ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་སེམས་ལ་བརྟན་པོར་བཅངས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱ་དགོས།

—མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པར་རྟེན་འབྲེལ་ཞུས།

སྤེལ་དུས། 2017-10-20 13:19:37   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་རིན་མཚོ།

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ། ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་སེམས་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་པའི་ཚོགས་ཆེན་གྱི་བརྗོད་གཞི་དེས་མི་སེམས་ལ་སྐུལ་མ་ཐེབས་པ་དང་སྤོབས་པ་སྐྱེད་དུ་བཅུག

ཉི་འོད་དྲོ་ཞིང་འཇམ་ལ་མཁའ་དབུགས་དྭངས་ཤིང་གཙང་བ། ས་གཞི་ཆེན་པོར་སེར་པོ་གསེར་གྱིས་རྒྱན་པའི་སྟོན་མཇུག་འདིར། མཚོ་སྔོན་གྱི་ག་ས་གང་དུ་ལས་ཁུངས་སོ་སོ་ནས་ཞིང་སྡེ་འབྲོག་ཁྱིམ་དང་གྲོང་གསེབ་ནས་ཞིང་སྡེ་འབྲོག་ཁུལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུན་གྱི་རིགས་སོ་སོའི་མི་དམངས་ཀྱིས་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་དེ། ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་ཉན་པ་དང་མྱོང་ཚོར་དང་རེ་འདུན་གླེང་བཞིན་ཡོད་ལ། ཏང་ལ་བཅངས་པའི་ཡིད་ཆེས་དང་མ་འོངས་པར་བཅངས་པའི་རེ་བ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཐད་ཀྱི་ཡིད་ཆེས་དང་ཆོད་སེམས་གླེང་བཞིན་ཡོད།

མེས་རྒྱལ་གྱི་གཟི་བརྗིད་ནི་དཀའ་སྤྱད་མདུན་བསྐྱོད་བརྒྱུད་དེ་བརྩོན་ལེན་བྱས་པ་ཡིན་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་དེ་དཀའ་སྤྱད་འབད་བརྩོན་བྱེད་པར་བརྟེན་ནས་འབྲི་དགོས། ཚང་མས་ལང་ལོང་གིས་སློབ་སྦྱོང་ནན་མོ་བྱེད་པ་དང་རྒྱུས་ལོན་ཟབ་མོ་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་སྙན་ཞུའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། དཀའ་སྤྱད་འབད་བརྩོན་དང་ང་རྒྱལ་ཁེངས་དྲེགས་འདོར་བའི་སྤྱོད་ཚུལ་སྲུང་འཛིན་བྱེད་པ། དུས་ཚོད་ཆུད་ཟོས་སུ་མི་གཏོང་བ་དང་ཉིན་མཚན་དབྱེར་མེད་དུ་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་ལམ་དུ་བསྐྱོད་པ་དང་། བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཐད་ཀྱི་རེ་བ་མངོན་འགྱུར་བཅས་བྱེད་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

1.jpg

ཟླ10པའི་ཚེས18ཉིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཛད་སྒོར་བལྟ་བཞིན་པ།

2.jpg

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་སློབ་ཚོས་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཛད་སྒོར་བལྟ་བཞིན་པ།

3.jpg

དམག་ཁུལ་ག་གེ་མོའི་སྐྱ་དམག་ལྡིང་དཔོན་གྱི་དཔོན་དམག་གིས་འབའ་ཐང་རྩྭ་ཐང་ནས་ས་གནས་མང་ཚོགས་ཀྱི་ངོས་ལེབ་གློག་ཀླད་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་བྱ་བའི་སྙན་ཞུར་ཉན་བཞིན་པ།

4.jpg

ཟླ10པའི་ཚེས18ཉིན་གྱི་སྔ་དྲོར། རྨ་ལྷོའི་གཞུང་ལམ་ཐུན་རིན་ཡན་ལག་བཟོ་ཁུལ་གྱི་ལས་བཟོ་བས་ལས་ཀའི་ཞོར་དུ་ཁ་པར་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཛད་སྒོར་བལྟ་བཞིན་པ།

5.jpg

ཟླ10པའི་ཚེས18ཉིན་གྱི་སྔ་དྲོར། ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་མཁར་ལྷོའི་སྡོད་ཁུལ་གྱི་འབྲོག་པ་མང་ཚོགས་བསྟན་ཁོའི་ཁྱིམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མཛད་སྒོར་བལྟ་བཞིན་པ།

6.jpg

ལོ་ལྔའི་ཚུན་དུ། ཟི་ལིང་གི་འཛུགས་སྐྲུན་ཉིན་རེ་བཞིན་ཇེ་རྒྱས་སུ་འགྲོ་བཞིན་པ། པར་ནི་ཧེ་ཧུའུ་སྡོད་ཁུལ་གསར་བའི་ཟུར་ཅིག་ཡིན།

གྲུབ་འབྲས་ཀྱིས་མི་སེམས་འགུལ་བ་དང་མདུན་ལྗོངས་ཀྱིས་སྐུལ་སློང་བྱེད།
མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོས་ལང་ལོང་གིས་བཤད་རྒྱུར། དཔལ་འབྱོར་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པར་བརྒལ་གཏོར་གསར་བ་བྱས་ལ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གོམ་སྟབས་ཆེན་པོ་བསྒྱུར་བ་དང་། བསམ་བློ་རིག་གནས་འཛུགས་སྐྲུན་ཐད་ནས་ཡར་རྒྱས་སུ་སོང་ཡོད་ལ། དེས་མི་སེམས་སྒུལ་བ་དང་སྤོབས་པ་ཆེ་རུ་སྐྱེད་ལ། ཡིད་ཆེས་དང་རེ་བ་ཇེ་བརྟན་དུ་བཏང་། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་ཉན་པ་དང་། འདས་ཟིན་པའི་ལོ་ལྔར་སྤྱི་སྡོམ་བྱས་པ་བརྒྱུད་དེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོབ་ཚོར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར་བ་མ་ཟད། གྲུབ་འབྲས་མི་སེམས་འགུལ་བ་དང་མདུན་ལྗོངས་ཀྱིས་སྐུལ་སློང་བྱེད་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཚོ་སྔོན་པོ་ཐང་ཆེན་གྱི་གློག་རྡུལ་བརྙན་ཡོལ་ཆེན་པོ་བརྒྱུད་དེ་ཚོགས་ཆེན་བཅུ་དགུ་པ་ཚོགས་འགོ་བརྩམས་པའི་གནས་ཚུལ་བརྒྱུད་སྒྲོག་ལ་བལྟ་བཞིན་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར། ལོ་ངོ་ཉི་ཤུའི་རིང་ཞིང་གྲོང་དུ་བྱ་བ་བསྒྲུབས་པའི་རྐྱེན་གྱིས། བོད་ཁུལ་དུ་ཏང་གི་མགོ་ཁྲིད་འོག་བྱུང་བའི་འགྱུར་ལྡོག་ཆེན་མོར་མྱོང་ཚོར་ཟབ་མོ་ཡོད་ལ། ལྷག་པར་དུ་འདས་ཟིན་པའི་ལོ་ལྔའི་རིང་། རོང་འབྲོག་དམངས་ཀྱི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་སོང་ཡོད་ཟེར།

དབང་ཕྱུག་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་སྐྱེ་ཁམས་དོ་སྲུང་བ་ཞིག་ཡིན་པ་དང་། ཁོ་སྐྱེ་ཁམས་དོ་སྲུང་བ་བྱས་ནས་ད་བར་དུ་ལོ་ངོ་བཅུ་གཅིག་འགོར་ཟིན། ཉེ་བའི་ལོ་འགའི་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་སྣོན་དང་ལེགས་བསྒྱུར་བྱས་པ་བསྟུན་ནས། དབང་ཕྱུག་གིས་སྲུང་སྐྱོབ་བྱེད་བཞིན་པའི་མུ་འབྲེལ་བརླན་ས་དང་མཚེའུ་ཡི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་སོང་བ་དང་། སྐམ་ཟིན་པའི་མཚེའུ་མང་པོ་ཞིག་སླར་གསོ་བྱུང་ལ། རྩྭ་སའི་ཁེབས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། རི་སྐྱེས་རི་དྭགས་ཀྱི་གྲངས་ཀ་ཇེ་མང་དང་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་སོང་ལ། ཐ་ན་རི་དྭགས་རྩ་ཆེན་གསའ་གཟིག་ལྟ་ཞིབ་ས་ཚིགས་ནས་མཐོང་བའི་གྲངས་ཀ་ཡང་ཇེ་མང་དུ་སོང་། དབང་ཕྱུག་གིས་རྗེས་ཕྱོགས་ང་ཚོས་རང་གི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། ལོ་ངོ་བཅུ་གཅིག་རིང་། དབང་ཕྱུག་གིས་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་མང་པོ་མཐོང་བྱུང་ལ། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ལ་ཡང་ངོས་འཛིན་ཟབ་མོ་བྱུང་།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་ཀོང་མེན་གཞིས་ཁུལ་དུ་སྡོད་པའི་ལིས་ཧེ་ཡུན་ཚང་གི་བཟང་མི་་གང་བོས་ནངས་ཇ་འཐུང་རྗེས། བརྙན་འཕྲིན་གྱི་མདུན་དུ་བསྡད་དེ་ཚོགས་ཆེན་བཅུ་དགུ་པ་མགོ་རྩོམ་པའི་ཐད་གཏོང་ལ་བལྟས། ལིས་ཧེ་ཡུན་གྱིས་བཟའ་ཟླར་བཤད་རྒྱུར། རྗེས་ཕྱོགས་ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པ་ཁོ་ཐོག་རེད། སྔོན་ཆད་ཉིན་རྒྱུན་དུ་ཞིང་ནང་དུ་སོང་ནས་ངལ་རྩོལ་བྱེད་དགོས་ལ། བཟའ་མི་གང་བོ་སྡོད་པའི་ཁང་བ་ཡང་ས་ཁང་ཡིན་པ་དང་། དང་ཐོག་ད་ལྟའི་ཁང་བ་འདི་འདྲའི་བཟང་བོ་ཞིག་གི་ནང་དུ་སྡོད་ཐུབ་པ་ཡིད་ལ་ཡང་ཤར་མ་མྱོང་། ཡུལ་གཞན་གནས་སྤོར་བཟོ་སྐྲུན་ལ་བརྟེན་ནས། སྔོན་ཆད་རྨི་ལམ་དུ་ཡང་རྨིས་མ་མྱོང་བའི་དོན་དག་མངོན་འགྱུར་བྱུང་བ་དང་། བཟའ་མི་གང་བོ་ཡང་ཞིང་པ་ནས་གྲོང་ཁྱེར་གྱི་མི་རུ་གྱུར་ཟེར།

