ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

“ཏན་ཏན་ཏིག་ཏིག་བཞི”མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས།

སྤེལ་དུས། 2017-03-09 11:36:08   ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ལྷ་མོ།

2016ལོའི་ཟླ་བརྒྱད་པའི་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་ནི་མཚོ་སྔོན་གྱི་མི་ཚང་མའི་སེམས་ནས་བརྗེད་ཐབས་མེད་པའི་ཉི་མ་ཞིག་རེད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྐུ་དངོས་སུ་མཚོ་སྔོན་ལ་ལྟ་ཞིབ་མཛད་དེ་བྱ་བར་མཛུབ་སྟོན་གནང་བ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྙིང་ཉེ་བའི་ངང་འཚམས་འདྲི་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུར་ཉན་པ་མ་ཟད། གསུང་བཤད་གལ་ཆེན་གནང་སྟེ། ཏན་ཏག་ཏིག་ཏིག་སྒོས་དཔལ་འབྱོར་རྒྱུད་མཐུད་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བ། ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཏན་ཏན་ཏིག་ཏིག་སྒོས་དམངས་ཚིས་ལེགས་བཅོས་ལ་འགན་སྲུང་བྱེད་དང་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཤུགས་སྣོན་བྱེད་པ། ཏན་ཏན་ཏིག་ཏིག་སྒོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་བྱེད་དགོས་པ་བཅས་ཀྱི་ཐད་ལ་ཐུགས་རེ་གལ་ཆེན་བཏོན། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དུས་རབས་གསར་བའི་རྒྱབ་ལྗོངས་དང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་དམིགས་ཏེ་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་གཏན་འཁེལ་བྱས་པའི་དཔེ་རིས་དང་མཛུབ་སྟོན་བྱས་པའི་བགྲོད་ལམ་གསར་བ་རེད། དེ་ནི་མ་འོངས་པར་མཚོ་སྔོན་འཕེལ་རྒྱས་ཀྱི་རྨང་གཞིའི་སྲུང་བྱ་དང་བྱ་སྤྱོད་རྩ་འཛིན་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་གྱི་བྱ་བར་ཁས་ལེན་མཛད་པ་དང་མཚོ་སྔོན་ལ་བཏོན་པའི་ཐུགས་རེ་དེས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་སྤྲོ་སེམས་ཆེན་མོར་ཡར་སྐུལ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཐུགས་རེ་བཏོན་པ་ལྟར། རིམ་པ་སོ་སོའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན། དངོས་འབེབས་བཅས་བྱེད་པ་དེ་སྟོབས་དང་ལྡན་པའི་སྒུལ་ཤུགས་སུ་བརྩིས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་གྲོལ་དང་སྔར་ལས་ལྷག་པའི་སྒོ་ནས་དོན་དངོས་དམ་འཛིན་བྱེད་པ། སྔར་ལས་ལྷག་་པའི་སྒོ་ནས་འབད་པ་ཆེན་པོས་མདུན་དུ་སྐྱོད་པ་བཅས་བྱས་ནས་ཐབས་ཇུས་འདོན་པ་དང་བཀོད་སྒྲིག་བྱེད་ན་ཏན་ཏན་ཏིག་ཏིག་བཞི་ལ་དམིགས་དགོས་པ་དང་བྱེད་ཐབས་འདོན་པ་དང་འགུལ་སྐྱོད་སྤེལ་ན་ཏན་ཏན་ཏིག་ཏིག་བཞི་ལ་དམིགས་ནས་བཀོད་སྒྲིག་བྱེད་པ། ལྟ་ཞིབ་དང་རྟོག་ཞིབ་བྱེད་ན་ཏན་ཏན་ཏིག་ཏིག་བཞི་ལ་དམིགས་ནས་ཞིབ་བཤེར་བའི་སྣང་ཚུལ་སྟུག་པོ་ཞིག་གྲུབ་པར་བྱས་ནས་དོན་དངོས་ཀྱི་འགུལ་སྐྱོད་ཀྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་དེ་རྒྱུན་ཆད་མེད་མདུན་དུ་སྐྱོད་དགོས།

