ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

ཝང་ཅན་ཅུན་གྱིས་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་བརྟག་ཞིབ་བྱས།

སྤེལ་དུས། 2018-07-02 09:45:22   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 
ཀྲུང་དབྱང་གི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཚོད་ལྟའི་ལས་འགན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས།
ཟླ6པའི་ཚེས11ཉིན་ནས་ཚེས12ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲེང་ཀྲང་ཝང་ཅན་ཅུན་མདོ་ལ་རིང་མོའི་དཀྱིལ་དབུས་སུ་སོང་སྟེ། ཡུལ་དངོས་ནས་མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཚོད་ལྟའི་ལས་གཞི་ལ་བརྟག་དཔྱད་བྱས་པར་མ་ཟད་སྐུལ་འདེད་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕེན་གྱི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ནི་ཚེ་སྲོག་ཐུན་མོང་གི་གཞི་གྲུབ་ཡིན་པའི་བསམ་བློ་རབ་དང་རིམ་པ་ཁོང་དུ་ཆུད་པར་བྱེད་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་དང་འཕེལ་རྒྱས་འདུ་ཤེས། ཁོར་སྲུང་བསམ་གཞིག ཚོང་རའི་ནང་རྐྱེན། གཅིག་གྱུར་འཆར་འགོད་བྱེད་ཐབས། སྤུས་ཀའི་ཚད་གཞི་བཅས་འབུར་དུ་ཐོན་པར་བྱས་ཏེ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ཏང་ཀྲུང་དབྱང་གིས་སྤྲད་པའི་ཚོད་ལྟའི་ལས་འགན་ལེགས་འགྲུབ་བྱེད་དགོས།
བརྟག་ཞིབ་ཁྲོད་ཝང་ཅན་ཅུན་སྔ་གཞུག་ཏུ་བརྒྱད་གཅིག་འཁྱགས་ཀློང་དང་འབྲོང་ལུང་བྱེ་ལུང་ཐང་། བཙུན་མོ་སྒང་། མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་དུང་སོ་རྟེན་གཞི། པ་པོ་ཆུ་བོ་ཆུང་བ། ཆི་ལེན་གནམ་གྲུ་ཐང་སོགས་ས་གནས་སུ་སོང་སྟེ། ཡུལ་དངོས་ནས་འཁྱགས་ཀློང་སྲུང་སྐྱོབ་དང་ས་ནག་ཐང་བཅོས་སྐྱོང་། སྐྱེ་ཁམས་བདག་སྐྱོང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས། ཚེས12ཉིན། ཆི་ལེན་རྫོང་དུ་བསྡུས་པའི་མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཚོད་ལྟའི་ལས་གཞིར་སྐུལ་འདེད་བྱེད་པའི་ཚོགས་འདུ་སྟེང་། ཁོས་བསྟན་དོན། མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཚོད་ལྟ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་ཞིང་ཆེན་ཆེན་པོ་དང་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡང་ཡིན་པས། ངེས་པར་ཆབ་སྲིད་གླེང་བའི་མཐོ་ཚད་དུ་འགྲེངས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཅི་ཞིག་ལ་དོ་ཁུར་གནང་བ་དང་། འབངས་མི་སེར་གྱིས་ཅི་ཞིག་ལ་རེ་ལྟོས་བྱེད་པ་གཞིར་བཟུང་ནས། ང་ཚོས་དེ་ཉིད་གཙིགས་སུ་བཟུང་སྟེ་ལེགས་པར་སྒྲུབ་པ་དང་ཕན་འབྲས་ཞིག་དང་མ་དཔེ་ཞིག ཚད་གཞི་ཞིག་ཨེ་ཐོན་ལ་འབད་པ་བྱེད་དགོས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ང་ཚོས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་ཆད་མེད་པར་ལག་བསྟར་བྱེད་པའི་གོ་རིམ་ནི་ཞིང་ཆེན་གྱི་གནས་ཚུལ་རྒྱུན་ཆད་མེད་པར་ངོས་འཛིན་གཏིང་ཟབ་བྱེད་པའི་གོ་རིམ་ཡང་ཡིན། མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཚོད་ལྟ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བྱེད་པའི་ལག་ལེན་ཆེན་པོར་བརྩིས་ཏེ། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ་དང་། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པའི་རྩོད་སྒྲུབ་འབྲེལ་བར་རྒྱུས་ལོན་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པ་དང་། ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་བཀག་དངོས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་བྱེ་བྲག་གི་བླང་བྱ་ལག་བསྟར་བཟང་པོ་དང་དངོས་འབེབས་བཟང་པོ་བྱེད་པ་བཅས་ཀྱིས། ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་དམིགས་པ། སྒྲུབ་སྟངས་ཡོད་པ་བཅས་བྱེད་དགོས། ཧུར་ཐག་གིས་སྐུལ་འདེད་དང་སྤུས་ཀར་ཁག་ཐེག་བྱེད་པའི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཏེ། ཆུའི་ཐོན་ཁུངས་སྐྱིལ་གསོག་བྱེད་གནས་དང་རང་བྱུང་སྐྱེ་ཁམས་ཀྱི་བཀག་དངོས་ལ་དམིགས་དགོས་པ་སྟེ། ཁ་ཕྱོགས་གསལ་པོ་དང་འབྱུང་ཁུངས་ཡང་དག་པར་འཚོལ་དགོས་ལ། རྒྱུན་ཆད་མེད་པར་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་ཏེ། གསར་སྐྲུན་འཚོལ་ཞིབ་དང་ཉམས་མྱོང་སྤྱི་སྡོམ་ཡང་བྱེད་དགོས། སྐུལ་འདེད་བྱེད་པ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པའི་འདུ་ཤེས་དགོས་ལ། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཚད་གཞི་འདུ་ཤེས་ཡོད་པའི་སྒོ་ནས། དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཡོངས་སྐུལ་འདེད་དང་སྤྱི་ཡོངས་མཐོར་འདེགས་ཀྱང་བྱེད་དགོས། གཙོ་གནད་འབུར་དུ་ཐོན་པ་དང་ཕལ་བ་ཞོར་དུ་འཛིན་པའི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་སྟེ། ཚོད་ལྟ་ལས་གཞིའི་ལས་འགན་གཙོ་བོ་ཞིབ་བསྡུར་ཡང་བསྡུར་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་སྲུང་སྐྱོབ་བྱེད་པའི་ནང་རྐྱེན་གསར་པ་འཛུགས་པ་དང་། དེའི་ཕྱོགས་ནས་འགག་སྒྲོལ་འཐབ་འཛིང་ཆེན་མོ་གསུམ་དང་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སོགས་གཙོ་གནད་བྱ་བ་དང་ཟུང་འབྲེལ་ལེགས་པོ་བྱེད་པ་གཙིགས་སུ་བཟུང་སྟེ། གཅིག་གྱུར་གྱི་བསམ་གཞིག་གཏོང་སྟངས་དང་ཞོར་འཛིན་གྱི་འདུ་ཤེས་བཅངས་ནས་བསྐྱར་དུ་འཛུགས་སྐྲུན་བྱེད་པར་བྱོལ་དགོས། མི་གཞི་རྩ་ཡིན་པ་དང་རང་བྱུང་ལ་བརྩི་འཇོག་བྱེད་པའི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་སྟེ། ཚོད་ལྟའི་གཙོ་གནད་ནི་རང་བྱུང་ལ་ལྷིང་འཇགས་དང་འཆམ་མཐུན་མཛེས་སྡུག་བསྐྲུན་པ་དང་། ཆུ་བོ་དྭངས་ཤིང་རི་བོ་སྔོ་བ་གསེར་རི་དངུལ་རི་ཡིན་པལག་ཏུ་བསྟར་བའི་འདུ་ཤེས་ལ་བརྟེན་ནས། ཡོད་ཚད་མི་ལ་བརྟེན་པ་དང་སྐྱེ་ཁམས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་གནད་དོན་ཐག་གཅོད་པ་དང་། ཁོར་སྲུང་གི་བསམ་གཞིག་སྤྱད་དེ་ཁོར་སྲུང་གནད་དོན་ཐག་གཅོད་དགོས་པ་སྟེ། ད་ལྟ་ནས་མ་འོངས་པར་བལྟ་བའི་དྲང་ཕྱོགས་ཀྱི་བསམ་གཞིག་གཏོང་དགོས་ལ། མ་འོངས་པ་ནས་ད་ལྟར་བལྟ་བའི་ལྡོག་ཕྱོགས་ཀྱི་བསམ་གཞིག་ཀྱང་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཡོང་བའི་དེང་རབས་ཅན་གྱི་གནས་སྟངས་གསར་པ་ཞིག་ཆགས་པར་སྐུལ་འདེད་བྱེད་དགོས། འགན་འཁྲི་གཙོ་བོ་དང་ནུས་ལྡན་རམ་འདེགས་བྱེད་པའི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་སྟེ། ཚོད་ལྟའི་བྱ་བར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐུན་སྦྱོར་མཛུབ་སྟོན་བྱེད་པའི་འགན་འཁྲི་འཁུར་དགོས་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ལས་སྒོའི་ཞབས་ཞུའི་འགན་འཁྲི་འཁུར་དགོས་ཤིང་། གྲོང་ཁྱེར་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་འཁུར་བ་དང་། རྫོང་གནས་སའི་ཏང་ཨུ་དང་སྲིད་གཞུང་གིས་བྱེ་བྲག་གི་ལག་བསྟར་འགན་འཁྲི་འཁུར་བ་དང་། ཨར་ལས་ཁེ་ལས་ཀྱིས་སྤུས་ཀ་བདེ་འཇགས་ཡོང་བའི་འགན་འཁྲི་འཁུར་དགོས། མགོ་ཁྲིད་ཀྱི་སྟོབས་ཤུགས་ལ་ཤུགས་བསྣན་ཏེ། དངོས་གནས་འགན་འཁུར་དགོས་ལ། རྒྱུན་དུ་གྲོས་མོལ་དང་བཀོད་གཏོང་། དཔྱད་འཇོག ཞིབ་བཤེར་བཅས་བྱས་ཏེ། ཨར་ལས་དོ་དམ་ཞིབ་ཚགས་ཡོང་བ་བྱེད་དགོས། ལས་གཞི་ལག་བསྟར་དང་མ་དངུལ་བདེ་འཇགས་ཡོང་བའི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་སྟེ། རྒྱལ་ཁབ་ཀྱིས་ཆོག་མཆན་གནང་བའི་ལག་བསྟར་ལས་གཞི་ལྟར། ཆེད་དངུལ་ཆེད་སྤྱོད་རྒྱུན་འཁྱོངས་དང་ལས་གཞིར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་གྱི་ཉེན་ཁ་འགོག་ཟོན་བྱེད་པ་བཅས་ཀྱིས། དུས་ཚོད་ཀྱི་རིམ་པ་ལྟར་ཚོད་ལྟའི་བྱ་བ་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས། 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།