2016ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་ནས། དབུལ་ཕོངས་རྫོང་དྲུག་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ་བཞི་བརྒྱ་དང་བཞི་དང་། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གཅིག་སྟོང་དགུ་དབུལ་ཐར་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཚད་ལས་བརྒལ་ནས་ཡོངས་འགྲུབ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཐོག་མའི་གཡུལ་འགྱེད་ཐད་ནས་རྒྱལ་ཁ་བླངས། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་མཱ་ཧྥིན་ཧྲིན་གྱིས་བཤད་རྒྱུར། དབུལ་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། བྱ་བ་བརྟན་བརླིང་ངང་བསྒྲུབ་པ་དང་། དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས། ཉི་མ་རེ་རེ་དམ་འཛིན་བྱེད་པ་དང་། དོན་དག་རེ་རེ་བཟང་བོར་བསྒྲུབ་ནས། ཏང་གི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་དྲོད་ཁོལ་མང་ཚོགས་ཀྱི་གམ་དུ་སྐྱེལ་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་ལན་ཀྲིག་དང་ཟི་ལིང་གི་དཔལ་འབྱོར་ཁུལ་བར་གྱི་གྲོང་ཁྱེར་གཙོ་བོ་ཡིན་པའི་ཆ་ནས། 2013ལོའི་ཟླ་བཞི་བར་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དང་། གྲོང་གསེབ་ཅན་འཛུགས་སྐྲུན་དང་མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཐད་ནས་ཇེ་མགྱོགས་སུ་སོང་། མཚོ་ཤར་གྲོང་ཁྱེར་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ཡན་ཉན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཤར་རྒྱུད་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་ནས་ང་ཚོས་གཞི་ཁྱོན་ཆེན་པོའི་སྒོ་ནས་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་དང་། ཆུའུ་གཉིས་དང་རྫོང་བཞི་གྲོང་ཁྱེར་གྱི་རྣམ་པ་གྲུབ་པར་སྐུལ་འདེད་བཏང་བས། གྲོང་ཁྱེར་ཚོགས་ཀྱི་རྣམ་པ་ཐོག་མར་མངོན་ཡོང་བ་དང་། ཁྱིམ་ཐོའི་མི་གྲངས་གྲོང་གསེབ་ཅན་དུ་བསྒྱུར་བའི་ཚད་བརྒྱ་ཆའི་བཞི་བཅུ་རུ་ཇེ་མཐོར་སོང་། གྲོང་ཁྱེར་གྱི་དཀྱིལ་སྙིངཁུལ་དུ་ས་འོག་ཕྱོགས་བསྡུས་སྦུག་ལམ་དང་གྲོང་ཁྱེར་གྱི་གཞུང་ལམ་ཟམ་པ། མཁར་རྙིང་ཁུལ་བསྒྱུར་བཀོད་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་སྐོར་ཞིག་ལག་བསྟར་བྱས་པ་དང་། གྲོང་ཁྱེར་གྱི་རྩོལ་ནུས་འཐུས་ཚང་དུ་བཏང་ལ། བསྡུ་རུབ་དང་སྣེ་ཁྲིད་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་ནས། མཚོ་ཤར་གྲོང་ཁྱེར་དེ་རྒྱལ་ཁབ་ཀྱི་རྣམ་པ་གསར་བའི་གྲོང་གསེབ་ཅན་གྱི་ཕྱོགས་བསྡུས་དཔེ་སྟོན་གྲོང་ཁྱེར་དང་རྒྱལ་ཁབ་ནུས་ཁུངས་གྲོན་ཆུང་དང་བཙོག་འདོན་ཇེ་ཉུང་དུ་གཏོང་བའི་ནོར་སྲིད་སྲིད་ཇུས་ཕྱོགས་བསྡུས་ཚོད་ལྟའི་གྲོང་ཁྱེར། ས་འོག་ཕྱོགས་བསྡུས་སྦུག་ལམ་གྱི་ཚོད་ལྟའི་གྲོང་ཁྱེར་བཅས་སུ་གྱུར་ཡོད་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་འཕགས་པ་ཚེ་རིང་གིས་བཤད་རྒྱུར། ད་ལོར། རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བས་མི་རིགས་སྲོལ་རྒྱུན་ལུས་རྩལ་རྩལ་འགྲན་འགྲན་བསྡུར་གྱི་མགོ་རྩོམ་མཛད་སྒོའི་སྟེང་འཁྲབ་སྟོན་བྱས་ནས། ལྟད་མོ་བ་ཁྲི་ཕྲག་ཡན་དུ་བསླེབས། མི་རིགས་ཀྱི་ཕུལ་བྱུང་གཟུགས་འདས་ཤུལ་བཞག་རིག་གནས་བསྡུ་གསོག་དང་ལེགས་སྒྲིག་བྱེད་ཆེད། ང་ཚོས་ད་དུང་མཚོ་སྐོར་ས་ཁུལ་དུ་གེ་སར་སྒྲུང་གི་སྒྲུང་བས་རྒྱུན་འཛིན་བྱ་འགུལ་སྤེལ། མང་ཚོགས་ཀྱི་གར་སྟེགས་ཀྱིས་བསྡོམས་པས་འཁྲབ་སྟོན་ཐེངས་ཞེ་བཞི་བྱས་པ་དང་། ལྟད་མོ་བ་མི་གྲངས་ཁྲི་གཅིག་སྟོང་གཉིས་ལ་བསླེབས། གོ་རིམ་རྗེས་མར་ང་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། རིགས་མི་འདྲ་བའི་བྱ་འགུལ་རྒྱ་ཆེར་སྤེལ་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་ཟེར།