བསམ་བློས་འགུལ་སྐྱོད་གཏན་འཁེལ་བྱེད་པ་དང་། འགུལ་སྐྱོད་ཀྱིས་མ་འོངས་པ་གཏན་འཁེལ་བྱེད་པ།  མགྱོགས་མྱུར་ངང་བསམ་བློ་དང་འགུལ་སྐྱོད་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས་ཏན་ཏན་ཏིག་ཏིག་བཞི་མཚོ་སྔོན་གྱི་ས་གཞི་ཆེན་མོ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོན་དངོས་ཀྱི་བྱ་སྤྱོད་སྤེལ།

ན་ནིང་ལོ་སྨད་དུ་ཞིང་ཆེན་ཏང་ཨུ་ཡིས་དུས་ཐོག་ཏུ་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས་གསུང་བཤད་ཀྱི་དགོངས་དོན་རྒྱུད་སྒྲོག་དང་སློབ་སྦྱོང་། ལག་ལེན་བཅས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་མ་ཟད་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་བཟང་བོ། ལག་ལེན་བཟང་བོ་བཅས་བྱས་ཏེ་མགྱོགས་མྱུར་ངང་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས་མུ་མཐུད་དུ་བཅོས་སྒྱུར་གསར་སྐྲུན་དང་འབད་བརྩོན་ལྷོད་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་སྔོན་ཐོན་སྔོན་སྐྱོད་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་རྒྱུན་ཆད་མེད་པར་ལས་འབྲས་གསར་སྐྲུན་བྱས་ཏེ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཐུགས་རེ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།

ན་ནིང་གི་ཟླ་དགུ་པའི་ཚེས་དགུའི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ནས་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བསམ་འཆར་ལ་གྲོས་འཆམ་བྱུང་། ཕྱོགས་དྲུག་གི་རྣམ་གྲངས་སུམ་ཅུ་སོ་གཉིས་ཀྱི་བྱེ་བྲག་གི་བྱེད་ཐབས་སྤྱད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

ན་ནིང་གི་ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་པའི་གྲོས་ཚོགས་བསྡུས་པ་དང་། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་སྣེ་ཁྲིད་གཏམ་བཤད་སྤེལ་བ་དང་། གོང་འོག་ཚང་མས་སྟོབས་ཤུགས་མཉམ་དུ་བཏོན་ནས་དངོས་དོན་གཉེར་བའི་སྟེང་གྲུབ་འབྲས་མཐོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན། ཚང་མས་ལང་ལོང་སྒོས་གཏམ་བཤད་པ་དང་མཉམ་མྱོང་བརྗེ་རེས་བྱེད་པ། འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།

ན་ནིང་གི་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་པའི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་དུས་ཐོག་ཏུ་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་འཚོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་སྒྲོག་བྱས་ཏེ་ཞིང་ཆེན་ཡོངས་ཀྱིས་བྱ་བ་དེ་ལག་ལེན་དང་དངོས་འབེབས་བྱེད་པར་བཀོད་སྒྲིག་བྱས།

ན་ནིང་གི་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཆེད་དོན་ཞིབ་སྡུར་འཛིན་གྲྭ་བཙུགས། ཞིབ་འཇུག་དང་གྲོས་སྡུར་འཛིན་གྲྭས་ཆེད་དོན་ཟུར་ཁྲིད་དང་རང་གིས་སློབ་པ་གཉིས་ཟུང་དུ་སྦྲེལ་དང་ཚན་ཆུང་བགོས་ནས་གྲོས་སྡུར་བྱེད་པ་དང་ཚོགས་ཆེན་གྱི་དགོངས་དོན་སྟེང་ལ་བཟུང་བའི་བསམ་བློ་བརྗེ་རེས་བྱེད་པ་གཉིས་ཟུང་སྦྲེལ་ནས་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་དངོས་སུ་ཆེད་དོན་ཟུར་ཁྲིད་བྱས་པ་དང། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པས་འགྲེལ་བཤད་བྱས། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོང་མི་ཚང་མ་གོ་རིམ་ཡོངས་ལ་ཞུགས་པ་དང་ཞིབ་སྡུར་འཛིན་གྲྭའི་སྟེང་ཚད་གཞི་མཐོ་བ་དང་སློབ་སྲོལ་བཟང་བ་སོགས་ཀྱི་ཁྱད་ཆོས་མངོན།

མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་སེམས་ཉིད་ནགས་རའི་འགོ་གཙོ་ཧུའུ་ཡའོ་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་རང་བྱུང་ལ་བརྩི་བཀུར་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱེད་དགོས་ཞེས་ནན་གྱིས་གསུང་པ་དེས་ནགས་རའི་ལས་གནས་དང་པོ་ན་ཡོད་པའི་ལས་བྱེད་པ་དང་ལས་བཟོ་བར་སྐུལ་ལྕགས་ཐེབས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་བྱས་རྗེས་འཇོག་པ་ནི་གཟི་བརྗིད་ཀྱི་བྱ་བ་ཞིག་ཡིན་པར་འདོད།   ན་གོར་མོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་པ་ཁྲིན་ཡོན་ཅེ་དགའ་སྤྲོ་ཚད་མེད་སྐྱེས་ནས་བཤད་རྒྱུར། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཐུགས་རེ་ལྟར། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་རང་གི་བྱ་བ་བཟང་པོར་སྒྲུབ་པ་དང་སྤྱི་ཚོགས་དྲང་བདེན་སྲུང་སྐྱོང་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བའི་བརྙན་འཕྲིན་གྲོས་ཚོགས་སྟེང་གསུང་དོན། མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་ལས་ལྷོད་གཡེང་དུ་གཏོང་མི་རུང་། འཕེལ་རྒྱས་སུ་བཏང་བ་མི་འདང་པ་དེ་སྔར་བཞིན་མཚོ་སྔོན་གྱི་ཆེས་ཆེ་བའི་དོན་དངོས་ཡིན་པ་དང་ང་ཚོའི་མདུན་དུ་ལྷགས་པའི་ཆེས་གལ་ཆེ་བའི་ལས་འགན་ཡང་ཡིན། དཔལ་འབྱོར་འཛུགས་སྐྲུན་ཞེས་པའི་ལྟེ་གནས་དེ་དང་དམ་དུ་འབྲེལ་ནས་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མགྱོགས་མྱུར་ངང་དཔལ་འབྱོར་འཕེལ་སྟངས་སྒྱུར་བའི་བྱེད་ཐབས་སྒྱུར་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲིག་གཞི་སྙོམ་སྒྲིག་བྱེད་པ། འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་ནུས་ཇེ་མཐོར་བཏང་ནས་དཔལ་འབྱོར་གྱི་ཕན་ནུས་སྔར་ལས་མཐོ་བ་དང་སྔར་ལས་རྒྱུ་སྤུས་བཟང་བ། སྔར་ལས་དྲང་བདེན་ཡིན་པ། སྔར་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་ཟེར།

རྨང་གཞིའི་སྒྲིག་ཆས་ལ་ལེགས་བཅོས་མངོན་གསལ་ཐོབ། མགོ་ལོག་གནམ་གྲུ་ཐང་དང་ཧྭ་ཐུའུ་གུག་གནམ་གྲུ་ཐང་དངོས་སུ་ཤར་གཏོང་བྱེད་པ། ཡར་སྐ་ནས་ཐུན་རིན་བར་སོགས་རིམ་པ་མཐོ་བའི་གཞུང་ལམ་ལས་ནས་ལེགས་འགྲུབ་བྱུང་པ་དང་། ཟི་ལིང་གྲོང་ཁྱེར་ཕྱི་ནང་གི་གཞུང་ལམ་ལས་པའི་རྣམ་པ་ཐོག་མར་གྲུབ་པ། མཚོ་སྔོན་ཞིང་ཆེན་གྱིས་གློག་དྲ་ཆེན་མོས་ཡོངས་ཁྱབ་ཏུ་ཁེབས་པ་མངོན་འགྱུར་བྱས། རྒྱལ་ཁབ་ཀྱི་གནད་ཆེ་སའི་ཆུ་བེད་བཟོ་སྐྲུན་དང་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་བཟོ་སྐྲུན་ཨང་དང་པོ་སྟེ། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་བའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་དུས་རབས་ཕྱེད་ཀ་ཙམ་ལ་རེ་སྒུག་བྱས་པའི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་རྨི་ལམ་དེ་མངོན་འགྱུར་བྱས།

