ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁྱིམ་ཚང་ཁྲི་དྲུག་གི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱེད་རྒྱུ་རེད།

སྤེལ་དུས། 2018-05-10 09:54:56   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

 ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་ཤེས་གསལ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁྱིམ་ཚང་ཁྲི་དྲུག་གི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱེད་རྒྱུ་རེད། དེ་ནི་གཙོ་བོ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་སོགས་གནད་ཆེའི་རོགས་སྐྱོར་བྱ་ཡུལ་དུ་བཞག་ནས། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་ལ་ཆེད་དུ་དམིགས་ཏེ་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་དང་། ས་བབ་དང་བསྟུན་ནས་མ་དངུལ་གཏོང་ཚད་དམའ་བ་དང་ལས་ཡུན་ཐུང་བ། ཕན་འབྲས་བཟང་བ་བཅས་ཀྱིས་ཞིང་པའི་ཉེན་ཁང་ཇེ་བརྟན་དུ་གཏོང་བའི་བསྒྱུར་བཀོད་བྱེད་ཐབས་ཁྱབ་གདལ་དུ་བཏང་ནས། དབུལ་བོ་ཁྱིམ་ཚང་གིས་ཁང་བ་ལས་ཐུབ་ཀྱིན་མེད་པའི་རྣམ་པར་ལེགས་བཅོས་བྱེད་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་རང་ཞིང་གིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་ལེན་དུ་བསྟར་བའི་བསམ་འཆར་ལྟར། ལོ་ངོ་གསུམ་གྱི་རིང་ལ་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་འཆར་གཞིའི་དམིགས་འབེན་གཏན་འཁེལ་གསལ་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དང་། ཞིང་སྡེའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་། ཞིང་སྡེའི་རྣམ་པ་བསྒྱུར་བཀོད་བྱེད་པ་བཅས་འགག་སྒྲོལ་བྱེད་པའི་ཁ་ཕྱོགས་སུ་བརྩིས་ནས། ཞིང་སྡེའི་ཁོར་ཡུག་རྣམ་པ་དངོས་གནས་ལེགས་བསྒྱུར་བྱ་རྒྱུ་རེད། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་ཏུ་བསྟར་ནས། དུས་བཅད་ལྟར་ས་གནས་སོ་སོའི་བཅོས་སྐྱོང་བྱ་བའི་འཕེལ་ཚད་ཡོངས་བསྒྲགས་བྱ་རྒྱུ་དང་། ཞིང་སྡེའི་འཚོ་བའི་གད་སྙིགས་ཁག་བགོས་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་བྱས་ནས། རོང་འབྲོག་ཁུལ་གྱི་བཙོག་ཆུ་བཅོས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། བྱང་ཆུབ་པའི་ལག་རྩལ་དཔེ་དབྱིབས་ཁྱབ་སྤེལ་བྱེད་པ། མིག་དཔེ་དཔེ་སྟོན་ལེགས་འཛིན་བྱེད་རྒྱུ་ཡིན་པ་དང་། ཞིང་སྡེའི་གསང་སྤྱོད་ཁང་གསར་བརྗེ་བྱེད་པར་སྐུལ་འདེད་བྱས་ནས། ཤུགས་ཆེན་པོས་གསང་སྤྱོད་ཁང་བསྒྱུར་བཀོད་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་ཏུ། ཞིང་སྡེའི་རྣམ་པ་སྔར་བས་ཇེ་བཟང་དུ་གཏོང་བ་དང་། ཞིང་སྡེ་རྣམ་པའི་བསྒྱུར་བཀོད་ལ་མཛུབ་སྟོན་བྱས་ནས། ཞིང་སྡེའི་རི་ཆུ་ནགས་ཞིང་གི་མཛེས་ལྗོངས་སྲུང་སྐྱོབ་དང་། ཞིང་སྡེའི་སྤྱི་སྤྱོད་མཛེས་བསྒྱུར་བར་སྟོང་ལེགས་བཅོས་བྱས་ཏེ། ཞིང་སྡེའི་ལྗང་བསྒྱུར་དང་བགྲོད་ལམ་འགྲམ་གཉིས་ཀྱི་གློག་སྒྲོན་གསར་བསྒྱུར་ལ་སྐུལ་འདེད་བྱེད་རྒྱུ་མ་ཟད། གཞི་རིམ་དུ་བྱ་འགུལ་སྣ་ཚོགས་སྤེལ་བར་རྩ་འཛུགས་བྱས་ནས་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་གསལ་པོར་མཚོན་པའི་གྲོང་གསེབ་བཟོ་དབྱིབས་སྐྲུན་གང་ཐུབ་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།