ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

ཆུའི་སྐྱེ་ཁམས་བཀག་དངོས་སྲ་བརྟན་དུ་བཏང་བ།

སྤེལ་དུས། 2018-07-09 16:15:18   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

2016ལོར་ཞིང་ཆེན་རིམ་པའི་ཆུའི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་གྱི་གྲས་སུ་བཞག་རྗེས། ཡུས་ཧྲུའུ་ཁུལ་གྱིས“ལྟེ་བ་གཅིག་དང་ལམ་ཐིག་གཉིས་འབྱུང་ཁུངས་གསུམ་དང་གནས་ཡུལ་དྲུག་ལ་བརྟེན་ནས།ཀྲུང་ཧྭའི་ཆུ་ལྕོགས་བསྐྲུན་པ་དང་མཛེས་པའི་མཐོ་སྒང་མཁར་གྲོང་དྲུག་གི་ཆུའི་མ་ལག་བསྐྲུན”པ་རེད།བཞུར་རྒྱུན་ཡོངས་ཀྱི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ལ་དམིགས་པ་དང་།“རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ལས་དབང་གཅིག་པའི་ལྷན་གཞིར་དམིགས་ཏེ། ཀྲུང་ཧྭའི་ཆུ་ལྕོགས་ལ་སྲུང་སྐྱོབ་དང་། ཆུ་བདག་ལ་ཆུ་སྲུང་བའི་འགན་འཁྲི་ཡོད་པ། མཚེའུ་ཐམས་ཅད་ལ་ཁེབས་པའི་འགན་འཁྲིའི་དྲ་བ་རེ་རེ་ཁྱོན་ཡོངས་ལ་འཐེན།”

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་། ཐོན་སྐྱེད་ཀྱི་རྒྱུ་ཆ། སྐྱེ་ཁམས་ཀྱི་རྨང་གཞི་ཡིན་ལ། ཆུའི་ཐོན་ཁུངས་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐོན་ཁུངས་རྨང་གཞི་དང་། ཆུའི་སྐྱེ་ཁམས་དཔལ་ཡོན་ནི་སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་རྨང་གཞིའི་འགན་སྲུང་ཡིན། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་བརྟན་པོར་བཟོ་བའི་འགན་འཁྲི་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ནང་གནས་བླང་བྱ་དང་། རང་ཉིད་བསྟུད་མར་འཕེལ་འཐུས་པ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། དེའི་སྟབས་ཀྱིས། ཆུའི་སྐྱེ་ཁམས་བཀག་དངོས་སྲ་བརྟན་དུ་གཏོང་རྒྱུ་ནི“ཀྲུང་ཧྭའི་ཆུ་ལྕོགས”སྔར་ལས་བརྟན་པོ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ཡིན་ལ།གཙང་ཆུ་དྭངས་མོ་ཤར་དུ་བཞུར་བར་འགན་སྲུང་བྱ་རྒྱུ་ནི་ཡུས་ཧྲུའུ་ཡི་གཡོལ་ཐབས་མེད་པའི་ལས་འགན་དང་འགན་འཁྲི་ཡིན།

“ཆུའི”ལས་དོན་ཆེན་པོར་གཏོང་བ་དང་ཇེ་དྲག་ཏུ་གཏོང་དགོས་ན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་འཇོག་དགོས་ལ། ཆུའི་ཐོན་ཁུངས་དོ་དམ་གྱི་ལམ་ལུགས་ནན་མོ་ལག་བསྟར་བྱས་ཏེ། ཆུའི་ཐོན་ཁུངས་དོ་དམ་གྱི་བྱ་བ་བདེ་བླག་ངང་སྤེལ་བར་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ཆུའི་ཐོན་ཁུངས་གསར་སྤེལ་དང་བཀོལ་སྤྱོད།ཚོད་འཛིན། ཆུ་བཀོལ་བའི་ཕན་འབྲས་དང་ཆུའི་བྱེད་ནུས་ཁུལ་དུ་བཙོག་སྡུད་ཚོད་འཛིན་བྱེད་པ་བཅས་ཀྱི་དམར་ཐིག་དམིགས་ཚད་མ་ལག་གསུམ་ཞིབ་འཇུག་དང་གཏན་འཁེལ་བྱེད་དགོས། དྲ་རྒྱ་ཅན་གྱི་ལྟ་སྐུལ་མ་ལག་འཛུགས་པ་དང་། ཆུའི་ཁོར་ཡུག་སྤུས་ཀ་ལེགས་སྒྱུར་གྱི་ལོ་འཁོར་མོའི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་སོགས་ལག་བསྟར་བྱེད་པའི་ཐད་ནས་ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པར་གཏན་འཁེལ་གསལ་བོ་བྱེད་དགོས།

ཆུའི་སྐྱེ་ཁམས་བཀག་དངོས་སྲ་བརྟན་དུ་གཏོང་བ་དང་། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ་ནི་མ་ལག་ལྡན་པའི་བཟོ་སྐྲུན་ཆེན་པོ་ཞིག་ཡིན་ལ། “འགག་སྒྲོལ་འཐབ་འཛིང”ཞིག་དང“ཡུན་རིང་འཐབ་འཛིང”ཞིག་ཀྱང་ཡིན། གནད་འགག་ནི་འགུལ་སྐྱོད་བྱེད་མིན་ལ་རག་ལས་པས། ངེས་པར་མགོ་ཁྲིད་ལ་ཤུགས་སྣོན་དང་། གཅིག་གྱུར་མཐུན་སྦྱོར། བཅོས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས། ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཁྲིམས་ལྟར་སྲུང་སྐྱོབ་དང་བཅོས་བསྒྱུར་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་ཆུའི་སྐྱེ་ཁམས་ཁྱབ་ཁོངས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། དཔྱད་དཔག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཧུར་ཐག་གིས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་བཅས་ཀྱིས། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་དང་ཆ་ཤས། སྲུང་སྐྱོབ་དང་འཕེལ་རྒྱས། སྲུང་སྐྱོབ་དང་དམངས་འཚོ། མིག་སྔར་དང་ཡུན་རིང་གི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ཏེ། བྱ་བ་སོ་སོ་དོན་འཁྱོལ་གནད་ཁེལ་ཡོང་བར་ཁག་ཐེག་བྱེད་དགོས།

ཆུའི་སྐྱེ་ཁམས་བཀག་དངོས་སྲ་བརྟན་དུ་གཏོང་བ་དང་། “གཙང་ཆུ་དྭངས་མོ་ཤར་དུ་བཞུར་བར”ཁག་ཐེག་བྱ་རྒྱུ་ནི་ཡུས་ཧྲུའུ་ཡིས་རྒྱལ་ཁབ་དང་རྒྱལ་ཡོངས་མི་དམངས་ལ་ཕུལ་བའི་བྱས་རྗེས་ཆེས་ཆེན་པོ་དང་དྲིན་ལན་འཇལ་བ་ཡིན། མི་འགྱང་བར། ཡུས་ཧྲུའུ་ནི་མི་དང་རང་བྱུང་ཁམས་མཉམ་གནས་དང་། ཕན་ཚུན་སྐུལ་འདེད། མཉམ་གནས་མཉམ་འདུས་ཡིན་པ་བཅས་ཀྱི་ལྗང་མདོག་གི་ཡུས་ཧྲུའུ་རུ་འགྱུར་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་ཐུན་མིན་བྱས་རྗེས་སྔར་ལས་གསལ་པོ་མངོན་པར་ཡིད་ཆེས་བྱེད་ཆོག

 རྩོམ་སྒྲིག་པ། སྐར་མ་འཚོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།