ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

གཙང་གསུམ་འབྱུང་ཡུལ་གྱི་ཆུ་བོའི་མགོ་ཁུངས་དེ་ཀྲུང་གོའི་ཆུ་བཟང་པོར་བདམས་པ་རེད།

སྤེལ་དུས། 2018-06-27 09:01:45   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

ཉེ་སྔོན་ཚོགས་ཟིན་པའི“ཀྲུང་གོའི་ཆུ་བཟང་པོ་འཚོལ་བ”དང་སྐབས་གཉིས་པའི“ཀྲུང་གོའི་ཆུ་བཟང་པོ”ཡི་ཆུ་བོའི་མགོ་ཁུངས་ཁྱབ་སྒྲོག་ཚོགས་འདུའི་སྟེང་སྤྱི་བསྒྲགས་བྱས་པའི་སྐོར་ཐེངས་གཉིས་པའི“ཀྲུང་གོའི་ཆུ་བཟང་པོའི་ཆུ་བོའི་མགོ་ཁུངས”ཀྱི་མིང་བྱང་ཁྲོད། “མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་ཆུ་བོའི་མགོ་ཁུངས”ཚུད་ཡོད་པ་རེད།

སྒྲིག་སྲོལ་གསར་གཏོད་ནས་སྐྱེ་ཁམས་སྲུང་སྐྱོབ་དང་། སྲིད་གཞུང་གི་བྱ་སྤྱོད་ནས་མང་ཚོགས་ཟབ་ཞུགས་བྱས་པ་ནི་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ཤིག་ཡིན་པས།ཡང་བསྐྱར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བཟང་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་བརྟན་པོར་གཏོང་བ། མཛེས་པའི་ཀྲུང་གོའི་མིང་བྱང་ཡག་པོ་སྐྲུན་པ་བཅས་ལ“སྟོབས་ཤུགས”སྩོལ་ཐུབ་པར་ཐེ་ཚོམ་མེད།

ཉེ་སྔོན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་འབྲོག་པ་ཞིག་གིས་འབྲི་ཆུའི་མགོ་ཁུངས་ཀྱི་འབྲི་ཆུའི་ཉེ་འགྲམ་དུ་ཆུའི་སྐྱེ་ཁམས་མ་ལག་གི་ལྟེ་བའི་སྲོག་ཆགས་ཁྲོད་ཀྱི་ཨོ་ཡའི་ཆུ་སྲམ་འགུལ་སྐྱོད་བྱེད་པའི་གཟུགས་བརྙན་ཟིན་ཕབ་བྱས་འདུག རྒྱུས་ལོན་པ་ལྟར་ན། འདིས་ཆུ་རྒྱུན་གྱི་སྐྱེ་ཁམས་མ་ལག་སྐྱོན་བྲལ་དང་འཐུས་ཚང་རང་བཞིན་ཕྱིར་མཚོན་ཐུབ་པའི་སྐྱེ་དངོས་ཀྱི་རིགས་རྫ་ཆུའི་མགོ་ཁུངས་སུ་ད་དུང་མང་པོ་མངོན་བཞིན་ཡོད་པ་མཚོན་ཐུབ།

གཙང་གསུམ་འབྱུང་ཡུལ་གྱི་མགོ་ཁུངས་སུ་ཡང་བསྐྱར“མཚེའུ་སྟོང་གི་མཛེས་ལྗོངས”མངོན་པ་དང་། ས་ཁུལ་གྱི་དགེ་མཚན་ལ་བརྟེན་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཇེ་གསལ་དུ་བཏང་བ་དང་། རང་ཞིང་གིས་རང་འགུལ་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་བརྟན་པོར་གཏོང་བའི་འགན་འཁྲི་ཕྲག་ཏུ་བླངས་ཤིང་། སྲུང་སྐྱོབ་དང་འཕེལ་རྒྱས་ཁྲོད་མུ་མཐུད་དུ་འགལ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ཆོས་ཉིད་བཙལ་ཏེ། “སྔོ་ལྗང་གི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་ཆགས་སུ་བཅུག་ཅིང་། “གཙང་ཆབ་སྔོན་མོ་ལྷུང་ལྷུང་ཤར་དུ་འབབ”པར་ཁག་ཐེག་བྱ་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ་ལས་འགན་དང་འགན་འཁྲིར་བརྩིས་ཡོད།