ལག་ལེན་གྱིས་ང་ཚོར་བདེན་དཔང་བྱས་པ་ནི་ཏན་ཏན་ཏིག་ཏིག་སྒོས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས་ན། དཔལ་འབྱོར་གྱི་གནོན་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བ་དང་ཉེན་ཁ་དང་འགྲན་རྩོད་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བའི་སྣང་ཚུལ་གསར་བའི་འོག འགན་ཁུར་ཐུབ་པའི་སྤོབས་པ་ཡོད་དགོས་པ་དང་བྱ་བའི་ཁ་ཕྱོགས་སྲུང་འཛིན་བྱེད་པ། ཡིད་ཆེས་ཀྱིས་ཁེངས་པ། འཕེལ་རྒྱས་གསར་བའི་ལྟ་བ་ཡིས་ཀླད་པར་དྲག་ཆས་སྤྲས་ཏེ་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ལྷད་མེད་དཔལ་འབྱོར་གྱི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། རྒྱུ་ཆ་གསར་བའི་ཐོན་ལས་རྟེན་གཞི་གསར་སྐྲུན་བྱེད་པ། ཁྱད་ལྡན་སྐྱེ་དངོས་ཐོན་ལས་གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཁབ་ཀྱི་འཁོར་རྒྱུགས་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ་སོགས་དཔལ་འབྱོར་འཕེལ་རྒྱས་ལག་ལེན་ཁྲོད་ལས་རྐང་ལ་རྐང་བཙུགས་ནས་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དེ་རེད།

ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དར་སྤེལ་དུ་གཏོང་དགོས་ཞེས་པར་གོ་བ་ཟབ་མོ་བླངས་ནས་འབད་བརྩོན་སྒོས་ལག་ལེན་བྱེད་བཞིན་ཡོད།   མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་བ་དང་ཁྱད་པར་བ་ཞིག་ཡིན་པས། ངེས་པར་དུ་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་མོ་ཁུར་དགོས། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་མཚོ་སྔོན་གྱིས་འདོར་ཐབས་མེད་པའི་འགན་འཁྲི་ཆེན་མོ་ཞིག་ཡིན་པས་དེ་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་།

མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པར་འགན་འཁྲི་རྩད་གཅོད་བྱེད་པའི་ཚོད་ལྟའི་སྒྲིག་གཞི་དེ་ན་ནིང་གི་ཟླ་བརྒྱད་པ་ནས་བཟུང་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་འགན་འཁྲི་ཚེ་གང་བོར་ཁུར་དགོས་པ་ལག་བསྟར་བྱས་པ་མཚོན་ཡོད།   སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་བཅོས་སྒྱུར་བྱ་བ་གོ་རིམ་ལྡན་པའི་ངང་དར་སྤེལ་དུ་བཏང་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བདག་གཉེར་རང་བཞིན་གྱི་ལས་གཞི་ལ་བདག་གཉེར་དང་དོ་དམ་བྱེད་ཐབས་དང་ལས་གཞིར་མ་དངུལ་གཏོང་བར་དོ་དམ་བྱེད་ཐབས་གཏན་འཁེལ་བྱས། གོང་གི་བྱ་བ་དེས་སྣེ་ཁྲིད་དེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི ཀ་བརྒྱད་གདོང་བཞི་ཡི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་བྱ་བ་ཏན་ཏིག་གིས་སྤེལ་བཞིན་ཡོད།

བཅད་ཁུལ་ཆེན་པོ་ལྔ་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ་ཆུ་བོ་དྭངས་བ་དང་ནམ་མཁའ་གཡའ་དག་པ དང་། ཕ་ཡུལ་མཛེས་སྒྱུར་བྱེད་པའི་བྱ་འགུལ་སྤེལ། ན་ནིང་གི་ཟླ་དང་པོ་ནས་ཟླ་བཅུ་བའི་བར་དུ་ཟི་ལིང་དང་མཚོ་ཤར་ས་ཁུལ་གྱི་མཁའ་དབུགས་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གྱུར་ཚད་བརྒྱ་ཆའི་གྱ་གསུམ་དང་གྲངས་ཆུང་གསུམ་ལ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གྱུར་ཚད་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་གཉིས་ལ་སླེབས།

ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་གནད་སའི་བཙོག་བཟོའི་འབྱུང་ཁུངས་རང་འགུལ་སྒོས་ཚོད་འཛིན་བྱེད་པ་དང་ཁོར་ཡུག་དང་ནམ་ཟླའི་རྒྱུ་སྤུས་ལ་རང་འགུལ་སྒོས་ཚད་ལེན་ཚོད་ལྟ་དང་སྔོན་བརྡ་རྒྱག་པ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་རྟོག་དང་དོ་དམ་བྱེད་པའི་མ་ལག་དང་ཞིང་ཆེན་ཡོངས་ཀྱི་ཁོར་སྲུང་མ་ལག་གི་སྲིད་གཞུང་དྲ་བ་བཙུགས་པས། ཁོར་ཡུག་སྲུང་སྐྱོབ་ཆ་འཕྲིན་ཅན་གྱི་རྨང་གཞིའི་འབྱུང་ཁུངས་ལ་དོ་དམ་ཐར་ཐོར་བྱེད་པ་ནས་ལེགས་བསྡུས་ཞིབ་གཉེར་གྱི་རྣམ་པར་བསྒྱུར་བ་ཡོངས་སུ་གྲུབ།