ཧའེ་ཡན་རྫོང་གི་ཧྲུའུ་ཅི་ཏུང་ཡའི་ཡས་ཀྱིས་བཤད་རྒྱུར། “ཧའེ་ཡན་རྫོང་གིས་ཐོན་ལས་ལེགས་སྒྲིག་མི་ལེགས་པ་དང་། འཕར་སྣོན་གྱི་རིམ་པ་དམའ་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་མི་འདང་བའི་དོན་དངོས་ཀྱི་གནད་དོན་ལ་ཁ་གཏད་ནས་ང་ཚོའི་མུ་མཐུད་དུ་རྣམ་པ་བསྒྱུུར་བ་དང་སྒྲིག་གཞི་ལེགས་སྒྲིག འཕན་འབྲས་ལེགས་པའི་རྨང་གཞིའི་སྟེང་སྤྱིའི་གྲངས་ཚད་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་གོང་འཕེལ་གྱི་རྣམ་པས་འགྱུར་ལྡོག་གསར་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གྱིས་ཁྱད་ཆོས་གསར་བ་མངོན་རྒྱུ།”ང་ཚོའི་ཧའེ་ཡན་རྫོང་གིས་དོན་དངོས་ལ་རྐང་བཙུགས་ཏེ“ཐོན་ལས་དང་པོར་ཤུགས་ཆེན་གྱིས་སྒྲུབ་པ། ཐོན་ལས་གཉིས་པ་ལེགས་པོར་སྒྲུབ་པ། ཐོན་ལས་གསུམ་པ་རྒྱ་ཆེར་སྒྲུབ་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ནས་ཁྱོན་ཡོངས་ནས་ཐོན་ལས་སྣ་མང་གི་ཐོན་ལས་འབྲེལ་ཐག་དང་ཐོན་ལས་ཀྱི་རིན་ཐང་རྒྱ་ཆེ་རུ་གཏོང་བ་དང་། ཐོན་ལས་གསུམ་གྱི་གྲུབ་ཚུལ་ལེགས་སྒྲིག་ཚགས་དམ་དུ་གཏོང་བ། བློ་ཐག་རྦད་ཆོས་ཀྱིས་སྦག་བཙོག་གི་ཚད་མཐོ་བ་དང་ཟད་གྲོན་ཆེ་བའི་ཁེ་ལས་སྐོར་ཞིག་ལ་ལེགས་བཅོས་བྱས་ནས་མཚམས་འཇོག་ཏུ་བཅུག་པའམ་སྒོ་བརྒྱབ་པ་དེས།རྒྱལ་དམངས་ཐོན་འབབ་ཀྱི་འཕར་སྣོན་ཇེ་དལ་དུ་སོང་ནའང་ལྷད་མེད་མཐུན་སྦྱོར་གྱི་རྒྱུད་མཐུད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་དོན་གྲུབ་ཀྱིས་མགོ་ལོག་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་ལོ་ལྔའི་འཕེལ་རྒྱས་ལ་ཕྱིར་འདང་བྱས་ཏེ་བཤད་རྒྱུར། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མགོ་ལོག་ཁུལ་གྱིས་དོན་དངོས་ལ་རྐང་བཙུགས་ཏེ“སྲུང་སྐྱོབ་དང་འཕེལ་རྒྱས་གཉིས་གཞི་གཅིག སྐྱེ་ཁམས་དང་ཐོན་ལས་གཉིས་ཟུར་འབྲེལ”གྱི་འཕེལ་རྒྱས་འདུ་ཤེས་བཅངས་པ་དང་། མཉམ་ལས་ཁང་གི་ཐོན་སྐྱེད་རྒྱུ་ཆ་ལེགས་སྒྲིག་དང་ཐོན་ཁུངས་ཁྱད་སྟོབས་བཀོད་སྒྲིག མ་རྐང་ལམ་ལུགས་བཅོས་སྒྱུར་བྱེད་པ་བཅས་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་པ་དང་། གནད་ཁེལ་ཐོན་ལས་དབུལ་སྐྱོར་བྱ་བ་དང་ཟུང་འབྲེལ་བྱེད་པ། མཐོ་སྒང་གི་སྐྱེ་ལྡན་སྐམ་ཤ་དང་བོད་ལུག་གི་ཤ།མཐོ་སྒང་གི་སྐྱེ་ལྡན་འབྲུ་མོའི་འོ་རིགས་ཐོན་རྫས། མཐོ་སྒང་གི་ཕྱུགས་རིགས་གསོ་སྤེལ། གཟན་རྩྭ་འདེབས་འཛུགས། སྐྱེ་ལྡན་ཚོད་མ་འདེབས་འཛུགས། ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་འདེབས་འཛུགས་དང་ལས་སྣོན་སོགས་ཞིང་ཕྱུགས་ཐོན་ལས་ཅན་ཆེན་པོ་དྲུག་གི་ཐོན་ལས་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྣམ་པ་གསར་བའི་ཚོང་གཉེར་གཙོ་གཞི་གསོ་སྐྱོང་བྱས་ཏེ། སྒྲིག་གཞི་ཅན་དང་གཞི་ཁྱོན་ཅན། ཞིབ་ལས་ཅན་དུ་འགྱུར་བའི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས།

ཞིང་ཕྱུགས་ལས་གྱི་གྲུབ་ཚུལ་སྒྲིག་གཞི་ལེགས་སྒྲིག་བྱེད་པ་གཙོ་བོར་བཟུང་ནས“སྐྱེ་ཁམས་ཐོན་ལས་འཚོ་བ་དྲང་གཞག་ལུགས་མཐུན་ཡོང་བར་སྐུལ་འདེད”དང་།ཧུར་ཐག་གིས་ཞིང་འབྲོག་མང་ཚོགས་ཀྱི་སྣ་གཅིག་རང་བཞིན་གྱི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་ལྟ་སྐྱོང་གི་རྣམ་པ་དེ། སྐྱེ་ཁམས་ཐོན་ལས་འཚོ་བའི་འཁོར་སྐྱོད་བཟང་པོའི་ཕྱོགས་སུ་མངོན་གྱུར་བྱེད་དགོས།

དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱུན་འཁྱོངས་ དང་འཕེལ་རྒྱས་སུ་གཏོང་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ཁྲོད་ཞི་ཅིན་ཕིང་གིས་“ངེས་གསལ་”བརྒྱད་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་རྒྱས་བཤད་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བ་ནི་མར་ཁེ་སུ་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་བ་གསར་བ་ཡིན་ལ། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་ཐབས་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཐབས་ཇུས་རྒྱས་བཤད་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་པ་དེ། རང་ཞིང་གི་སྤྱི་ཚོགས་ཚན་རིག་པའི་སྡེ་ནས་གྲགས་འགུལ་ཆེན་པོ་བྱུང་། རང་ཞིང་གི་སྤྱི་ཚོགས་ཚན་རིག་གི་ཆེད་མཁས་པ་དག་གིས་བསྟན་དོན། སྙན་ཞུའི་ཁྲོད་བརྗོད་པའི་དུས་རབས་གསར་བ་དང་། བསམ་བློ་གསར་བ་བཏོན་པ། དམིགས་འབེན་གསལ་བོ་བཟོས་པ་བཅས་ཀྱིས་ང་ཚོར་སེམས་ཤུགས་དང་སྐུལ་འདེད་ཆེན་པོ་གནང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་དགོངས་དོན་ཀྱི་དོན་དངོས་དང་ནང་དོན་ཕུན་ཚོགས་གོ་བ་གཏིང་ཟབ་བླངས་ཏེ་ལས་སྒོ་སོ་སོའི་བྱ་བའི་ཁྲོད་དོན་ཐོག་ཏུ་འཁྱོལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་པ་བསྟན།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ཁྲོད་བཏོན་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་ནི་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་བྱ་གཞག་གལ་ཆེན་ཞིག་ཡིན་པ་དང་། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་ན་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་སྤེལ་དགོས་པ་དང་། ངེས་པར་དུ་རླབས་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་དགོས་ལ །ངེས་པར་དུ་རླབས་ཆེན་གྱི་ལས་དོན་བསྒྲུབ་དགོས། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་དམིགས་འབེན་བཅས་ཕན་ཚུན་དམ་དུ་འབྲེལ་ཞིང་དམ་དུ་བརྟེན་ཡོད་ལ །དེའི་ནང་དུ་ཐག་གཅོད་རང་བཞིན་གྱི་་ནུས་པ་ཐོན་བཞིན་པ་ནི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་ཡིན། རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་ལོ་རྒྱུས་འོས་འགན་གྱི་མ་མཐའི་ཆ་རྐྱེན་ནི་ཏང་རང་སྟེང་གི་འཛུགས་སྐྲུན་ཡིན་པ་རྒྱས་བཤད་བྱས།”ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ཁྲིན་བིས་ལིན་གྱིས་ཐེངས་བཅུ་དགུ་བའི་སྙན་ཞུ་ལ་ཉན་རྗེས་མྱོང་ཚོར་ཟབ་མོའི་བཤད་རྒྱུར། སྙན་ཞུའི་ཁྲོད་ཐེངས་དང་པོར་ཁྱོན་ཡོངས་དང་མ་ལག་རང་བཞིན་གྱི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་རྒྱས་བཤད་བྱས་པ་དང་། ཐེངས་དང་པོར་ཁྱོན་ཡོངས་དང་མ་ལག་རང་བཞིན་གྱི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་བྱེད་ཐབས་རྒྱས་བཤད་བྱས་ཏེ་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱངས་ཀྱིས་དུས་རབས་གསར་བའི་རླབས་རྒྱུན་ལ་མཐུན་པར་མངོན་འགྱུར་དང་། གཞུང་ལུགས་གསར་གཏོད་དང་ལག་ལེན་འཚོལ་ཞིབ་ཀྱི་སྤོབས་པས་ཆབ་སྲིད་མཁའ་དབུགས་དང་དུས་རབས་འོས་འགན་ཁྲག་ཏུ་ལེན་ཕོད་པ་བསྟན།

མཚོ་སྔོན་སློབ་ཆེན་གྱི་མར་ཁེ་སུ་རིང་ལུགས་སློབ་གླིང་གི་གླིང་གཙོ་བའོ་ཡོན་ལང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ཁྲོད་རྒྱས་བཤད་བྱས་ཡོད་པའི་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འོས་འགན་སྐབས་བསྟན་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ཉེ་རབས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་ཡིན་ལ ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་གྱི་མི་རབས་ནས་མི་རབས་ཀྱི་ཀྲུང་གོའི་མི་ཡིས་མཛེས་སྡུག་གི་ཕུགས་འདུན་ཡིན་ལ །སྔར་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་ལས་དབང་དང་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་ཐུན་མོང་འབད་ཐབས་བྱེད་པའི་དམིགས་འབེན་ཡིན་པ་བསྟན། འཐབ་ཇུས་ཀྱི་དམིགས་འབེན་གལ་ཆེན་འདི་ནི། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ལ་བཅངས་པའི་འགྱུར་མེད་དམ་བཅའ་ཡིན་ལ། ང་ཚོའི་ཏང་གིས་ཚད་མཐོ་བའི་ལོ་རྒྱུས་ཀྱི་འགན་འཁྲི་དང་འོས་འགན་འཚོལ་སྙེག་མངོན་པར་བྱས་ཡོད་པར་མ་ཟད། ང་ཚོའི་ཏང་གིས་འགྲོ་ལམ་ཡིད་ཆེས་དང་། གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གཞུང་ཡིད་ཆེས་བཅས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་ནང་དོན་གསར་བ་བསྣན།

མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་སློབ་གླིང་དང་མར་ཁེ་སུ་རིང་ལུགས་སློབ་གླིང་གི་གླིང་གཙོ་ལིས་ཆོང་གིས་བསྟན་དོན། གནས་ཚུལ་གསར་བ་དང་གནད་དོན་གསར་བ། འགལ་བ་གསར་བ་བཅས་ལ་ཁ་གཏད་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་ཡིད་ཆེས་དང་དཀའ་སྤྱད་འབད་འཐབས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འོས་འགན་ཕྲག་ཏུ་ཁུར་ཡོད། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་འོག་ཏུ་ཕྱོགས་གཅིག་ནས་ཏང་གིས་གཏན་འཁེལ་བྱས་པའི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཞན་ཞིག་ནས་ང་ཚོའི་ཡང་བསྐྱར་བསམ་ཕྱོགས་གསར་བ་དང་མཐོང་སྣེ་གསར་བ། བྱེད་ཐབས་གསར་བ་བཅས་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་ལས་སྟོབས་ལྡན་ཡིན་པའི་ཚེ་སྲོག་གི་གསོན་ཤུགས་མངོན་པར་བྱས་ཏེ་མིའི་རིགས་ལ་ཁ་གཏད་པའི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་འཆར་འགོད་འདོན་སྤྲོད་བྱས་ཡོད་ཟེར།

བགྲོད་ལམ་གསར་བ་བཏོད་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་དགོས།
ཞིས་ཅིན་ཕིང་གིས་བསྟན་དོན། ང་ཚོའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ཏེ་བརྒྱ་ལོ་གཅིག་གི་འབད་ཐབས་དམིགས་འབེན་ཐེངས་དང་པོར་མངོན་འགྱུར་བྱེད་དགོས་པར་མ་ཟད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱས་ཏེ་བརྒྱ་ལོ་གཅིག་གི་འབད་ཐབས་དམིགས་འབེན་ཐེངས་གཉིས་པར་བསྐྱོད་པར་འབད་རྩོན་བྱེད་དགོས། ཞིང་ཆེན་ཁོངས་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ས་གནས་སོ་སོའི་མགོ་ཁྲིད་ལས་བྱེད་པ། རྒྱ་ཆེ་བའི་མང་ཚོགས་བཅས་ཀྱིས་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་བསྟན་དོན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་ཕུ་ཐག་ཆོད་པར། སྙིང་སྟོབས་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་མ་བྱ་དགོས།

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བུའུ་ཧེ་ཁོན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་གསལ་ཁ་བཏོད་པའི་དུས་རིམ་གཉིས་སྟེ། དུས་རིམ་དང་པོ་ནི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་དུ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔའི་རིང་འབད་བརྩོན་བྱས་ཏེ། གཞི་རྩའི་སྟེང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་དགོས། དུས་རིམ་གཉིས་པ་ནི་ཉིས་སྟོང་སོ་ལྔ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་ཡིན་ལ། གཞི་རྩའི་སྟེང་དེང་རབས་ཅན་མངོན་འགྱུར་བྱས་པའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔའི་རིང་འབད་བརྩོན་བྱས་ཏེ། རང་རྒྱལ་སྟོབས་ལྡན་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྟོབས་ལྡན་རྒྱལ་ཁབ་ཏུ་བསྐྲུན་དགོས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གྱིས་འཕེལ་རྒྱས་བཅོས་སྒྱུར་གྱི་བྱ་བ་སྣ་ཚོགས་ལ་མཛུབ་སྟོན་བྱེད་པ་དང་། ཧུར་ཐག་སྒོས་འཕེལ་རྒྱས་བཅོས་སྒྱུར་ལས་རིགས་ཀྱི་གནས་བབ་གསར་བ་གསར་གཏོད་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱེད་པ་དང་། མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པར་ནུས་པ་གང་ཡོད་འདོན་དགོས་ཟེར།

ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐེན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་དང་ཐེན་ཀྲང་ཡོའོ་ཁོན་ཡུས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས་མ་འོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་ལས་གསལ་བོར་བསྟན་ཡོད་པས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐོབ། མ་འོངས་བའི་བྱ་བཞག་ཁྲོད། ང་ཚོས་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་ལེའུ་གསར་བ་བསྐྲུན་པར་འབད་པ་ལྷོད་མེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ནུས་པ་གང་ཡོད་འདོན་དགོས་ཟེར།

ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཁྲུའུ་དྲུག་པའི་ལས་བྱེད་པ་ཝང་ཧྲི་ཁྲང་གིས་བཤད་རྒྱུར། ངའི་མྱོང་ཚོར་ཆེས་ཟབ་ཤོས་ནི་སྙན་ཞུ་ལས་དབུལ་སྐྱོར་གསར་སྤེལ་གྱི་རབ་དང་རིམ་པའི་གནད་དོན་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་དང་། ཁྱོན་ཡོངས་ནས་རང་རྒྱལ་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ལམ་གསར་བའི་སྟེང་གི་དཔེ་རིས་ཆེན་པོ་བྲིས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གསར་སྤེལ་བགྲོད་ལམ་གྱི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་མངོན་འགྱུར་བྱས་པ་དེ་ཡིན་ཟེར།

ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་སྡེ་ཁག་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཝང་ཡོན་ཧྲིན་གྱིས་བཤད་རྒྱུར། སྙན་ཞུ་ལས་བསྟན་དོན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པ་ནས་གཞི་རྩའི་སྟེང་དེང་རབས་ཅན་མངོན་འགྱུར་བྱེད་པ། དེ་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྟོབས་ལྡན་རྒྱལ་ཁབ་འཛུགས་བསྐྲུན་བྱེད་པ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ཐབས་ཇུས་བཀོད་སྒྲིག་ཡིན། ང་ཚོས་རང་ངོས་བྱ་བ་དང་ཟུང་སྦྲེལ་བྱས་ཏེ། བློ་བརྟན་འགྱུར་མེད་དང་སྙིང་རུས་ལྷོད་མེད། སྟོབས་ཤུགས་ཡོད་དགུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཐབ་ལམ་གསར་བའི་ཉམས་ལྡན་ལེའུ་ལེགས་པོར་འབྲི་དགོས་ཟེར།

ཞིང་ཆེན་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་ཐིན་ཐད་གཏོགས་སྡེ་ཁག་ཏང་ཨུའི་ལས་བྱེད་པ་ཀྲང་བུས་ཡུས་ཀྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་གི་སྙན་ཞུ་ཡིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོས་མུ་མཐུད་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་སྐུལ་འདེད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་སྐུལ་སློང་གི་དོན་སྙིང་ཟབ་མོ་ལྡན། མིག་སྔར་དང་མ་འོངས་པའི་དུས་ཡུན་ཐུང་ངུའི་ནང་། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འོས་འགན་འགངས་ཆེན་ཞིག་ཏུ་བརྩིས་ནས། དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་པ་དང་སྙན་ཞུའི་ཉིང་བཅུད་ཁོང་དུ་ཆུད་པར་བྱ་དགོས་ཟེར།

ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་སྡེ་ཁག་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀོའོ་ཏི་ཡན་གྱིས་བསྟན་དོན། ང་ཚོས་སྙན་ཞུའི་ནང་བཏོན་པའི་རེ་བ་ལྟར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”འི་རེ་བ་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། གནམ་གཤིས་བརྟག་དཔྱད་ཀྱི་བཅོས་སྒྱུར་ལས་རིགས་འཕེལ་རྒྱས་འགྲོ་བར་དོན་འཁྱོལ་ནན་མོ་དང་མཉམ་དུ་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པར་ཕུ་ཐག་བཅད་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་འབུལ་དགོས་ཟེར།

“ཚོགས་ཆེན་ཐེངས་བཅུ་དགུ་བ་དེ་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་སར་འགྲེང་སྟེ། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་བྱུང་བའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་རྒྱས་བཤད་གཏིང་ཟབ་བྱས་པ་དང་། ཏང་ཡོངས་ཀྱི་བློ་གྲོས་གཅིག་བསྡུས་བྱས་ནས་མི་དམངས་ཀྱི་རེ་སྒུག་དང་བསྟུན་དགོས།”ཞེས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧུའུ་ཐེ་སྲང་ལམ་ཞིན་ཞིས་སྡོད་ཁུལ་གྱི་ཀྲུའུ་རིན་ཁྲིན་ལིས་རུའུ་ཡིས་དེ་ལྟར་བཤད་པ་དང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པས་ཆ་ནས། དུས་རབས་ཀྱི་ཚོགས་འདུ་གཟབ་རྒྱས་འདི་ལ་གདོང་གཏད་དེ་སེམས་འགུལ་ཚད་མེད་དང་སྐུལ་ལྕགས་ཟབ་མོ་ཐེབས་ཡོད། ད་ལྟ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྒྱལ་ཁ་འཐོབ་པའི་དུས་སྐབས་ཡིན། མ་འོངས་པའི་བྱ་བཞག་ཁྲོད། ངས་མ་འོངས་པར་ཏང་གི་བཀའ་སློབ་དང་ཏང་ཡོན་གྱི་འོས་འགན་སེམས་སུ་དམ་པོ་བཟུང་སྟེ། ཐོག་མའི་སེམས་འདུན་མི་བརྗེད་པར་མདུན་དུབསྐྱོད་རྒྱུ་ཡིན་ཟེར།

