ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་པ།

སྤེལ་དུས། 2018-07-08 15:17:12   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གསར་གཏོད་བྱེད་པར་ཤུགས་ཆེན་པོ་འདོན་དགོས།

ཟླ6པའི་ཚེས5ཉིན་གྱི་ཕྱི་དྲོར།ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲེང་ཀྲང་ཝང་ཅན་ཅུན་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད།ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་གྱིས་བྱ་བ་བསྒྲུབ་པ་བཅས་ཀྱིས།མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་གཡོལ་ཐབས་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ་དང་།ཞིང་ཆེན་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ནས།སྦགས་བཙོག་འགོག་བཅོས་བྱེད་པའི་འཐབ་འཛིང་མཐའ་གཅིག་ཏུ་ལེགས་པར་བརྒྱབ་སྟེ།དུས་རབས་གསར་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྣམ་པ་གསར་པ་གསར་གཏོད་བྱེད་པར་ཤུགས་ཆེན་པོ་འདོན་དགོས་པ་ནན་གྱིས་བསྟན།

ཝང་ཅན་ཅུན་གྱིས་གཏམ་བཤད་ནང་བསྟན་དོན།འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོར་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་བསྡུས་པ་འདི་ལ་དམིགས་བསལ་གྱི་དོན་སྙིང་ལྡན་པར་མ་ཟད།འདིས་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚད་མཐོ་བའི་ཆབ་སྲིད་རང་རྟོགས་སློབ་སྦྱོང་གཏིང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་།བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་དགོངས་པའི་རང་རྟོགས་དང“མཛེས་པའི་ཀྲུང་གོ་སྐྲུན་པར་ང་རང་འགུལ་སྐྱོད་མཁན་ཡིན”ཞེས་པ་ལག་བསྟར་བྱེད་པའི་ཁོར་སྲུང་ཉིན་མོའི་བརྗོད་གཞིའི་འགུལ་སྐྱོད་རང་རྟོགས་དོན་འཁྱོལ་བྱས་པ་མཚོན་ཡོད།ཐེངས་འདིའི་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་གཏོང་བའི་སྤྱི་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ནས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་བཤད་ཟབ་མོ་བྱས་ཡོད་ལ།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བླངས་པའི་ལོ་རྒྱུས་རང་བཞིན་དང་ཕྱོགས་འགྱུར་རང་བཞིན།སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་དེ་མ་ལག་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཡོད་པ་དང་།རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་འཕྲད་པའི་རྣམ་པ་གསར་པར་དབྱེ་ཞིབ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་སྐབས་ངེས་པར་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གསལ་བོར་བསྟན་ཡོད།སྦགས་བཙོག་འགོག་བཅོས་བྱེད་པའི་འཐབ་འཛིང་ལེགས་པོར་བརྒྱག་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་འགྲུབ་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱས་ཏེ།སློབ་སྦྱོང་དང་བསམ་གཞིག་དང་བཀོལ་སྤྱོད་བཅས་བསྟར་ལ་བརྒྱུས་བ་དང་།ཤེས་པ་དང་ཡིས་ཆེས་དང་འགུལ་སྐྱོད་བཅས་གཅིག་ཏུ་སྒྲིལ་ནས།དངོས་གནས་སློབ་སྦྱོང་གི་གྲུབ་འབྲས་དེ་བསམ་བློའི་གོ་རྟོགས་དང་བྱ་བའི་ནུས་པ་མཐོར་འདེགས་སུ་གཏོང་བའི་སྟེང་མཚོན་པར་བྱེད་པ་དང་།བདེན་པ་བདེན་དྲང་གི་བྱ་བའི་གྲུབ་འབྲས་ཀྱིས་སློབ་སྦྱོང་དང་ལག་ལེན་བྱེད་པའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།མི་དང་རང་བྱུང་མཆམ་མཐུན་མཉམ་གནས་ཡོང་བའི་ཚན་རིག་གི་རང་བྱུང་ལྟ་བ་ཡིད་ལ་དམ་པོར་བཟུང་ནས།“གཙང་གསུམ་འབྱུང་ཡུལ”ལ་ལྟ་སྐྱོང་བཟང་པོ་དང་།“ཀྲུང་ཧྭའི་ཆུ་ལྕོགས”སྲུང་སྐྱོབ་བཟང་པོ་བྱེད་པ་དང་།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་སྲ་བརྟན་དུ་གཏོང་དགོས།རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་ཡིད་ལ་དམ་པོར་བཟུང་ནས།དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་།སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་འགྱུར་བ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས།སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་ཡིན་པའི་དགོངས་དོན་ཡིད་ལ་དམ་པོར་བཟུང་ནས།རིགས་སོ་སོའི་མང་ཚོགས་རྣམས་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ནས་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་སྔར་ལས་མང་པོ་ཐོབ་ཏུ་འཇུག་དགོས།རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་སོགས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་ཡོད་པ་ཡིད་ལ་དམ་པོར་བཟུང་ནས།ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་སོགས་ཉམས་གསོ་བྱེད་པའི་ཉམས་མྱོང་འདོན་སྤྲོད་བྱེད་དགོས།ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ཁྲིམས་སྐྱོང་རིག་ལམ་ཡིད་ལ་དམ་པོར་བཟུང་ནས།སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་འབྱུང་བར་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པའི་མཉམ་རྒྱལ་འདུ་ཤེས་ཡིད་ལ་དམ་པོར་བཟུང་ནས།མཛེས་པའི་ཀྲུང་གོ་དང་མཛེས་པའི་འཛམ་གླིང་སྐྲུན་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་དམིགས་བསལ་བླང་བྱ་ཡིད་ལ་དམ་པོར་བཟུང་ནས།སྐྱེ་ཁམས་དཔལ་ཡོན་དེ་ཞིང་ཆེན་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་དང་མཚོན་རྟགས་གསལ་པོ་ཡིན་པར་བྱེད་དགོས་ལ།སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་བསྟུད་མར་གྲུབ་འབྲས་གསར་པ་ལོན་པ་དང་རྣམ་པ་གསར་གཏོད་བྱེད་པ།འཕེལ་རྒྱས་གསར་པ་མངོན་འགྱུར་འབྱུང་བ་བཅས་ལ་སྐུལ་འདེད་གཏོང་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནམ་ཡང་རྒྱུན་འཁྱོངས་དང་།ནང་སྒོས་སུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་དུ་བཟུང་ནས།“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་དང་།“ལྔ་བཞི་འཐབ་ཇུས”ལག་ལེན་གཏིང་ཟབ་བྱེད་པ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི“གནད་འགག་དུས་སྐབས”དང“འགག་སྒྲོལ་དུས་སྐབས”“སྒེའུ་ཁུང་དུས་སྐབས”ཀྱི་གོ་སྐབས་གལ་ཆེན་དམ་པོར་བཟུང་ནས།སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་གནད་དོན་འབུར་ཐོན་ཤུགས་ཆེན་པོས་ཐག་གཅོད་བྱེད་པ་དང་།མགོ་ཁུངས་ནས་ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱེད་པ།སྐྱེ་ཁམས་བདེ་འཇགས་བཀག་དངོས་འཛུགས་པ།ཁོར་ཡུག་བཅོས་སྐྱོང་ནུས་པ་ཇེ་མཐོར་གཏོང་བ་བཅས་བྱས་ཏེ།མཛེས་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས་པ་སྟེ།གཅིག་ནས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མ་ལག་འཛུགས་དགོས།གཉིས་ནས་སྦགས་བཙོག་འགོག་བཅོས་བྱེད་པའི་ཐད་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།གསུམ་ནས་ལྗང་མདོག་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།བཞི་ནས་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད་ལག་བསྟར་བཟང་བོ་བྱེད་དགོས།ལྔ་ནས་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་བྱ་བར་མྱུར་དུ་སྐུལ་འདེད་གཏོང་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྟོབས་ལྡན་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་དགོས། ཀྲུང་དབྱང་གི་གཅིག་གྱུར་བླང་བྱ་ལྟར།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞི་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲིམས་བསྟར་ལ་ཐད་ཀར་དོ་དམ་བྱེད་པ་སོགས་ཀྱི་བཅོས་བསྒྱུར་སྣ་ཚོགས་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་།སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་སྐྱོང་འགན་འཁྲི་དང་དམག་དཔུང་ཧྲག་སྡེབ་བྱས་ནས།ཕྱོགས་བསྡུས་ཁྲིམས་བསྟར་དམག་དཔུང་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་རྒྱུན་སྲུང་བྱེད་པ་དང་།ཚན་རྩལ་འཕེལ་རྒྱས་དང་ཁྲིམས་ལྟར་དོ་དམ།ཁྲིམས་བསྟར་ནན་མོ་བཅས་ཟུང་འབྲེལ་བྱས་ཏེ།ཚད་ལྡན་ཅན་དང་ཚད་གཞི་ཅན།ཆེད་ལས་ཅན་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟོབས་ལྡན་དམག་དཔུང་ཞིག་སྐྱེད་སྲིང་བྱེད་པར་འབད་དགོས།

ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་བྱེ་བྲག་གི་བླང་བྱ་བཏོན།ཐེན་ཅིང་ཁྲེང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་དང་རང་ཞིང་གི་ལག་བསྟར་བསམ་འཆར་བརྒྱུད་སྒྲོག་བྱས།

ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་ཐིང་དང་ཞིང་ཆེན་ནགས་ལས་ཐིང་།ཟི་ལིང་གྲོང་ཁྱེར།མཚོ་ནུབ་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱིས་བསམ་བློ་བརྗེ་རེས་བྱས། །

ལོ་ཙཱ་བ། རྟ་མགྲིན་སྐྱབས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།