ཟི་ལིང་གྲོང་ཁྱེར་གྱིས་ཤུགས་ཆེན་གྱིས་རླངས་སྣུམ་གྱིས་མཁའ་དབུགས་ལ་བཙོག་བཟོ་མི་བྱེད་པའི་འགྲིམ་འགྲུལ་འཕེལ་རྒྱས་སུ་བཏང་སྟེ། ལྷད་མེད་ཐཱན་ཉུང་གི་ཁོར་སྲུང་འགྲིམ་འགྲུལ་བྱེད་ཐབས་དར་སྤེལ་དུ་བཏང་ནས་བཙོག་བཟོ་ཉུང་པ་དང་ཕན་ནུས་མཐོ་བའི་ལྷད་མེད་ཐཱན་ཉུང གི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གིས་བདེ་སྐྱིད་ཟི་ལིང ལ་ལྷད་མེད་འཕེལ་རྒྱས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱས་ནས་ཟི་ལིང་དཔལ་ཡོན་གྲོང་ཁྱེར་གྱི་མཛེས་མཉམ་ངོམས་ཡོད།

ཟླ་བ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏན་ཏན་ཏིག་ཏིག་སྒོས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་ཀྱི་བྱ་བ་ཇེ་ལེགས་སུ་གཏོང་དགོས་ཞེས་པའི་ཐུགས་རེ་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ནས་འབད་བརྩོན་གྱིས་ལག་བསྟར་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཐེངས་མང་པོར་མི་དམངས་གཙོ་བོ་ཡིན་པའི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་ལྟོད་མེད་བྱེད་དགོས། མཚོ་སྔོན་ལྟ་བུའི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པ་དང་དཔལ་འབྱོར་འཕེལ་རྒྱས་ལྟོས་བཅོས་ཀྱིས་རྗེས་ལུས་ཡིན་པའི་ས་ཁུལ་ཞིག་ལ་མཚོན་ན། དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་པ་དེ་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་སྒུལ་ཤུགས་ལ་འབྲེལ་བ་ཡོད་ལ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལའང་འབྲེལ་བ་ཡོད་ཅེས་ནན་གྱིས་གསུང་།

ཕྱོགས་ཡོངས་ནས་དབུལ་སྐྱོར་མཁྲེགས་གཏོར་མ་ལག་གི་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ་གནད་ཕིགས་དབུལ་སྐྱོར་བྱ་བ་དང་སྲིད་ཇུས་དངོས་འབེབས་བྱས་ནས་བློ་ཐག་རྦད་ཆོད་ཀྱིས་གནད་ཕིགས་དབུལ་སྐྱོར་བྱེད་པའི་བྱ་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་སུ་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་བྱ་བའི་ལས་བྱེད་པ་སྟོང་བདུན་དང་བརྒྱད་བརྒྱ་དྲུག་ཅུ་རེ་དྲུག་འདེམ་མངག་བྱས་་པ་དང་། ཏང་ཡོན་ལས་བྱེད་པ་འབུམ་གཅིག་དང་སྟོང་དགུ་ཡིས་ཁྱིམ་ཚང་དབུལ་བོ་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་ལ་ཁ་གཏད་རོགས་སྐྱོར་བྱས་པས་དབུལ་ཕོངས་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་དང་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འགན་ཁུར་མི་སྣ་གཉིས་ཀྱིས་དབུལ་ཕོངས་སྡེ་བར་རོགས་སྐྱོར་བྱེད་དགོས་པའི་བྱ་བ་མངོན་འགྱུར་བྱས། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་རྫོང་དྲུག་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་མ་ཟད། ་སྡེ་བ་བཞི་བརྒྱ་དབུལ་ཕོངས་ཀྱི་གྲས་ནས་བུད་པ་དང་མི་འབུམ་གཅིག་དང་ཁྲི་གཅིག་དབུལ་ཕོངས་ལས་ཐར།