མཚོ་སྔོན་ཀྲུང་ལི་ཀོང་ཆན་ལག་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཧི་ཞུའུ་ཚེ་ཡིས་བཤད་རྒྱུར། སྙན་ཞུ་ལས“ཉིས་སྟོང་སོ་ལྔ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ། གཞི་རྩའི་སྟེང་དེང་རབས་ཅན་མངོན་འགྱུར་བྱས་པའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔར་འབད་བརྩོན་བྱས་ཏེ། རང་རྒྱལ་སྟོབས་ལྡན་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྟོབས་ལྡན་རྒྱལ་ཁབ་ཏུ་བསྐྲུན་དགོས”ཞེས་བསྟན་པ་ཐོས་འཕྲལ། སེམས་སུ་གཟི་བརྗིད་ཀྱིས་ཁེངས་ཤིང་། ཕྲག་སྟེང་གི་འོས་འགན་སྔར་ལས་ལྕི་བའི་སྣང་བ་ཞིག་ཀྱང་སྐྱེས་བྱུང་། ཐོག་མའི་སེམས་འདུན་མ་བརྗེད་པར་མདུན་དུ་བསྐྱོད་ནས། མུ་མཐུད་དུ་མཛེས་སྡུག་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་བསྐྲུན་དགོས་ཟེར།

“ངེས་པར་ཏུ་མི་དམངས་ཀྱི་ཁེ་ཕན་ནམ་ཡང་ཚད་མཐོན་པོར་བཞག་སྟེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་འདྲ་མཉམ་སྒོས་མི་དམངས་སྤྱི་ལ་ཕན་པར་བྱ་དགོས།”“མུ་མཐུད་དུ་མི་དམངས་ཀྱི་ཉིན་བཞིན་ཡར་རྒྱས་འགྲོ་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བ་དང་། མུ་མཐུད་དུ་སྤྱི་ཚོགས་འདྲ་མཉམ་དྲང་བཞག་ཡོང་བར་སྐུལ་སྤེལ་བྱེད་པ། ནུས་ལྡན་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་ཚོགས་སྒྲིག་ལམ་བཟང་བོ་ཆགས་པར་བྱས་ཏེ། མི་དམངས་ལ་ཡིད་ཚིམ་དང་བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་འགན་སྲུང་ལྡན་པ། སྔར་ལས་རྒྱུན་མཐུད་ནུས་པར་བྱ་དགོས། ”ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་ཤུགས་སྣོན་གྱི་མདུན་ལྗོངས་ལེགས་པོ་བསྟན་པ་དེས་མཛད་སྒོའི་ཚོགས་ཆེན་ལ་ཉན་མཁན་དང་ལྟ་མཁན་རང་ཞིང་གི་ས་གནས་སོ་སོའི་རྒྱ་ཆེའི་ལས་བྱེད་པར་རེ་བའི་ཁེངས་བར་བྱས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཐོག་མའི་སེམས་འདུན་མ་བརྗེད་པར་མདུན་དུ་བསྐྱོད་དེ། ནུས་པ་ཡོད་དགུས་འབད་བརྩོན་བྱ་རྒྱུའི་ཧུར་སེམས་མཚོན་པར་བྱས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལས་རིགས་སྐུལ་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་མེན་གྱིས་བཤད་རྒྱུར། སྙན་ཞུ་ཡིས་ང་ཚོའི་མ་འོངས་བྱ་བཞག་ལ་བརྩི་སྲུང་འདོན་སྤྲོད་དང་ཁ་ཕྱོགས་གསལ་སྟོན་བྱས། ང་ཚོས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པ་ལྟ་བ་གཙོ་བོར་འཛིན་པ། སྒྲིག་གཞི་སྙོམས་སྒྲིག་བྱས་ཏེ་ལས་ཞུགས་གསར་སྤེལ་གྱི་སྟོང་ཆ་གསར་བ་རྒྱ་སྐྱེད་པ། བཅོས་སྒྱུར་གཏིང་ཟབ་བྱས་ཏེ་ལས་ཞུགས་གསར་སྤེལ་གྱི་སྦས་ཤུགས་དང་གསོན་ཤུགས་ལ་སྐུལ་སློང་བྱེད་པ། ཚོང་རའི་སྟོབས་ཤུགས་ལ་རྒྱབ་རྟེན་གང་ལེགས་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་ཞུགས་རྒྱ་སྐྱེད་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་རྒྱུན་མཐུད་སྒུལ་ཤུགས་ཆགས་པར་སྐུལ་སྤེལ་བྱེད་པ། གནད་ཕིགས་དབུལ་སྐྱོར་ཟུང་སྦྲེལ་ལ་སྐུལ་འདེད་དང་། ཏན་ཏིག་སྒོས་ཚོགས་པ་གཙོ་བོའི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་པ། ལས་ཞུགས་གཞི་རྩ་བརྟན་སྲུང་དང་། ཧུར་ཐག་གིས་སྔར་ལས་སྤུས་ཚད་མཐོ་ཞིང་གང་ལེགས་ཀྱི་ལས་ཞུགས་མངོན་འགྱུར་བྱ་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཅུའུ་ཡི་ཅུའུ་ཀྲང་སུང་མིན་གྱིས་བཤད་རྒྱུར། རྗེས་ཕྱོགས་ཧེ་ཡན་རྫོང་གིས་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་རྡལ་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག “རྒྱལ་ཁབ་འཕྲོད་བསྟེན་མཁར་གྲོང”འཛུགས་བསྐྲུན་བྱེད་པ་དང་། “བདེ་ཐང་ཞང་གྲོང”འཛུགས་བསྐྲུན་བྱ་བ་དམ་དུ་འཛིན་པར་སྐུལ་སྤེལ་བྱེད་པ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་ཟུང་དུ་སྦྲེལ་བ། དེར་བརྟེན་ཧེ་ཡན་རྫོང་གི་འཕྲོད་བསྟེན་རིག་གནས་བྱ་བའི་ཆགས་སྟངས་གྲུབ་པར་བྱ་དགོས།

གཏེར་ལེན་ཁ་གྲོང་ཁྱེར་གནད་ཕིགས་དབུལ་སྐྱོར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཞེ་ཧྲི་ཧྥིང་གིས་བཤད་རྒྱུར། “ང་ཚོས་དབུལ་ཕོངས་སྡེ་བ་མ་ཡིན་པའི་ནང་གི་དབུལ་ཕོངས་མི་ལ་དམིགས་ནས། ཞང་དང་གྲོང་རྡལ་ལ་མགྱོགས་མྱུར་གྱིས་དབུལ་སྐྱོར་ལས་མི་བཀོད་སྒྲིག་བྱེད་དུ་འཇུག་པ་དང་། འབྲེལ་ཡོད་བྱ་བར་སྐུལ་འདེད་བྱེད་པར་གཅིག་གྱུར་འཆར་འགོད་བཟོ་བ། ད་ལྟའི་བསམ་བློའི་དབུལ་ཐར་ཕྱོགས་བསྡུས་ཁྱབ་སྒྲོག་བྱ་འགུལ་གྱི་དུས་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། གཏིང་ཟབ་མོའི་སྒོ་ནས་མུ་མཐུད་དུ་ཁྱབ་སྒྲོག་བྱེད་ཚད་ཤུགས་ཆེར་གཏོང་བ། ནུས་ཡོད་སྒོས་དབུལ་ཐར་མཁྲེག་གཏོར་ཁྲོད་གནས་པའི་འདུ་ཤེས་རྙིང་བ་དང་བསམ་བློ་རྙིང་བའི་གནད་དོན་ཐག་གཅོད་བྱེད་པ། དབུལ་ཕོངས་ཁྱིམ་ཚང་དང་མཐའ་འཁོབ་ཁྱིམ་ཚང་གིས་ཁེ་ལས་དང་མཉམ་འབྲེལ་ལ་མཐུན་སྦྱོར་བྱེད་པ། ཁེ་ལས་ཀྱིས་ལག་རྩལ་དང་ཕྱུགས་ཟོག གཟན་ཆས། ལུད་རྫས་འདོན་སྤྲོད་བྱེད་པ་དང་། ཞིང་དུད་ཀྱིས་གསོ་སྤེལ་ཁོར་ཡུག་དང་ངལ་རྩོལ་པ་འདོན་སྤྲོད་བྱས་པ་བརྒྱུད་དབུལ་ཕོངས་ཁྱིམ་ཚང་གི་འཕེལ་རྒྱས་ཁྱད་ལྡན་ཐོན་ལས་ལ་སྐུལ་ཁྲིད་བྱ་དགོས།

