ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྐྱེ་ཁམས་ཕྱུགས་ལས།

མཚོ་སྔོན་གྱིས་ས་ཞིང་ལེགས་སྒྲིག་བཅོས་སྐྱོང་གི་ཐབས་ལམ་འཚོལ་ཞིབ་བྱས་པའི་གནས་ཚུལ།

སྤེལ་དུས། 2013-11-11 15:30:51   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་ཅན་དང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བྱས་པ་བརྒྱུད་ནས།  ས་ཞིང་ལེགས་སྒྲིག་བཅོས་སྐྱོང་གི་རྣམ་པ་དང་དོ་དམ་དཔེ་དབྱིབས། ལས་གཞིའི་གཞི་ཁྱོན། གྲུབ་ཚུལ་གྱི་བསམ་གཞིགས་དང་ཐོན་པའི་ཤུགས་རྐྱེན་བཅས་ཚང་མར་འགྱུར་ལྡོག་ཟབ་མོ་བྱུང་། ས་ཞིང་ལེགས་སྒྲིག་བཅོས་སྐྱོང་བྱ་བ་དེ་ལས་རིགས་སྡེ་ཁག་གི་བྱ་སྤྱོད་ཅིག་ནས་སྲིད་གཞུང་གི་བྱ་སྤྱོད་ཅིག་ཏུ་གྱུར་ཞིང་། རིམ་པ་སོ་སོའི་སྲིད་གཞུང་གིས་ས་ཞིང་ལེགས་སྒྲིག་བཅོས་སྐྱོང་བྱ་བ་ནི་ཞིང་ལས་དང་ཞིང་སྡེ། ཞིང་བ་བཅས“ཞིང་གསུམ”འཕེལ་རྒྱས་ལ་སྐུལ་འདེད་དང་། ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་“ཅན་གསུམ” འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་ཐབས་ལམ་གལ་ཆེན་ཡིན་ཞིང་། དེ་ལས་ཐོན་པའི་སྤྱི་ཚོགས་དང་དཔལ་འབྱོར། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་ནི་ལེགས་སྒྲིག་བཅོས་སྐྱོང་རང་སྟེང་གི་དོན་སྙིང་ལས་བརྒལ་ཏེ། ས་གནས་སྲིད་གཞུང་གི་དམངས་འཚོར་མཐོང་ཆེན་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ནང་དོན་གལ་ཆེན་ཏུ་བསྒྱུར་ནས། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་བཅོས། ཞིང་སྡེ་གསར་བ་འཛུགས་སྐྲུན་བཅས་ཀྱི་

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།