ཁུལ་དྲུག་གི་སློབ་མ་ཚང་མ་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་སློབ་མར་ལོ་བཅོ་ལྔར་སློབ་ཡོན་མི་དགོས་པར་སློབ་གསོ་མྱང་བ་མངོན་འགྱུར་བྱས། འབད་བརྩོན་སྒོས་སློབ་གསོ་དང་དམངས་ཕན། སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་བདེ་ཐང་། སྡོད་ཁང་ལེགས་བཅོས་སོགས་དམངས་ཚིས་དོན་དངོས་ཀྱི་བྱ་བ་དམ་འཛིན་བྱས་ཏེ་དམངས་ཚིས་ལེགས་བཅོས་ཀྱི་གྲུབ་འབྲས་དང་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རིགས་སོ་སོའི་མང་ཚོགས་ལ་ཡིད་ཚིམས་དུ་བཅུག

ལག་ལེན་གྱིས་ང་ཚོར་ཏན་ཏན་ཏིག་ཏིག་སྒོས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་ལ་ཤུགས་བསྣན་ཏེ་དབང་ཆ་མི་དམངས་ཀྱི་ཆེད་དུ་བཀོལ་བ་དང་བརྩེ་བ་མི་དམངས་ལ་བཅིངས་པ། ཁེ་ཕན་མི་དམངས་ལ་སྐྲུན་པའི་ལྷད་མེད་བརྩེ་སེམས་ཀྱིས་དམངས་ཚིས་ལ་ཕན་པའི་འཆར་གཞི་མང་པོ་འཐེན་པ་དང་དམངས་ཚིས་ཀྱི་དོན་དངོས་མང་པོ་སྒྲུབ་པ། དམངས་ཚིས་ཀྱི་དཀའ་ངལ་མང་པོ་སེལ་བ་བཅས་བྱས་ཏེ་རྩ་དོན་གྱི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ནས་སློབ་གསོ་དང་ཡོང་སྒོ་བགོ་བྱ་བྱེད་པ་དང་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་འཛུགས་སྐྲུན། གནད་ཕིགས་དབུལ་སྐྱོར། གནད་ཕིགས་དབུལ་ཐར་དང་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱེད་པ་དང་མི་རིགས་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་སོགས་དམངས་ཚིས་དང་བརྟན་འཇགས་ཀྱི་བྱ་བ་ལག་ལེན་བྱེད་པའི་ཁྲོད་དུ་ཤུགས་ཆེན་གྱིས་དར་སྤེལ་དུ་གཏོང་དགོས་པ་བདེན་དཔང་བྱས།

ཟླ་བ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏན་ཏན་ཏིག་ཏིག་སྒོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་དགོས་པའི་ཐུགས་རེ་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ་འབད་བརྩོན་གྱིས་ལག་ལེན་དུ་བསྟར།  ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཞི་རྩའི་རྨང་གཞིའི་བྱ་བ་ཡིན་ལ། ཏང་ཡོངས་ཀྱི་ལས་འགན་གལ་ཆེན་ཡང་ཡིན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དང་ནན་ཏན་བྱེད་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྐྱོན་བྲལ་བ་དང་དག་གཙང་དུ་གཏོང་བ་ནི་ཏང་གི་སྲོལ་རྒྱུན་བཟང་པོ་གྲུབ་པའི་ས་གཤིས་གཤིན་པོ་ཡིན་ལ། ཏང་དར་རྒྱས་དང་གསོན་ཤུགས་རྒྱས་པའི་འབྱུང་ཁུངས་དང་ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་སྲུང་འཛིན་བྱེད་པ། ཏང་གི་གསར་སྐྲུན་ནུས་པ་དང་གོང་བུ་སྒྲིལ་ཤུགས། འཐབ་འཛིང་གི་ནུས་པ་བཅས་ཇེ་མཐོར་འགྲོ་བའི་གལ་ཆེ་བའི་ཆ་རྐྱེན་ཡིན།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རིམ་པ་བཞིན་འགན་ཁུར་བ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁ་བཤད་དོན་ཐོག་ཏུ་གནས་བར་བྱས་པས་སྟོབས་དང་ལྡན་པའི་ཉེན་བརྡའི་ནུས་པ་ཐོན་ཡོད།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་རྩ་འཛུགས་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ནན་ཏན་སྒོས་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་ལེན་དང་དངོས་འབེབས་བྱས་ནས་ཏང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བ་དང་སྤྱོད་ངན་བཞི ཡི་གནད་དོན་གཟབ་ནན་གྱིས་ཐག་གཅོད་བྱས། ཞིབ་བཤེར་ཡིག་ཚང་ལས་མངོན་པ་ལྟར་ན། བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དགུ་ཡི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྒྲིག་ལམ་དེས་ཚང་མས་བྱ་བ་གཟབ་ནན་གྱིས་སྒྲུབ་པར་བྱས་པ་དང་། བརྒྱ་ཆའི་དྲུག་ཅུ་རེ་དགུ་དང་གྲངས་ཆུང་དགུ་ཡི་མི་སྣ་ཡིས་སྤྱོད་ངན་གྱི་གནད་དོན་ལ་ཕན་ནུས་ལྡན་པའི་ཚོད་འཛིན་ཐེབས་པར་འདོད།