“སྙན་ཞུའི་ཁྲོད་མཉམ་སྐྲུན་དང་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ལེགས་བཟོ་བྱེད་དགོས་པ་བཏོན་ཡོད་ལ། བྱ་བའི་རེ་བ་དང་བྱ་བའི་གཙོ་གནད་གསལ་བོར་བཏོན་ཡོད་པ་དང་། དེ་ལས་ང་ཚོའི་སྤྱི་ཚོགས་བཅོས་སྐྱོང་གི་འགན་འཁྲི་གསར་བར་ཤུགས་སྣོན་དགོས་པ་མཐོང་བ་མ་ཟད། ལས་སྐྲུན་གྱི་སྤྲོ་སེམས་སྔར་ལས་ཆེར་བསྐྱེད་བྱས།”ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཞའོ་ཆའོ་སྲང་ལམ་དོན་གཅོད་ཁྲུའུ་ཡི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཧྲུའུ་ཅི་ཀིག་ཞའོ་ཁྲིན་གྱིས་བཤད་རྒྱུར། རྗེས་ཕྱོགས། ང་ཚོས་མུ་མཐུད་དུ་ཞིབ་ཚགས་སྒོས་སྲང་ལམ་གཅིག་ཅན་གྱི་དོ་དམ་དཔེ་དབྱིབས་འཐུས་ཚང་དུ་གཏོང་བ་དང་། “1234”ཡི་བཀོད་སྒྲིག་རེ་བ་ལྟར། མུ་མཐུད་དུ་ལས་བྱེད་དང་མང་ཚོགས་ཀྱིས་རིམ་འགོག་དང་སྨན་བཅོས། བརྟན་འཇགས་སྲུང་སྐྱོབ་ཀྱི་ཆ་འཕྲིན་འཚོལ་སྡུད་དང་ཕྱིར་ལན་སྤྲོད་པ། དང་བླངས་པའི་ཞབས་ཞུ་སོགས་བྱ་བའི་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་བ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་རྒྱ་མཚོ་ཡིས་སྙན་ཞུ་ལ་ཉན་ཞོར། ཟིན་བྲིས་དེབ་སྟེང་འདི་ལྟ་བུའི་ཚིག་གཅིག་བྲིས་ཡོད་དེ། འཇོན་མི་ནི་གཙོ་བོ་ཡིན་ལ། སློབ་གསོ་ནི་མ་འོངས་པ་ཡིན། ང་ཚོས་ཧུར་ཐག་གིས་རྫོང་མི་རིགས་སློབ་འབྲིང་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། དགེ་རྒན་རེ་རེའི་ཆུ་ཚད་ཇེ་མཐོར་གཏོང་བ། སློབ་མ་རེ་རེར་སྐྱེད་སྲིང་བཟང་བོ་བྱེད་པར་འགན་འཁྲི་ཡོད་ལ། སློབ་ལོ་རན་པའི་སློབ་མ་དང་ན་གཞོན་རྣམས་ལ་སྔར་ལས་དྲང་བདེན་དང་སྤུས་ཚད་མཐོ་བའི་འོས་འགན་སློབ་གསོ་རོལ་མྱོང་བྱེད་དུ་འཇུག་དགོས་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཞང་ཝ་དཀར་གོང་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ལྕགས་ཐར་ཚེ་རིང་གིས་བཤད་རྒྱུར། སྙན་ཞུ་ལས་བསྟན་དོན། 2020ལོར་ད་ཡོད་ཀྱི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱེད་རྒྱུ་མངོན་འགྱུར་བྱེད་པ་དང་། འདི་ནི་ང་ཚོའི་ཏང་གིས་བཏོན་པའི་གཟི་བརྗིད་ཁས་ལེན་ཡིན་ལ། ངེས་པར་དུ་ཡོངས་འགྲུབ་བྱེད་དགོས་པའི་འགན་འཁྲི་གལ་ཆེན་ཡིན་པས་ཕྱིར་བཤོལ་བྱེད་ས་མེད། རྗེས་ཕྱོགས་ང་ཚོས་ངེས་པར་དུ་བྱ་བའི་དམིགས་འབེན་དང་འགན་འཁྲི། བསམ་གཞིགས་བཅས་སྔར་ལས་ལྷག་པའི་འཐུས་ཚང་དུ་བཏང་སྟེ། བསམ་བློའི་སྟེང་བྱ་བའི་བྱེད་སྟངས་དང་བསམ་པའི་རྣམ་པ་བསྒྱུར་ནས། དངོས་གནས་སྡེ་བ་ཡོངས་ཀྱི་ཏང་ཡོན་ལས་བྱེད་དཔུང་སྡེ་སྤྱིའི་བྱང་ཚད་ཇེ་མཐོར་གཏོང་དགོས། དེ་ལྟར་བྱས་ན། ང་ཚོས་དེང་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རེ་བ་དང་འཚམ་ཐུབ་ལ། ད་གཟོད་ཞིང་སྡེ་དང་འབྲོག་ཁུལ་འཕེལ་རྒྱས་སྐས་རིམ་གསར་བ་ཞིག་ཏུ་སྙེག་ཐུབ་ཟེར།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་དཔེ་སྟོན་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཉི་དགའ་ཡིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་བྱ་བ་ཡིན་ལ། དབུལ་ཕོངས་མེད་པར་བསྒྱུར་བའི་མཁྲེགས་གཏོར་འཐབ་འཛིང་ཞིག་ཀྱང་རེད། རྫ་ཆུའི་དཔེ་སྟོན་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཁྲོད་མཉམ་འདྲེས་བྱས་ཏེ་སྐྱེ་ཁམས་རོལ་མྱོང་བྱེད་དགོས། གོ་རིམ་རྗེས་མར། ང་ཚོས་སྲུང་སྐྱོབ་དང་འཕེལ་རྒྱས་མཉམ་དུ་བརྩི་སྲུང་བྱེད་པའི་རྩ་དོན་ལྟར། སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ་འཕེལ་རྒྱས་བརྩོན་པར་དམིགས་ནས། དཔེ་སྟོན་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ལས་ཞུགས་ལས་གནས་གསར་གཏོད། སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཕྱོགས་མང་པོ་ནས་འཆར་འགོད་བཟང་བོ་བྱེད་དགོས་པ་དང་། ལས་གཞི་ཡང་དག་པ་དང་བཟང་བོ་འདེམས་ཏེ་འབྲེལ་མཐུད་བརྩོན་ལེན་བྱེད་དགོས། ཧུར་ཐག་གིས་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་མཉམ་དུ་རྒྱལ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་སྒོས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས།
མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། རང་ཞིང་གི་ལས་བྱེད་དང་ལས་བཟོ་བས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་བ་བརྒྱུད་ནས། ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོག་པའི་གནས་ཚུལ་ལ་གཅིག་བསྡུས་སྒོས་ཉན་པ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་དུ་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་པའི་ཚུལ་བསྟན། ནུས་ཤུགས་ཡོད་དགུས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་ནུས་ཤུགས་ཇེ་ཆེར་བཏང་ནས། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་སྲ་བརྟན་དུ་བཏང་ནས། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ང་ཚོ་མི་རབས་འདིས་ཧུར་བརྩོན་བྱེད་དགོས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། “ང་ཚོས་སྔོན་ལ་གྲོན་ཆུང་བྱེད་པ་དང་སྔོན་ལ་སྲུང་སྐྱོབ་བྱེད་པ། རང་བྱུང་སླར་གསོ་གཙོར་ཡིན་པའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་བཅས་ཆགས་སུ་བཅུག་ནས། རང་བྱུང་ལ་ལྷིང་འཇགས་དང་འཆམ་མཐུན། མཛེས་སྡུག་བཅས་བསྩལ། དངོས་གནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གྱི་དོན་དངོས་གྲུབ་འབྲས་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་བྱ་བ་སོ་སོའི་ཁྲོད་སྐུལ་འདེད་བྱས་ནས། “ཏན་ཏན་ཏིག་ཏིག་བཞིའི”རེ་བ་གལ་ཆེན་ལ་ནན་ཏན་སྒོས་སྐུལ་འདེད་བྱེད་པ་དང་། ཧུར་ཐག་གིས“བསྒྱུར་བ་བཞིའི”འཕེལ་རྒྱས་འདུ་ཤེས་དངོས་འབེབ་བྱས་ནས། རྒྱལ་ཁབ་ས་ཁོངས་ཀྱི་བར་སྟོང་གསར་སྤེལ་སྲུང་སྐྱོབ་ལམ་ལུགས་འཛུགས་པ་དང་། ནུས་ཁུལ་གཙོ་བོའི་ཆ་ཚང་སྒྲིག་ཆས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོར་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་བཙུགས་ནས། རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་མུ་མཐུད་དུ་ལས་འབྲས་གསར་བ་སྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཁོར་ཡུག་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ལིས་ཧོང་ཆིས་ཀྱིས་བཤད་རྒྱུར། དེང་སྐབས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཏེ་མགོ་རྩོམ་ས་གསར་བ་ཞིག་ཏུ་གནས་ཡོད་ལ། རྗེས་ཕྱོགས། ང་ཚོས་མི་དམངས་ཡོངས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པ་དང་མགོ་ཁུངས་ནས་འགོག་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རླུང་ཁམས་ཆེན་མོའི་བཙོག་སྐྱོན་སྔོན་འགོག་གི་བྱ་སྤྱོད་མུ་མཐུད་དུ་ལག་བསྟར་བྱས་ནས། ནམ་མཁའ་སྔོ་ཞིང་ཁོར་ཡུག་གཙང་བར་བྱེད་དགོས། མགྱོགས་མྱུར་སྒོས་ཆུའི་བཙོག་སྐྱོན་སྔོན་འགོག་བྱས་ནས། བཞུར་རྒྱུད་ཀྱི་ཁོར་ཡུག་དང་མཚོ་ཁོངས་ཉེ་འགྲམ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། ཞིང་སའི་བཙོག་བཟོ་དོ་དམ་ཚོད་འཛིན་དང་སླར་གསོ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཞིང་ལས་ས་ཁུལ་གྱི་བཙོག་སྐྱོན་སྔོན་འགོག་ལ་ཤུགས་སྣོན་བྱེད་པ་དང་། ཞིང་སྡེའི་སྡོད་གནས་ཀྱི་ཁོར་ཡུག་ལེགས་བཅོས་བྱ་འགུལ་སྤེལ་དགོས། སྲ་གཟུགས་བེད་མེད་དངོས་པོ་དང་གད་སྙིགས་ཐག་གཅོད་ལ་ཤུགས་སྣོན་དགོས། བཙོག་བཟོ་ཕྱིར་གཏོང་གི་ཚད་གཞི་ཇེ་མཐོར་བཏང་ནས། བཙོག་སྐྱོན་འདོན་མཁན་གྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཡིད་རྟོན་དཔྱད་འཇོག་དང་ཆ་འཕྲིན་བཙན་གྱི་ཕྱི་རུ་སྒྲོག་པ། ཆད་པ་ནན་མོ་གཅོད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁེ་ལས་གྲུབ་ཆ་གཙོ་བོ་ཡིན་པ། སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་མཉམ་དུ་ཟབ་ཞུགས་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་དགོས་ཟེར།

