ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྐྱེ་ཁམས་ཕྱུགས་ལས།

མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁ་གསབ་བྱ་དགའི་ལམ་ལུགས་ལ་ཤུགས་སྣོན་བྱས་པ།

སྤེལ་དུས། 2013-11-11 15:26:33   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

རྩྭ་ས་ཉམས་ཞན་དུ་འགྲོ་བར་བཀག་འགོག་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་དེས་རྩྭ་སའི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་མངོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་གཅིག་ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒྱད་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁ་གསབ་བྱ་དགའི་ལམ་ལུགས་འཛུགས་རྒྱུ་ཐག་བཅད་པ་དང་། དེའི་ནང་དོན་གཙོ་བོ་ནི་ཚན་རིག་ལྟར་ཕྱུགས་འཚོ་མཚམས་འཇོག་པ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱེད་པ། ཕྱུགས་འཚོ་མཚམས་བཞག་པར་འོས་འཚམ་གྱིས་ཁ་གསབ་སྟེར་བའི་ཚད་གཞི་གཏན་ཁེལ་བྱེད་པ། ནན་ཏན་སྒོས་ཁ་གསབ་དང་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་སོ་སོ་དངོས་འབེབ་བྱེད་པ། ཁ་གསབ་བྱ་དགའི་སྲིད་ཇུས་དང་ཕྱུགས་བསྐྱུར་རྩྭ་འདེབས་སོགས་ཀྱི་སྲིད་ཇུས་ཀྱི་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་རྒྱུ་བཅས་རེད།

མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་། མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྟེང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཡང་བསྐྱར་རྩྭ་སར་བསྒྱུར་བཅོས་བྱེད་པའི་མགོ་ཚུགས།
ཞིང་ཆེན་ཏང་ཨུ་དང་། ཞིང་

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།