། ལྷོད་མེད་ཀྱིས་འགག་སྒྲོལ་བྱེད་པ་དང་མུ་མཐུད་དུ་སྟོབས་ཤུགས་ཕུལ་ནས། ཚད་གཞི་དང་སྤུས་ཀ་མཐོ་བའི་སྒོ་ནས་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་ལྡོག་འདྲེན་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཤིང་། བློ་ཐག་རྦད་ཆོད་ཀྱིས་ཁོར་སྲུང་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་ཀྱི་འགག་སྒྲོལ་འཐབ་འཁྲུག་ལས་རྒྱལ་དགོས།
ཝང་ཅན་ཅོན་གྱིས་གཏམ་བཤད་པའི་ཁྲོད་བསྟན་དོན། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ལམ་ལུགས་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་ཞིག་དང་། ཞི་ཅིན་ཕེང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།ན་ནིང་།ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་ཚན་ཁག་བདུན་པས་རང་ཞིང་དུ་ཁོར་སྲུང་ལྟ་ཞིབ་བྱེད་པའི་སྐབས་སུ། ང་ཚོས་ལྟ་ཞིབ་ནི“འདུ་ཤེས་བཞི”ལག་ལེན་བྱེད་པའི་དོན་དངོས་འགུལ་སྐྱོད་ཅིག་དང་།“ཆབ་སྲིད་ཉམས་ལེན”དང“ཁོར་སྲུང་གིས་ཆབ་སྲིད་ལ་ལྟ་ཞིབ་བྱེད་པ།”“ཚད་གཞི་དང་མ་དཔེར་བསྡུར་བ”ཐེངས་ཤིག་ཏུ་བརྩིས་ཏེ། བཤད་མ་ཐག་ཏུ་འགུལ་སྐྱོད་བྱེད་པ་དང་འགུལ་མ་ཐག་ཏུ་ལེགས་བཅོས་བྱས་ཏེ། གོ་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས། ལྟ་ཞིབ་ཀྱིས་བསྟན་པའི་གནད་དོན་དང་བཏོན་པའི་གྲོས་གཞི་ལ་ཞིང་ཆེན་ཏང་ཨུས་དག་ཐེར་ལེགས་བཅོས་ཀྱི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུ་བསྡུས་ནས། དག་ཐེར་ལེགས་བཅོས་དང་དངོས་འབེབས་བྱེད་པའི་ཇུས་གཞི་གཏན་འབེབས་བྱས་ཤིང་།དག་ཐེར་ལེགས་བཅོས་ཀྱི་ལས་འགན་གསལ་པོ་དང་འགན་འཁྲི་ལས་བགོས་བྱས། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་གཅིག་གྱུར་བླང་བྱ་ལྟར།ད་ལོ། རང་ཞིང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་ཇུས་གཞི་ཡོངས་བསྒྲགས་བྱས། དེ་ནི་ཀྲུང་དབྱང་ལྟ་ཞིབ་ལ་བསྟན་པའི་རྣམ་འགྱུར་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་དམ་བཅའ་ཡང་ཡིན།རྣམ་འགྱུར་འཛིན་སྟངས་ཡོད་ན་འགུལ་སྐྱོད་ཀྱང་ཡོད་དགོས་ལ།དམ་བཅའ་ཡོད་ན་ཁ་བཤད་ལག་བསྟར་ཡང་ཡོད་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལྟ་ཞིབ་ཀྱིས་ལྡོག་འདྲེན་བྱས་པའི་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་དམངས་གཙོའི་བཟོ་འགོད་གལ་ཆེན་ཞིག འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་ངེས་པར་བརྩིས་ཏེ། ཚད་གཞི་ཆེས་མཐོན་པོ་དང་བླང་བྱ་ཆེས་ནན་མོ། བྱེད་ཐབས་ཆེས་གོ་ཆོད། འགུལ་སྐྱོད་ཆེས་མགྱོགས་པོ། གྲུབ་འབྲས་ཆེས་བཟང་པོ་བཅས་ཀྱིས་དག་ཐེར་ལེགས་བཅོས་ཀྱི་ལས་འགན་སྣ་ཚོགས་གཏིང་ཟབ་ཅིང་ཞིབ་ཚགས་སུ་དངོས་འབེབས་བྱེད་དགོས་པ་དང་། ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་དོན་དངོས་གྲུབ་འབྲས་བླངས་ནས། ང་ཚོས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་བྱས་རྗེས་གསར་པ་འཇོག་དགོས།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། དམིགས་འབེན་གསལ་པོ་ཡིན་ལ་འགན་འཁྲི་ནན་བཟུང་བྱེད་དགོས། ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་ད་ལྟའི་བར་དུ་ལུས་ཡོད་པ་ནི་ཐག་གིས་གཅོད་དཀའ་བའི་གནད་དོན་ཡིན། ང་ཚོས་ཡག་ཐོག་ལ་ཡག་བརྩེགས་ནས་བརྩོན་པ་ལྷོད་མེད་ཀྱིས་གནད་དོན་དཀའ་མོ་ཐག་གིས་བཅད་ནས། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ཁྱབ་བསྒྲགས་བྱས་པའི་ལས་འགན་དུས་ལྟར་སྤྲོད་པར་ཁག་ཐེག་ནན་མོ་བྱེད་དགོས། ཞིང་ཆེན་རིམ་པའི་ཚན་ཁག་སོ་སོ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཚང་མས་ཁོར་སྲུང་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་བྱ་བ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གཅིག་འདོམས་ཡོངས་ཁྱབ་དང་གནད་འགག་གྲངས་ཉུང་གི་ནུས་པ་འདོན་སྤེལ་བྱེད་པ། སྣེ་ཁྲིད་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་གཏིང་ཟབ་ཏུ་གོ་བ་ལེན་ཡག་བྱེད་པ། སྣེ་ཁྲིད་ནས་གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ། སྣེ་ཁྲིད་ནས་ལྟ་ཞིབ་ཀྱི་འཐབ་ཕྱོགས་དང་པོར་མིང་བཀོད་ནས་དག་ཐེར་ལེགས་བཅོས་བྱེད་པ། སྣེ་ཁྲིད་ནས་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གིས་བཅད་ནས། གནོན་ཤུགས་རིམ་པ་སོ་སོར་སྐྱེལ་བ་དང་འགན་འཁྲི་རིམ་པ་སོ་སོས་དངོས་འབེབས་བྱེད་པའི་བྱ་བའི་བཀོད་སྟངས་ཆགས་སུ་འཇུག་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཚང་མས་འགན་འཁུར་པ་དང་པོའི་འགན་འཁུར་ཕྲག་ཏུ་ཁུར་ནས། གནད་དོན་རྩད་ཆོད་ཡག་མ་བྱས་ན་མི་བསྐྱུར་བ་དང་དག་ཐེར་ལེགས་བཅོས་བྱེད་ཡག་མ་བྱས་ན་མི་བསྐྱུར་བ། འགན་འཁྲི་དངོས་འབེབས་མ་བྱས་ན་མི་བསྐྱུར་བ། མང་ཚོགས་ཡིད་མ་ཚིམ་ན་མི་བསྐྱུར་བ་ཞིག་ཏུ་དངོས་སུ་བསྒྲུབས་ནས། རིམ་པ་རེ་རེ་བཞིན་བསྡུར་ནས་དག་ཐེར་ལེགས་བཅོས་བྱེད་པ་དང་། གཅིག་ཡོངས་འགྲུབ་བྱས་ན་དེ་ཞིབ་བཤེར་རྩིས་ལེན་བྱེད་པ་དང་། དེ་སྤྱི་བསྒྲགས་བྱེད་པ། དེ་འགན་ཁུར་གྲས་ནས་བསུབས་ཏེ། བློ་བརྟན་འགྱུར་མེད་ཀྱིས་དག་ཐེར་ལེགས་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱེད་དགོས།གཙོ་གནད་འབུར་དུ་དོད་ཅིང་རྩ་ལག་མཉམ་བཅོས་བྱེད་དགོས། དག་ཐེར་ལེགས་བཅོས་དངོས་འབེབས་ནན་འཛིན་བྱེད་དགོས་པ་སྟེ། མིག་སྔར་ལ་རྐང་ཚུགས་ཏེ་འབུར་ཐོན་གནད་དོན་ཐག་གིས་བཅད་ནས་གྲུབ་འབྲས་བཟང་པོ་བླངས་ཏེ་རྩ་བ་བཅོས་སྐྱོང་གི་ཐད་ནས་དུས་ཚོད་ལས་རྒྱལ་དགོས་ལ། མིག་རྒྱང་རིང་པོས་ཡན་ལག་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུན་ཕན་ནང་རྐྱེན་འཛུགས་དགོས། དུས་མཚམས་རེ་རེ་ཏན་ཏན་ཏིག་ཏིག་གིས་སྒྲུབ་པ་དང་ཆད་ལུས་མེད་པར་གནད་དོན་ཐག་གཅོད་ཡག་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་དབྱེ་ཞིབ་གཏིང་ཟབ་ཏུ་བྱས་ཏེ། སྲུང་སྐྱོབ་ཨང་དང་པོ་དང་སྐྱེ་ཁམས་གཟིགས་སྐྱོང་གི་རྩ་དོན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་དང་། མགོ་ཁུངས་ལ་དོགས་ཟོན་གཟབ་ནན་བྱས་ཏེ། ཁོར་ཡུག་བརླག་པའི་རིན་ཐང་གིས་སྐབས་ཐོག་གི་དཔལ་འབྱོར་ཡོང་སྒོ་ལ་གཏན་ནས་བརྗེ་མི་རུང་། མཉམ་སྡེབ་ཀྱིས་ཕན་འབྲས་མཐོན་པོ་བླངས་ནས་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས། ཁོར་སྲུང་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་བྱ་བའི་གནས་མང་ཞིང་ཡུན་རིང་བ། རྒྱ་ཆེ་བ་ཞིག་ཡིན་པས། འབྲེལ་བའི་ས་ཁུལ་དང་སྡེ་ཁག