སྙན་ཞུའི་ཁྲོད་བསྟན་དོན། “རི་ཆུ་ནགས། ས་ཞིང་། མཚེའུ། རྩྭ་བཅས་གཅིག་གྱུར་གྱིས་བཅོས་སྐྱོང་བྱས་ཏེ། ཆེས་གཟབ་ནན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་ཆགས་སུ་འཇུག་དགོས།”དེའི་ཐད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཨ་དགེ་འདུན་གྱིས་བཤད་རྒྱུར། “ཅང་མ་འགོར་བའི་སྔོན་ལ། མདོ་ལ་རི་བོའི་རི་ཆུ་ནགས། མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ལས་གཞི་དངོས་སུ་མགོ་བརྩམས་པ་དང་། དེ་རིང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་མགོ་ཚུགས་མཛད་སྒོ་བལྟས་རྗེས། ཡིད་ཆེས་བརྟན་པོ་ཡོད་པ་དང་རྩོལ་ཤུགས་སྔར་ལས་ཇེ་དྲག་ཏུ་སོང་། ང་ཚོས་མ་འོངས་པར་སྐྱེ་ཁམས་སྲུང་སྐྱོབ་མ་ལག་དང་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ཇེ་བཟང་དུ་བཏང་ནས། སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་དྲ་བ་འཛུགས་པ་དང་། སྐྱེ་ཁམས་མ་ལག་སྤུས་ཚད་དང་བརྟན་འཇགས་རང་བཞིན་ཇེ་མཐོར་བཏང་སྟེ། དོངས་གནས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། མདོ་ལ་རི་བོའི་རི་ཆུ་ནགས་ཀྱི་མཛེས་ལྗོངས་ལེགས་པོ་འཛུགས་སྐྲུན་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་རེ་བ་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་བྱེད་དགོས”ཟེར།

“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་དེང་ལ་འབད་ན་གཏན་དུ་ཕན་པ་ཞིག་རེད།”ཟི་ལིང་གྲོང་ཁྱེར་ཆུ་ལམ་དོ་དམ་སའོ་ཡི་སའོ་ཀྲང་ཅཱང་ཀྲི་ཀང་གིས་བཤད་རྒྱུར། ད་ལྟ། ཆུ་བདག་ལམ་ལུགས་ཏེ་ཙོང་ཆུའི་ཟི་ལིང་བཞུར་རྒྱུན་གྱི་གཞོང་ཆུ་དང་ཆུ་ཕྲན་ཡོངས་སུ་ཁེབས་པར་མངོན་འགྱུར་བྱུང་སྟེ། མགོ་ཁྲིད་གཙོ་བོས་དངོས་སུ་འགན་ཁུར་བ་དེས་སྔོན་ཆད་དོ་དམ་སྣ་མང་ཡིན་པའི་གནད་དོན་ཐག་བཅད་པ་དང་། འགན་ཁུར་སྔར་ལས་གསལ་བོ་དང་ཆུ་བོའི་བཞུར་ལམ་བཅོས་སྐྱོང་བྱེད་པར་སྟོབས་ཤུགས་མངོན་པའི་རྣམ་པ་ཞིག་ཆགས་ཡོད། ཆུ་ལམ་དོ་དམ་མི་སྣ་ཞིག་ཡིན་པའི་ཆ་ནས། རྗེས་ཕྱོགས་ང་ཚོས་ཧུར་ཐག་གིས་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པ་དང་འཁོར་སྐྱོད་བེད་སྤྱོད་བྱེད་པར་སྐུལ་འདེད་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་བྱ་འགུལ་ལག་བསྟར་བྱས་ནས། ནུས་པའི་ཟད་གྲོན་དང་དངོས་པའི་ཟད་གྲོན་ཇེ་དམའ་རུ་བཏང་སྟེ། ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་འཁོར་སྐྱོད་འབྲེལ་ཐག་མངོན་འགྱུར་བྱེད་དགོས། དོན་དངོས་བྱ་སྤྱོད་ལ་བརྟེན་ནས་རི་ཀླུང་སྔོ་ཞིང་ཆུ་མོ་དྭངས་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱེད་དགོས་པ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཚེ་སྲོག་ལ་སྲུང་སྐྱོང་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས། ནམ་མཁའ་སྔར་ལས་སྔོ་བ་དང་རི་ཀླུང་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་བ། ཁོར་ཡུག་སྔར་ལས་མཛེས་པར་གཏོང་དགོས་ཟེར།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཡཱ་ཧི་སྡེ་བའི“ཧྲུའུ་ཅི་དང་པོ”ལི་ཞའོ་ཅོན་གྱིས་ཚོར་སྣང་ཟབ་མོས་སྒོ་ནས་བཤད་རྒྱུར། “མི་དང་རང་བྱུང་ནི་ཚེ་སྲོག་གི་གྲུབ་ཆ་གཙོ་བོ་ཡིན་ལ། མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ལ་བརྩི་མཐོང་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱེད་དགོས། མིའི་རིགས་ཀྱིས་རང་བྱུང་གི་ཆོས་ཉིད་ལ་བརྩི་མཐོང་བྱས་ན། ད་གཟོད་གསར་སྤེལ་བེད་སྤྱོད་ཀྱི་ཐད་འཁྱོག་ལམ་དུ་མི་བགྲོད་པ་སྔོན་འགོག་བྱེད་ཐུབ།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པས། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་། ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བ་ཡིན་ཞེས་ཐེངས་མང་པོར་ནན་གྱིས་བསྟན། ལོ་གཉིས་ཀྱི་རིང་ལ། ང་ཚོས་ཡ་ཧི་སྡེ་བའི་ཁོར་ཡུག་ལེགས་པོར་བསྟེན་ནས། ཞིང་བའི་སྤྲོ་ཁྱིམ་གསར་སྤེལ་བྱས་ཤིང་། ད་ལྟ་སྡེ་མི་རྣམས་ཀྱིས་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་སྲུང་སྐྱོབ་བྱས་ཚེ། གསེར་རི་དངུལ་རིར་སྲུང་སྐྱོབ་བྱས་པ་དང་འདྲ་བའི་འདུ་ཤེས་བརྟན་པོ་ཆགས་ཡོད་ཟེར།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཧེ་ལམ་སྡོད་ཁུལ་གྱི་སྡོད་དམངས་ཁྲིན་ཅན་ཀའོ་ཡིས་དགའ་སྤྲོའི་ངང་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་། གྲོན་ཆུང་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་རོལ་སྟངས་དར་སྤེལ་དང་། རྒྱས་སྤྲོས་ཆུད་ཟོས་དང་ལུགས་དང་མི་མཐུན་པའི་འཛད་སྤྱོད་ལ་ངོ་རྒོལ་བྱས་ཏེ། གྲོན་ཆུང་རང་བཞིན་གྱི་ལས་ཁུངས་དང་། ལྗང་མདོག་གི་ཁྱིམ་གཞིས་དང་ལྗང་མདོག་གི་སློབ་གྲྭ། ལྗང་མདོག་གི་སྡོད་ཁུལ། ལྗང་མདོག་གི་འགྲོ་འོང་སོགས་གསར་འཛུགས་བྱེད་པའི་བྱ་སྤྱོད་སྤེལ་བའི་གྲོས་གཞི་བཏོན་པས། མང་ཚོགས་ཕལ་བ་ཞིག་གི་ངོས་ནས། བྱེད་ཐབས་རབ་དང་རིམ་པ་དངོས་འབེབས་དང་ལག་བསྟར་བྱས་འོག ང་ཚོ་མཚོ་སྔོན་གྱི་མཁའ་དབྱིངས་སྔར་ལས་དྭངས་ཞིང་རི་ཀླུང་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ངེས་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ལ། ང་ཚོས་རྗེས་ཕྱོགས་ཀྱི་བྱ་བ་དང་འཚོ་བའི་ཁྲོད་མུ་མཐུད་དུ་འབད་བརྩོན་བྱས་ཏེ་མཛེས་སྡུག་གི་ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་ཆེན་པོ་འདོན་རྒྱུ་ཡིན་ཟེར།

བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པས། ང་ཚོ་ཏང་ལ་ངེས་པར་དུ་རྣམ་པ་གསར་བ་དང་སྤྱོད་ཚུལ་གསར་བ་ཡོད་དགོས་ལ། བྱ་གཞག་ལེགས་པོར་བསྒྲུབ་ན་རང་ཉིད་ལ་སྟོབས་ཤུགས་དེ་བས་ཀྱང་ཆེན་པོ་ལྡན་པར་བྱེད་དགོས། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་འདི་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། རྒྱུན་ཆད་མེད་པར་ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་སྐོར་གྱི་རྒྱས་བཤད་ལ། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་གྲགས་འགུལ་ཆེན་པོ་བྱུང་། ཚང་མས་བསྟན་དོན། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཏང་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་གི་ཡུན་རིང་གི་སྲིད་འཛིན་ནུས་ཤུགས་འཛུགས་སྐྲུན་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྲུན་བྱེད་པ་དེ་གྲུབ་ཆ་གཙོ་བོར་བརྩི་བ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་གྱུར་བཀོད་འདོམས་དང་། ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དེ་གཞི་རྩར་བརྩི་བ། ཏང་ཡོངས་ཀྱི་བརྩོན་སེམས་དང་རང་རྟོག་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱེད་པ་ཤུགས་ཕུད་སར་བརྩིས་ཏེ། ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བྱེད་པ་དང་། ལམ་ལུགས་འཛུགས་སྐྲུན་དེའི་ཁྲོད་དུ་ཁྱབ་པར་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུན་ཆད་མེད་པར་ཏང་གི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ། ཏང་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲས་སུ་བསྐྱོད་པ་དང་། མི་དམངས་ཀྱིས་སེམས་གཏིང་ནས་གོང་བཀུར་བྱེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ། ཉམས་སད་སྣ་ཚོགས་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འགྱུར་བར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་བྱེད་ཕྱོགས་ལ་གོ་བ་ཟབ་མོ་ལེན་པའི་རྨང་གཞིའི་སྟེང་། ཚོགས་ཆེན་སྟེང་བཏོན་པའི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོ། ཁྱད་པར་དུ་དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལྟར་བསམ་གཞིགས་ཟབ་མོ་གཏོང་བ་དང་། རྩ་འཛུགས་བྱ་བ་དང་རྩ་འཛུགས་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་སྐོར་གྱི་མགོ་རྩོམ་ས་དང་ཟུང་འབྲེལ་བྱེད་ས། རྐང་འཛུགས་ས་བཅས་འཚོལ་ཞིབ་བྱས་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་། ཆེ་ཕྱོགས་ལ་ཞབས་ཞུ་བྱེད་པ་རྒྱུན་འཁྱོངས་དང་། ལས་བྱེད་པ་གདམ་གསེས་དང་མགོ་ཁྲིད་ཚན་ཁག་བཀོད་སྒྲིག དཔུང་སྡེ་འཛུགས་སྐྲུན་དང་འཇོན་མི་སྐྱེད་སྲིང་། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ། རྩ་འཛུགས་བྱ་བའི་བྱ་སྤྱོད་དངོས་ཀྱིས་ཧུར་ཐག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བཏོན་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་དང་། ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་བྱེད་དགོས།

དྲིལ་སྒྲོག་བསམ་བློ་བྱ་བ་སྒྲུབ་མཁན་ཞིག་གི་ཆ་ནས། ཆབ་སྲིད་ཕྱོགས་སུ་བློ་རྩ་སྔར་ལས་བརྟན་ཞིང་། དཀྱིལ་སྙིང་སྲུང་སྐྱོབ་བྱེད་པ་དང་། སློབ་སྦྱོང་ཕྱོགས་སུ་གཏིང་ཟབ་ཏུ་སློབ་སྦྱོང་དང་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ། དྲིལ་སྒྲོག་ཕྱོགས་སུ་ཕྱོགས་མང་པོ་ནས་སློབ་སྦྱོང་དང་བསམ་གཞིགས། བཀོལ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས་ཞེས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རིགས་གཞུང་ཁྲུའུ་ཡི་ཁྲུའུ་ཀྲང་ཕིན་ཡན་ཆིན་གྱིས་དེ་ལྟར་བཤད་བྱུང་།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་སྡེ་ཁག་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲང་ཕིན་བིས་ཀྱིས་བཤད་རྒྱུར། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གཙོ་བོར་འཇོག་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཀླད་པར་དྲག་ཆས་སྤྲས་པ། བསམ་བློའི་འདུ་ཤེས་སྲ་བརྟན་དང་ཏང་གི་དམིགས་འབེན་ཡིད་ལ་དམ་པོར་བཅངས་བ། རང་རྟོགས་སྒོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་འགྱུར་མེད་ཀྱི་དད་གུས་བྱེད་མཁན་དང་བློ་དཀར་གྱི་ལག་ལེན་མཁན་ཞིག་བྱེད་རྒྱུ་ཡིན་ཟེར།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཁྲིམས་སྲོལ་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་བང་ལིས་ཀྱིས་བཤད་རྒྱུར། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་དང་། མུ་མཐུད་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། སྙིང་རུས་ལྷེད་མེད་སྒོས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་གཏན་འཁེལ་གཟབ་ནན་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དངོས་འབེབས་བྱེད་པར་སྐུལ་འདེད་བྱེད་པ། སྒྲིག་ཁྲིམས་སྔོན་ལ་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་ལྟ་སྐུལ་འདྲི་ཞིབ་ཇེ་དྲག་ཏུ་བཏང་ནས། རྦད་ཆོད་སྒོས་རུལ་སུངས་གང་སར་ཁྱབ་པ་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

ཞིང་ཆེན་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ལན་ཡུས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཧུར་ཐག་སྒོས་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི“ཐོབ་ཚོར”འགན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ལ་ཁེ་ཕན་དངོས་ཀྱི་ཁྲོད་ནས་ཏང་རླབས་ཆེ་བ་དེ་ཚོར་དུ་བཅུག ལོ་རྒྱུས་ཀྱི་ཉམས་མྱོང་ལས་མི་དམངས་མང་ཚོགས་ཀྱི་སེམས་སུ་ཏང་གི་སྣང་བརྙན་སྔར་ལས་བཟང་ཞིང་ལས་དོན་སྔར་ལས་འཕེལ་རྒྱས་ཡིན་པ། མདུན་ལྗོངས་སྔར་ལས་རྒྱ་ཆེ་བ་དེ་མཚོན་ཡོད་ཟེར།

“ང་ཚོའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་བྱུང་བ་དང་། མི་དམངས་ཀྱི་ཁྲོད་རྩ་བ་ཚུགས་པ། མི་དམངས་ལ་ཞབས་ཞུ་བྱེད་པ་ཡིན་པས། ནམ་ཞིག་མང་ཚོགས་དང་ཁ་བྲལ་ཚེ་གསོན་ཤུགས་ཀྱང་ཉམས་སྲིད”ཅེས་ཧོང་ཀྲུང་རྫོང་ཐུའུ་མིན་ཀོན་ཞང་ཧྲང་ཧྲན་ཀྲོང་སྡེ་བར་སྡོད་པའི“ཧྲུའུ་ཅི་དང་པོ”ཀྲུང་ཡན་ཉིན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུར་ཉན་རྗེས་དེ་ལྟར་བཤད་ལ། “མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་ནི་དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ་པའི་ཕྱོགས་སྟོན་ཡིན”ཞེས་བཤད། ཏང་ཡོན་ཞིག་ཡིན་པའི་ཆ་ནས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཕུགས་འདུན་སེམས་ལ་དམ་པོར་བཅངས་བ་དང་། རང་ཉིད་ཀྱི་འོས་འགན་དང་འགན་འཁྲི་སེམས་སུ་བཟུང་སྟེ། ནམ་ཡང་གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་ཏེ་མགོ་རྩོམ་སར་བརྩིས་ནས། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་གནད་ཕིགས་དབུལ་ཐར་བྱ་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

“ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་ན། ངེས་པར་དུ་གཞི་རིམ་ནས་དམ་འཛིན་བྱེད་དགོས་ལ། བྱ་བ་དེ་ལེགས་སྒྲུབ་བྱས་ཚེ། ང་ཚོའི་རྒྱལ་ཁབ་ད་གཟོད་སྟོབས་དང་ལྡན་པ་ཞིག་ཏུ་འགྱུར་ཐུབ་ལ། མི་དམངས་ཀྱི་འཚོ་བར་ཡང་བདེ་སྐྱིད་ལྡན་ངེས་ཡིན། སྙན་ཞུའི་ནང་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཞེས་བླང་བྱ་བཏོན་པ་དེ་ནི་ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བར་མཚོན་ན་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན་སྲིད”ཅེས་གཏེར་ལེན་ཁ་གྲོང་ཁྱེར་ཧི་ཏུང་སྲང་ལམ་པེན་ཧི་ལམ་སྡོད་ཁུལ་གྱི་ཏང་གི་སྤྱིའི་ཀྲི་པུའུ་ཧྲུའུ་ཅི། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཧྥང་གིས་དེ་ལྟར་བཤད་བྱུང་།
 

ལོ་ཙཱ་བ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་འགྲུབ། རྟ་མགྲིན་སྐྱབས། ཤ་བོ་རིན་མཚོ། སྒྲོལ་མ་སྐྱིད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།