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་བློ་ཐག་རྦད་ཆོད་ཀྱིས་ཀྲུང་དབྱང་སྐོར་སྐྱོད་ལྟ་ཞིབ་བྱ་བའི་བྱེད་ཕྱོགས་ལག་ལེན་བྱས་ནས་ཀྲུང་དབྱང་གི་གོམ་སྟབས་དང་དམ་དུ་འབྲེལ་ནས་བྱ་བ་ཏན་ཏིག་གིས་སྒྲུབ་ཏེ་སྐོར་སྐྱོད་ལྟ་ཞིབ་བྱེད་པའི་བྱ་བའི་ཤུགས་ཚད་རྒྱུན་མཐུད་སྒོས་ཇེ་ཆེར་བཏང་སྟེ། བྱ་བའི་གྲུབ་འབྲས་གང་ལེགས་སྒོས་མངོན་པ་མ་ཟད། ཏན་ཏིག་སྒོས་དར་སྤེལ་དུ་བཏང་བ་དང་གསར་སྐྲུན་འཕེལ་རྒྱས་སུ་བཏང་བ། ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ། ཁྱོན་ཡོངས་ནས་ཇེ་བཟང་དུ་འགྲོ་བའི་སྣང་ཚུལ་ལེགས་པོ་ཞིག་མངོན་འདུག  མཚོ་སྔོན་ཞིང་ཆེན་གཞུང་སྒྲུབ་ཐིན་གྱིས་སྤྱོད་ངན་བཞི་ལ་མཉམ་འབྲེལ་རོགས་འདེགས་སྒོས་ཞིབ་བཤེར་དང་ཡོ་བསྲང་བྱེད་པའི་གནད་དོན་གྱི་བསམ་འཆར དཔར་ནས་བཀྲམས་ཏེ་་སྔར་ལས་ལྷག་པའི་སྒོ་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་མཉམ་འབྲེལ་རོགས་སྒྲུབ་ནུས་པ་ཇེ་དྲག་ཏུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་སྤྱོད་སྟངས་འཛུགས་སྐྲུན་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱས།

བྱ་བའི་འགན་འཁྲི་དངོས་འབེབས་དང་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། དྲིལ་སྒྲོག་དང་སྣེ་ཁྲིད་བྱེད་པ། སྐབས་བརྗེ་སྒྲིག་ལམ་གཟབ་ནན་དུ་གཏོང་བ། ལྟ་རྟོག་དང་ཞིབ་བཤེར་བྱེད་པའི་བྱ་བའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ། རྫོང་དང་ཞང་དམངས་ཆེན་གྱི་སྐབས་བརྗེ་འདེམས་བསྐོ་བྱ་བ་ལེགས་པོར་སྒྲུབ་པ། འདེམས་བསྐོས་མཇུག་འབྲས་ལ་ཏང་དང་མི་དམངས་ཡིད་ཚིམ་པར་བྱེད་དགོས།