མ་དངུལ་འབོར་ཆེན་གཏོང་བ་དང་། ཤུགས་ཆེན་པོས་བཅོས་སྐྱོང་བྱེད་པ། འཛུགས་སྐྲུན་དང་སྲུང་སྐྱོབ། སྐྱེ་ཁམས་ཉམས་ཉེན་སྣ་ཚོགས་ལ་འཕྲད་པ་ནས་ཉམས་ཉེན་ལས་ཐར་བ་དང་། འཛམ་གླིང་གི་མིག་དབང་ཡོངས་རྫོགས་གཙང་གསུམ་མགོ་ཁུངས་སུ་གཏད་པའི་སྐབས་འདིར། རང་ཞིང་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་མོ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་འགྱུར་བའི་བགྲོད་ལམ་སྟེང་གྲངས་འབོར་ནས་སྤུས་ཀའི་ཕྱོགས་ཀྱི་འཕོ་འགྱུར་ཞིག་བྱུང་།

གཞི་གྲངས་གསར་པ་ཞིག་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར་རང་ཞིང་གི་ས་ངོས་ཆུའི་ཆུ་སྤུས་ཤིན་ཏུ་བཟང་སྟེ། (རིགས་གསུམ་པའི་ཚད་དུ་སླེབས་པའམ་ཡང་ན་དེ་ལས་བཟང་བ)བསྡུར་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་ལྔ་ལ་སླེབས་པ་དང་།དེ་རྒྱལ་ཁབ་ཀྱི་གཏན་ཁེལ་དཔྱད་ཞིབ་དམིགས་ཚད་ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་ལྔ་མཐོ་བ་རེད། འབྲི་ཆུ་དང་རྨ་ཆུའི་ཆུ་ལག རྫ་ཆུ་བཅས་ཞིང་ཆེན་ལས་བརྒལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཀ་མུ་མཐུད་དུ་བརྟན་བརླིང་ངང་རིགས་གཉིས་པའི་ཡན་དུ་སླེབས།

ཉིས་སྟོང་ལྔ་ལོར། བསྡོམས་པས་མ་དངུལ་དུང་ཕྱུར་དོན་ལྔ་བཏང་བའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་དུས་རིམ་དང་པོའི་བཟོ་འགོད་མགོ་བརྩམས་ཟིན་པ་དང་། དེ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་བཞག ཉིས་སྟོང་བཅུ་བཞི་ལོར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། མིག་སྔའི་བར་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གོ་བདུན་དང་གྲངས་ཆུང་བཅུ་གཅིག་བཏང་བ་རེད།

གཙང་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་བཟོ་འགོད་ལག་བསྟར་བྱས་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་གྱི་ལོ་རེར་ཆ་སྙོམས་ཀྱིས་རྒྱལ་ཁོངས་གཞན་ལ་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ལྔ་བརྒྱ་དང་ཉེར་ང་གྲངས་ཆུང་བརྒྱད་ལྷག་སླེབས་པ་དང་། ལོ་རེའི་ཆ་སྙོམས་དེ་ཉིས་སྟོང་ལྔ་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར་གྱི་ལོ་རེའི་ཆ་སྙོམས་ཀྱི་རྒྱལ་ཁོངས་གཞན་ལ་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ང་དགུ་གྲངས་ཆུང་དྲུག་ལྷག་གིས་ཇེ་མང་ལ་སོང་ཡོད་པ་དང། ཆུ་ངོས་ཀྱི་རྒྱ་ཁྱོན་བརྒྱ་ཆའི་བཞི་དང་གྲངས་ཆུང་དགུ་ནས་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་ལ་འཕར་ཡོད།

