ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

རང་ཞིང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ཇུས་གཞི་ཡོངས་བསྒྲགས་བྱས་པ།

སྤེལ་དུས། 2018-06-25 09:06:36   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།
ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་བདུན་པས2017ལོའི་ཟླ8པའི་ཚེས8ཉིན་ནས་ཟླ9པའི་ཚེས8ཉིན་བར་མཚོ་སྔོན་ཞིང་ཆེན་དུ་དུས་ཡུན་ཟླ་གཅིག་གི་རིང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ། ན་ནིང་ལོའི་ཟླ12པའི་ཚེས24ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གིས་དངོས་སུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ལྟ་ཞིབ་བསམ་འཆར་ཅི་ཡོད་ཕྱིར་ལན་བྱིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བྱ་བར་གཙིགས་མཐོང་ཆེན་པོ་བྱས་ནས། བསམ་འཆར་ཕྱིར་ལན་སྟེར་བའི་ཚོགས་འདུ་འཚོགས་པའི་ཉིན་མོ་དེར། འཕྲལ་མ་ཉིད་དུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྤྱི་བསྡོམས་དང་དག་ཐེར་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་ཚན་གཙོ་གཉིས་ཀྱི་འགན་ཁུར་པ་དང་ཞིང་ཆེན་རིམ་པ་གཞོན་པའི་འགོ་ཁྲིད4ཡིས་ཚན་གཙོ་གཞོན་པ་ཁུར་པའི་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། དེའི་མངའ་འོག་ཏུ་ཕྱོགས་བསྡུས་མཐུན་སྦྱོར་དང་དག་ཐེར་སྐུལ་སྒྲུབ། ལྟ་ཞིབ་འགན་འདྲི། དྲིལ་སྒྲོག་འཕྲིན་སྤེལ་བཅས་ཆེད་དམིགས་བྱ་བའི་ཚན་ཁག4བཙུགས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཕྱིར་ལན་བྱིན་པའི་བསམ་འཆར་ལག་ལེན་དངོས་འབེབས་བྱེད་པའི་སྐོར་གྱི་དག་ཐེར་ཇུས་གཞིགཤམ་དུ་མིང་བསྡུས་ནསདག་ཐེར་ཇུས་གཞིཞེས་འབོདརྩ་འཛུགས་གཏན་འབེབས་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་བསམ་བློ་གལ་ཆེན་གྱིས་མཛུབ་ཁྲིད་བྱས་པ་ལ་བརྟེན་ནས།ཁ་མིན་དོན་གྱིས་ཆབ་སྲིད་ལངས་གནས་ཇེ་མཐོར་བཏང་བ་དང་།འདུ་ཤེས་བཞིཇེ་བརྟན་དུ་བཏང་ནས། ལྟ་ཞིབ་དག་ཐེར་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་དམངས་འཚོའི་བཟོ་འགོད་གལ་ཆེན་ཞིག འཕེལ་རྒྱས་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་འཛིན་དགོས་པ་དང་། དག་ཐེར་གྱི་ལས་འགན་རྣམས་དུས་ལྟར་ཡོངས་སུ་འགྲུབ་པར་བྱས་ཏེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འདེགས་དགོས།
དག་ཐེར་ཇུས་གཞིལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གཟབ་ནན་གྱིས་དངོས་འབེབས་དོན་འཁྱོལ་བྱས་ནས། གནས་ལྔ་གཞི་གཅིགགི་སྤྱི་ཁོག་འགྲེམ་སྟངས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱེད་དགོས་པ་དང་། ཁྱོན་ཡོངས་བཞིཡི་འཐབ་ཇུས་འགྲེམ་སྟངས་མཐུན་སྦྱོར་གྱིས་སྐུལ་འདེད་བྱེད་པ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མིག་སྔར་དང་ཡུན་རིང་གི་ཁེ་ཕན་དང་སྐྱེ་ཁམས་ཁོར་ཡུག་དང་དམངས་འཚོ་ལེགས་