ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

ཀོས་ནན་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས་དབུལ་ཐར་མཁྲེགས་གཏོར་གྱི་ལོ་རྒྱུས་འགན་འཁྲི་ཕྲག་ཏུ་བླངས།

- དབུལ་ཐར་མཁྲེགས་གཏོར་གྱི་ལས་ཡུལ་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་ཀོས་ནན་རྫོང་གི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འགའི་གནས་ཚུལ་བཀོད་པ།

སྤེལ་དུས། 2018-05-24 12:11:31   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

ཉེ་བའི་ལོ་འགའི་རིང་། ཀོས་ནན་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་ནན་འཛིན་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་མགྱོགས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་བྱ་བ་ལེགས་པོར་སྒྲུབ་དགོས་པར་བཤད་པ་དང་། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བས་སྔ་སྣུར་གྱིས་དབུལ་ཐར་ཞྭ་མོ་ཕུད་ཐུབ་པར་ཁག་ཐེག་བྱས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཆ་ནས་ཁོ་ཚོས་དཀའ་ཁག་ཅི་རིགས་བསལ་ཏེ་འགག་སྒྲོལ་བྱས་པ་དང་། དབུལ་ཐར་ལ་སྣེ་ཁྲིད་དེ། དབུལ་ཐར་མཁྲེགས་གཏོར་གྱི་ལག་ལེན་དངོས་ཀྱི་ཁྲོད་ནས་བྱས་རྗེས་ཆེན་པོ་བཞག་ཅིང་། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་དྲག་པོ་ལས་རྒྱལ་ཁ་ལེན་པའི་ལམ་བུའི་སྟེང་རང་ཉིད་ཀྱི་འཇོན་ཐང་དང་གཟི་ཉམས་མངོན།

ཐར་ཤུལ་ཞང་ཐར་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་སྐྱོང་རྒྱལ་ནི་ཏང་ཡོན་ཞིག་ཡིན་པར་མ་ཟད། ས་དེའི་འབྲོག་པ་རྣལ་མ་ཞིག་ཀྱང་ཡིན་ལ། རིག་གནས་ཀྱི་ཆུ་ཚད་དེ་འདྲ་མཐོན་པོ་མེད་པས། ཡིག་ཆར་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ལོན་པའི་ཐད་དཀའ་ཁག་ཅུང་ཙམ་ཡོད་མོད། ཡིན་ཡང་། ཁོས་ཏང་གཤིས་གླེང་ཞིང་ཆབ་སྲིད་གླེང་ལ། རྩ་འཛུགས་ཀྱི་འདུ་ཤེས་ཀྱང་དྲག་པོ་ལྡན་པར་མ་ཟད། ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཐོག་མཐའ་བར་གསུམ་དུ་གོང་རིམ་ཏང་ཨུ་དང་ཚད་མཐོའི་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་མཆིས།

ཁོས་ཏང་ཀྲི་པུའུ་ཡི་གོང་བུར་སྒྲིལ་ཤུགས་དང་འབོད་སྐུལ་ནུས་ཤུགས། འཐབ་འཛིང་ནུས་ཤུགས་བཅས་བྱ་བ་གལ་ཆེན་ཏུ་བཟུང་བ་དང་། ཁོའི་སྣེ་ཁྲིད་འོག་སྡེ་བའི་ཏང་ཀྲི་པུའུ་ཡིས“སྡེ་སྲོལ་དམངས་ཆིངས”ལ་བཟོ་བཅོས་བྱེད་པ་ནི་གནད་ས་རུ་བཟུང་སྟེ། སྡེ་བའི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ལ་བསྟུན་ནས། སྙིང་སྟོབས་ཆེན་པོས“ནན་འགོག་ལྔ་དང་ཁས་ལེན་གཅིག་ལག་བསྟར་བྱས་ཏེ་སྡེ་དམངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ”དང་།“ཏང་གི་འཛུགས་སྐྲུན་དང་། གྲོང་གསེབ་བཅོས་སྐྱོང་།”“7531”དཔེ་དབྱིབས་བཅས་ཀྱི་བྱེད་སྟངས་གལ་ཆེན་བཏོན་པས། དུས་ཡུན་རིང་པོ་ཞིག་ལ་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་པའི་ལུགས་རྙིང་སྲོལ་ངན་དག་མཐའ་གཅིག་ཏུ་བཀག་སྡོམ་བྱས་པ་དང་། ཆང་བག་མེད་དུ་འཐུང་བ་དང་འཕྲོག་བཅོམ་བྱེད་པ། བག་མེད་ཆུད་ཟོས་བྱེད་པ་སོགས་ཀྱི་སྣང་ཚུལ་མི་ལེགས་པ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ལ། སྤྱི་ཚོགས་ཀྱི་དར་སྲོལ་ཇེ་ལེགས་སུ་སོང་བ་དང་། སྡེ་དམངས་ཀྱི་དྲིན་ཤེས་དྲིན་དྲན་འདུ་ཤེས་དང་སྤྱི་ཚོགས་ཀྱི་སྤྱིའི་ཡིད་རྟོན་ནུས་ཤུགས། ཡོང་སྒོ་བསྐྲུན་ཏེ་ཕྱུག་སྒྱུར་བྱེད་པའི་འདུ་ཤེས་བཅས་མངོན་གསལ་གྱིས་མཐོར་འདེགས་སུ་ཕྱིན།