“རྨ་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ”ཡི་མཚན་སྙན་ལྡན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནི། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བར་གནས། ཐེངས་འདིར་གཙང་གསུམ་འབྱུང་ཡུལ་གྱི་ཆུ་བོའི་མགོ་ཁུངས“ཀྲུང་གོའི་ཆུ་བཟང་པོ”ཡི་ནང་དུ་ཚུད་པར། ཆུ་དམར་ལེབ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཏུང་ཅིན་ལིན་གྱིས་བཤད་རྒྱུར། ཆུ་བོའི་མགོ་ཁུངས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིགསྟོང་བཞི་དང་ལྔ་བརྒྱ་ཡན་ཡིན་ཞིང་།སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པའི་དོན་དངོས་གནས་ཚུལ་གཞིར་བཟུང་ནས། སྐྱེ་ཁམས་གནས་སྤོ་ལག་བསྟར་དང་། སྡོད་དམངས་གཏན་སྡོད་སོགས་སྲིད་ཇུས་ལག་བསྟར་བྱས་པར་མ་ཟད། མཐོ་སྒང་གི་ཐུན་མིན་གྱི་རྩྭ་སའི་ཐོན་ཁུངས་ལྟར། སྐྱེ་ལྡན་དང་། སྦགས་བཙོག་ཐེབས་མེད་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཏང་བ་རེད།

གཙང་གསུམ་འབྱུང་ཡུལ་ནི་ཀྲུང་གོ་དང་ཐ་ན་ཡ་གླིང་གི་ཆུའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། མཚོ་སྔོན་གྱིས་ལོ་རེར་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་སྐྱེལ་གྱིན་ཡོད་ལ། དེའི་ནང་གཙང་གསུམ་གྱི་ཆུས་རང་རྒྱལ་ས་ཁུལ་གྱི་བརྒྱ་ཆའི་རེ་དྲུག་ཁེབས་ཡོད་ཅིང་། མི་གྲངས་དུང་ཕྱུར་དྲུག་ལྷག་གསོ་སྐྱོང་བྱེད་བཞིན་ཡོད།

ཉིས་སྟོང་བཅོ་ལྔ་ལོར། རང་ཞིང་ནི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་ནང་བདམས་པ་དང་། ཉིས་སྟོང་བཅུ་དྲུག་ལོར། རང་ཞིང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྒྲིག་སྲོལ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། ཉིས་སྟོང་བཅུ་བདུན་ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་མ་རྩ་དོ་དམ་སྒྲིག་སྲོལ་ཚོད་ལྟའི་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས།
ད་ལོའི་ལོ་མགོར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྤྱིའི་འཆར་འགོད》དངོས་སུ་དཔར་འགྲེམ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་བར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་དགོས་པ་གཏན་ཁེལ་གསལ་བོ་བྱས་པ་དང་། རི་ཆུ་ནགས་གསུམ་དང་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ནན་མོ་ཐོབ་དགོས་པ་གཏན་ཁེལ་གསལ་པོ་བྱས།

ཞིང་ཆེན་དང་། ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་ཕྱོགས་བསྡུས་དོ་དམ་དངོས་གཟུགས་བཙུགས་ཏེ། སྐྱེ་ཁམས་ཀྱི་གྲུབ་ཆ་ཡོངས་རྫོགས་སྲུང་སྐྱོབ་དང་གཞི་གཅིག་ཅན་གྱི་དོ་དམ་མངོན་འགྱུར་བྱུང་། ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ར་བཙུགས་ཏེ། ཕན་འབྲས་ལྡན་པའི་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་བྱས།

དུས་མཚུངས་སུ། རི་ཆུ་ནགས་གསུམ་དང་རྩྭ་ཐང་མཚེའུ་བཅས་ནི་ཚེ་སྲོག་གཅིག་གྱུར་ཡིན་པའི་འདུ་ཤེས་ལ་བརྩི་སྲུང་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་རང་བྱུང་སྲུང་སྐྱོབ་ཁུལ་དང་། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན། འཐུང་ཆུ་གཙོ་བོའི་མགོ་ཁུངས་ཀྱི་སྲུང་སྐྱོབ་ཁུལ། ཆུ་ཐོན་འདེབས་འཛུགས་སྤུས་ཀའི་ཐོན་ཁུངས་སྲུང་སྐྱོབ་ཁུལ་སོགས་སྲུང་སྐྱོབ་ཁུལ་སོ་སོར་བྱེད་ནུས་བསྐྱར་སྒྲིག་དང་། ཚན་པ་ལེགས་སྒྲིག་བྱས་ཏེ་གཅིག་སྡུད་དང་གཅིག་གྱུར་དོ་དམ་བྱས།  

རྩོམ་སྒྲིག་པ། སྐར་མ་འཚོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།