བཅོས་ཀྱི་འབྲེལ་བ་འོས་འཚམ་གྱིས་ཐག་གཅོད་ལེགས་པོ་བྱེད་དགོས་ཤིང་། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་པ་དང་།མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བཟུང་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་སྲོག་ཤིང་དུ་འཛིན་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནསབསྒྱུར་བ་བཞིལ་བརྟེན་ཏེཏན་ཏན་ཏིག་ཏིག་བཞིཡི་བླང་བྱ་གལ་ཆེན་དངོས་འབེབས་བྱ་རྒྱུར་སྐུལ་འདེད་བྱེད་དགོས་ཤིང་། ཏང་སྲིད་གཉིས་ལ་འགན་འཁྲི་གཅིག ལས་རྐང་གཅིག་ལ་འགན་འཁྲི་གཉིསཞེས་པ་ཤུགས་ཇེ་དྲག་ཏུ་བཏང་ནས།ལྗང་མདོག་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བྱེད་པ་དང་།འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཅི་ཐུབ་བྱས་ནས། སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་ཤུགས་ཚད་སྔར་ལས་ཆེ་རུ་གཏོང་དགོས་ལ། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྒྲིབ་དངོས་བརྟན་པོར་བསྐྲུན་ཏེ། དལ་འབབ་གཙང་ཆུ་ཤར་གྱི་ཕྱོགས་སུ་བཞུར་བལ་ཁག་ཐེག་ནན་མོ་བྱེད་དགོས། 2020ལོར་བསླེབ་དུས།ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ལེགས་བཅོས་ཐུབ་པ་བྱེད་དགོས།
ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཁག་གིས་ལྟ་ཞིབ་བྱས་ཏེ་ཕྱིར་ལན་གནང་བའི་གནད་དོན་ལ་དམིགས་ནས། དག་ཐེར་ཇུས་གཞིཡི་དག་ཐེར་ལས་འགན་ཞིབ་ཐོ་དང་འགན་འཁྲི་ལས་བགོས་གཏན་འབེབས་བྱས་པ་དང་། ཕྲ་ཞིབ་ཀྱི་སྒོ་ནས་གནད་དོན50ཙམ་དབྱེ་ཕྲལ་བྱས་ཤིང་། རེ་རེ་བཞིན་དུ་དག་ཐེར་དམིགས་འབེན་དང་དག་ཐེར་དུས་ཚད།འགན་འཁྲི་ལས་ཁུངས། འགན་འཁྲི་པ་དང་དག་ཐེར་བྱེད་ཐབས160ངེས་གཏན་གསལ་པོ་བྱས་ནས། གནད་དོན་རེ་ལ་ཇུས་གཞི་རེ་དང་འགན་འཁྲི་པ་རེ་ཡོད་པར་བྱས། འཕྲལ་སྤྱོད་འཕྲལ་སྒྱུར་གྱི་རིགས་སུ་གཏོགས་པ་ལ། འཕྲལ་མ་ཉིད་དུ་ཐག་གཅོད་བྱས་ཤིང་། དུས་བཅད་ནང་དག་ཐེར་བྱེད་དགོས་པའི་རིགས་ལ། དུས་ཚད་ལྟར་བར་མཚམས་དེའི་ནང་དུ་དག་ཐེར་ལེགས་བཅོས་དང་ལེགས་འགྲུབ་ཐུབ་པར་བྱས་ལ། དུས་རིམ་རང་བཞིན་གྱི་སྐུལ་འདེད་དང་དུས་ཡུན་རིང་པོར་དག་ཐེར་བྱེད་དགོས་པ་དག་ལ། 2020ལོའི་ལོ་མཇུག་གི་སྔོན་དུ། མངོན་གསལ་གྱི་གྲུབ་འབྲས་ཐོབ་པར་ཁག་ཐེག་ནན་མོ་བྱས།
དག་ཐེར་ཇུས་གཞིའདིས་གནད་དོན་དག་ཐེར་ལ་སྐུལ་འདེད་བྱེད་པའི་དུས་མཚུངས་སུ། གནད་དོན་འདྲེན་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕན་འབྲས་ལེན་པ་དམིགས་འབེན་དུ་བཟུང་ནས།གཅིག་ཤེས་ཀུན་གྲོལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡུན་ཕན་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་བཏང་ཞིང་། རིགས་ཆེན་པོ7དང་ཕྱོགས25ཡི་བྱེད་ཐབས་གཙོ་བོ་གཏན་འབེབས་བྱས་ཡོད། གཅིག་ནི་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་དགོས། གཉིས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱས་ནས།སྐྱེ་