གཞི་རིམ་ནི་ཏང་གི་སྲིད་སྐྱོང་རྨང་གཞི་དང་ནུས་པའི་འབྱུང་ཁུངས་ཡིན། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་ཀྲི་པུའུ་ཧྲུའུ་ཅི་དཔའ་མཁར་རྒྱལ་གྱི་སྣེ་ཁྲིད་འོག སྡེ་བའི་ཏང་ཀྲི་པུའུ་ཡི་ཁོང་མི་ནས་ཏང་ཡོན་དཀྱིལ་མའི་བར་དུ་སེམས་པ་གཅིག་ཏུ་སྦྲེལ་བ་དང་སྟོབས་ཤུགས་གཅིག་ཏུ་ཕུལ་ནས་ཏང་འཛུགས་བྱ་བ་དམ་འཛིན་དང་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ་དོན་དངོས་ཀྱིས་ཀྲི་པུའུ་གཅིག་ནི་བཙན་རྫོང་གཅིག་དང་ཏང་ཡོན་གཅིག་ནི་དར་དམར་གཅིག་ཏུ་གྲུབ་པའི་སྣང་ཚུལ་བཟང་བོ་ཞིག་མངོན། སྡེ་བ་དེའང་གནད་དོན་མང་བའི་སྡེ་བ་ཞིག་ནས་མིང་དུ་གྲགས་པའི་སྔོན་ཐོན་སྡེ་བ་ཞིག་ཏུ་གྱུར།

ཕུལ་བྱུང་གུང་ཁྲན་ཏང་ཡོན། ཧི་ནན་རྫོང་གི་སྔོན་ཆད་ཀྱི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྒྱ་མཚོ་བྱ་བའི་སྟེང་ཞུགས་ནས་ལོ་ངོ་ཉེར་བཞི་འགོར་བ་དང་ཁོས་དོན་དངོས་ཀྱི་བྱ་སྤྱོད་ཀྱིས་གུང་ཁྲན་ཏང་ཡོན་ཞིག་གིས་ཇི་ལྟར་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་སྲུང་འཛིན་དགོས་པའི་སྐོར་དང་ཇི་ལྟར་ཡང་དག་པའི་ཁ་ཕྱོགས་དེད་ནས་དམིགས་ཡུལ་གྱི་མཐའ་རུ་སྐྱོད་དགོས་པའི་སྐོར་གསལ་བཤད་བྱས་ནས་རྒྱ་ཆའི་ཏང་ཡོན་གྱིས་སློབ་པ་གཉིས་དང་བྱེད་པ་གཅིག་ལ་སློབ་སྦྱོང་ཟབ་མོ་བྱེད་པའི་མ་དཔེ་བཟང་བོ་ཞིག་འདོན་སྤྲོད་བྱས།
དོན་དངོས་ཀྱིས་བདེན་དཔང་བྱས་པ་ནི་ཏན་ཏན་ཏིག་ཏིག་སྒོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་དུ་སྐྱོད་དགོས་པ་སེམས་ལ་དམ་པོར་བཟུང་ནས་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་བརྩི་སྲུང་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བདེན་ལུགས་བརྟན་སྲུང་བྱེད་པ། རྩ་དོན་བརྟན་སྲུང་བཅས་བྱས་ཏེ་གཟབ་ནན་གྱིས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པ་སོགས་ཆབ་སྲིད་འཚོ་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཡོད་ཚད་འབུལ་དགོས་པ་དེ་ཡིན།

ཏང་ཀྲུང་དབྱང་གིས་གནང་བའི་ཐུགས་རེ་ནན་མོ་ཡིན་པ་དང་དུས་རབས་ཀྱིས་གནང་པའི་འགན་འཁྲི་གཟི་བརྗིད་ལྡན། ཏན་ཏན་ཏིག་ཏིག་བཞི་ལ་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཐུགས་རེ་གལ་ཆེན་དེ་ནི་ང་ཚོས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པའི་ལས་འགན་ཡིན།  ང་ཚོས་བློ་མཐུན་ཞི་ཅིན་ཕེན་དཀྱིལ་སྙིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག སློབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོ་ནས་འགོ་བརྩམས་ཏེ་རྒྱུན་ཆད་མེད་པར་ཏང་གཤིས་སྦྱོང་བརྡར་བྱེད་པ་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་སྔར་ལས་ཡིད་ཆེས་བརྟན་པོ་དང་སྔར་ལས་བརྩེ་སེམས་ལྡན་པ། སྔར་ལས་ཏན་ཏིག་གི་བྱ་སྤྱོད་ཀྱིས་བགྲོད་ལམ་གསར་བ་བརྟོལ་ནས་ཏན་ཏན་ཏིག་ཏིག་བཞི་དེ་མཚོ་སྔོན་གྱི་ས་གཞི་ཆེན་པོ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས། 
 

ལོ་ཙཱ། བསོད་ནམས་ལྷ་མོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།