མི་སྣ། ཁེ་ཕན་བཅས་ཀྱང་མང་བས། མཉམ་སྡེབ་ཀྱིས་ཕན་འབྲས་མཐོན་པོ་ལོན་པའི་འཁོར་རྒྱུག་རོགས་འདེགས་ཀྱི་ནང་རྐྱེན་ཞིག་ངེས་པར་འཛུགས་དགོས། ཕྱོགས་ཡོངས་ལ་སྐུལ་འདེད་བྱེད་པ་དང་གཙོ་བོ་འབུར་དུ་འདོད་དགོས། འགོ་ཁྲིད་པ་གཙོ་བོའི་འགན་འཁྲི་དང་པོ་དང་ཡན་ལག་དོ་དམ་འགོ་ཁྲིད་པའི་བྱེ་བྲག་གི་འགན་འཁྲི། ལས་ཀ་པའི་ཐད་ཀར་གྱི་འགན་འཁྲི་བཅས་ཀྱི་དངོས་འབེབས་ལ་མཉམ་སྡེབ་ཀྱིས་སྐུལ་འདེད་བྱས་ཏེ། རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་རིམ་པོ་སོ་སོ་ནས་དངོས་འབེབས་བྱེད་པའི་འགན་འཁྲི་སྦྲེལ་ཐག་ཆགས་དགོས། ཆབ་སྲིད་དང་ཁེ་ལས། ས་གནས་བཅས་ཀྱི་ནུས་པ་མཉམ་སྡེབ་ཀྱིས་འདོན་སྤེལ་བྱེད་པ་དང་། མ་དངུལ་མཉམ་སྡེབ་ཀྱིས་གྲབས་གསོག་བྱས་ཏེ་ཤུགས་ཡོད་རྒུས་གནད་དོན་ཐག་གིས་གཅོད་དགོས།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་དམ་དགོས་ལ་འགན་འཁྲི་འཁུར་མཁན་ཡོད་དགོས། ཁོར་སྲུང་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་ཡིན་ལ་སྒྲིག་ཁྲིམས་ཀྱི་བླང་བྱའང་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཞིས་སྲུང་ན་འགན་འཁུར་ཡོད་ལ། གཞིས་སྲུང་ན་འགན་དུ་འཁུར་དགོས། གཞིས་སྲུང་ན་འགན་འཁུར་ཡག་བྱས་ཏེ། ནན་ཏན་གྱིས“ཏང་སྲིད་གཉིས་ཀྱིས་མཉམ་དུ་འགན་འཁུར་བ་དང་ལས་རྐང་གཅིག་ལ་འགན་གཉིས་འཁུར་བ”ལག་བསྟར་བྱེད་པ། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་ཇུས་ཐག་དང་བཀོད་སྒྲིག་ལག་བསྟར་བྱས་པ་མི་འདང་བ་དང་། བྱེད་ཐབས་གོ་ཆོད་དུ་མི་བཀོལ་བ། དག་ཐེར་ལེགས་བཅོས་གཏད་སར་མི་འཕྲོད་པ། གནད་དོན་ཕྱིར་ལྡོག་བྱེད་པ། གནད་དོན་སྦ་གསང་བྱེད་པ། ཁྲལ་སེལ་སླ་བཅོས་བྱེད་པ། མི་བདེན་རྫུན་བཟོ་བྱེད་པ། ཕྱི་ཚུལ་རིང་ལུགས་སྤེལ་བ། རྒྱལ་ཁབ་དང་ཞིང་ཆེན་གྱི་རྩ་འཛུགས་ཀྱིས་མངོན་གསལ་དུ་རྟོག་ཞིབ་དང་ལྐོག་ཏུ་རྩད་གཅོད་བྱེད་པ། “ཕྱིར་ལྟ”བྱེད་པའི་ཁྲོད་ནས་གནད་དོན་ཚབས་ཆེན་ཡོད་པ་ཤེས་ན་བོས་ཏེ་ཁ་ཏ་འཚམ་ན་ཁ་ཏ་བྱེད་པ་དང་།འགན་འཁྲི་རྩད་གཅོད་འཚམ་ན་རྩད་གཅོད་བྱེད་པ།ཞིབ་བཤེར་ཐག་གཅོད་དགོས་ན་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་ལས། སྒྲོ་འདོགས་སྐྱོན་འཛུགས་དང་ངན་ལང་ཟོག་འཇོག་གཏན་ནས་བྱེད་མི་རུང་། འགན་འཁྲིར་རྩད་གཅོད་རྣལ་མ་དང་འགན་འཁྲིར་རྩད་གཅོད་གཟབ་ནན་བྱས་ན། ད་གཟོད་བཙན་གྱིས་དག་ཐེར་ལེགས་བཅོས་བྱེད་པར་ཕན་འབྲས་དངོས་ལོན་ངེས་ཡིན།
ཝང་ཡུས་པོ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཐེན་ཅིན་ཁྲེན་གྱིས་རང་ཞིང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལྡོག་འདྲེན་བསམ་འཆར་དག་ཐེར་ལེགས་བཅོས་བྱས་པའི་བྱ་བའི་འཕེལ་ཚུལ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།