ཁམས་ཚོར་སྐྱེན་ས་ཁོངས་ཀྱི་ཁོར་ཡུག་གནད་དོན་ཤུགས་ཆེན་པོས་དག་ཐེར་བཅོས་སྐྱོང་བྱེད་དགོས། གསུམ་ནི་སྟོབས་ཤུགས་ཡོད་རྒུས་གནད་སའི་ས་ཁོངས་བཞུར་རྒྱུད་ཀྱི་སྦགས་བཙོག་འགོག་བཅོས་བྱ་བར་སྐུལ་འདེད་བཏང་ནས། མུ་མཐུད་དུ་ཆུ་དང་རླུང་ཁམས་ཆེན་པོ།ས་གཤིས་བཅས་ཀྱི་ཁོར་ཡུག་སྤུས་ཀ་ལེགས་བཅོས་བྱེད་དགོས། བཞི་ནི་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས། ལོ་རྒྱུས་ཀྱིས་ཤུལ་དུ་བསྐྱུར་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཅི་ཐུབ་བྱེད་དགོས། ལྔ་ནི་གནད་དོན་དག་ཐེར་རེ་རེ་བཞིན་ནན་ཏན་གྱིས་སྤེལ་ནས། དག་ཐེར་ཡོངས་རྫོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་ནན་མོ་བྱེད་དགོས། དྲུག་ནི་གནད་དོན་གྱི་རྒྱུ་རྐྱེན་བརྟག་ཞིབ་ནན་ཏན་བྱས་ཏེ།རྩད་གཅོད་ནན་མོ་མཐར་ཕྱིན་པ་བྱེད་དགོས། བདུན་ནི་ཡུན་ཕན་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བར་ཏན་ཏིག་གིས་སྐུལ་འདེད་བྱེད་དགོས།
དག་ཐེར་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་པའི་ཆེད་དུ། དག་ཐེར་ཇུས་གཞིརུ་ཕྱོགས4ཡི་ཐད་ནས་འགན་སྲུང་བྱེད་ཐབས་གསལ་པོ་བྱས་ཡོད་དེ། གཅིག་ནི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། གཉིས་ནི་འགན་འཁྲི་དངོས་འབེབས་ཤུགས་ཆེར་གཏོང་བ། གསུམ་ནི་སྐུལ་བཤེར་སྐུལ་སྒྲུབ་གཟབ་ནན་བྱེད་པ། བཞི་ནི་དག་ཐེར་དྲིལ་སྒྲོག་ཤུགས་ཆེར་གཏོང་དགོས་པ་བཅས་ཡིན།
གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ནན་ཏན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་ཡིན་པ་དང་། ཏན་ཏིག་གིསགནས་ལྔ་གཞི་གཅིགགི་སྤྱི་ཁོག་སྒྲིག་སྟངས་དང་། ཁྱོན་ཡོངས་བཞིཡི་འཐབ་ཇུས་སྒྲིག་སྟངས་ལ་སྐུལ་འདེད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་བཏོན་པའིཏན་ཏན་ཏིག་ཏིག་བཞིཡི་བླང་བྱ་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱ་རྒྱུ་ཡིན་པ་དང་། སྐྱེ་ཁམས་ཀྱི་གནས་ཆེན་པོ་ལྔཡི་བྱེད་ནུས་གནས་ཚད་ལ་དམ་པོར་དམིགས་ཏེ། ལྔ་བཞིའཐབ་ཇུས་ནན་ཏན་གྱིས་ལག་བསྟར་བྱེད་རྒྱུ་ཡིན་ལ། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་འཐབ་འཛིང་ལེགས་པོར་རྒྱག་དགོས་ཤིང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཕྱིར་ལན་བཏབ་པའི་གནད་དོན་ཅི་མཆིས་དག་ཐེར་བྱེད་རྒྱུ་དེ་གོ་སྐབས་སུ་བཟུང་ནས། ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱེད་ཕྱོགས་སྲིད་ཇུས་ཆེ་རིགས་དང་ཇུས་ཆོད་བཀོད་སྒྲིག་དེ་དག་མཚོ་སྔོན་ས་ཆ་ནས་རྩ་བ་ཚུགས་པར་ཁག་ཐེག་ནན་མོ་བྱེད་དགོས་པ་ཡིན་ལ། སྔར་ལས་ལྷག་པའི་འབྱོར་ཕྱུག་དང་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བའི་ཆེད་དུ་ནུས་པ་ཅི་ཡོད་ཀྱིས་བྱས་རྗེས་འཇོག་དགོས་སོ།
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།
མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།