ཐར་ཤུལ་ཞང་རྟ་ལུང་སྡེ་བའི“ཧྲུའུ་ཅི་དང་པོ”མ་ཧྲི་མིང་ནི་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཁོས་ཧུར་ཐག་འབད་འཐབ་བྱེད་པ་དང་། ངལ་དུབ་དང་འཁང་ར་བཟོད་བསྲན་ཐུབ་པ། གཞན་དོན་ལ་ནུས་པ་འདོན་པར་སྤྲོ་བའི་སྙིང་སྟོབས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྟ་ལུང་སྡེ་བའི་མང་ཚོགས་དང་ལས་བྱེད་པ་རེ་རེར་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད་ལ། ཁོས་ཕུལ་བྱུང་གུང་ཁྲན་ཏན་ཡོན་གྱི་ཚད་གཞི་དེས་རང་ལ་བླང་བྱ་འདོན་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། དཔེ་བཟང་སྣེ་ཁྲིད་དང་བདེན་འཚོལ་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་འདོན་སྤེལ་གང་ལེགས་བྱས་ཏེ། ཉེ་འཁོར་གྱི་མང་ཚོགས་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པ་དང་སྣེ་ཁྲིད་དེ། ཕུལ་དུ་བྱུང་བའི“ཧྲུའུ་ཅི་དང་པོ”ཡི་སྣང་བརྙན་ལེགས་པོ་ཞིག་བསྐྲུན་འདུག “ཧྲུའུ་ཅི་དང་པོ”ཡིན་པའི་ཆ་ནས་ཁོས་སེམས་གཏིང་ནས་སྡེ་བའི་མང་ཚོགས་ཀྱིས་ཁོ་དང་མཉམ་དུ་དཔུང་བ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་པའི་རེ་བ་ཟབ་མོ་བཅངས་ཡོད་ལ། དབུལ་ཕོངས་ཀྱི་སྡེ་བ་འདི་རེ་བ་གསར་བ་ཞིག་གི་ཁྲོད་ནས་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་བསྒྱུར་དུ་འཇུག་འདོད་ཀྱང་ཡོད་པ་རེད།

མང་ཆུ་གྲོང་རྡལ་ན་རན་སྡེ་བའི“ཧྲུའུ་ཅི་དང་པོ”ཡི་འགན་ཁུར་ཡོད་པའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དབང་ཕྱུག་བློ་གཅིག་སེམས་གཅིག་གིས་ན་རན་སྡེ་བའི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་སྟེང་གཞོལ་ཞིང་། ཉིན་མ་སུམ་བརྒྱ་དྲུག་ཅུ་བོར་ཁོར་ཧ་ལམ་དུས་ཆེན་དང་གུང་གསེང་མེད་པ་དང་། ནམ་རྒྱུན་ཉིན་མཚན་མེད་པར་བྱ་བ་སྒྲུབ་བཞིན་ཡོད་ལ། གཟའ་འཁོར་དུ་མའི་རིང་ལ་ཁྱིམ་དུའང་ལོག་ཁོམ་མེད། བུ་ཆུང་ཞིག་གི་ཆ་ནས་ཨ་མའི་དྲན་གདུང་དང་། ཁྱོ་ག་ཞིག་གི་ཆ་ནས་ཆུང་མར་འགན་འཁྲི། ཨ་ཕ་ཞིག་གི་ཆ་ནས་བྱིས་པར་འོས་འགན་བཅས་ཁོས་གང་ཡང་སྒྲུབ་ཐུབ་ཀྱིན་མེད། ཁོ་ནམ་རྒྱུན་འཛུགས་སྐྲུན་བྱེད་སའི་ལས་ཡུལ་དང་པོ་དང་། འགལ་ཟླ་རྩོད་གཞི་འདུམ་འགྲིག་བྱེད་པའི་ཆེས་མདུན་གྲལ་དུ་བརྒྱུགས་ཤིང་། བྱ་བའི་སྟེང་འགན་ཁུར་ཕོག་ཐབས་གཏན་ནས་མི་བྱེད། ཁྱིམ་ཚང་བརྒྱ་དང་བརྒྱད་ལ་ཡིག་ཚགས་དང་བྱང་བུ་བཟོས་པ་དང་། ཁྱིམ་ཚང་སོ་སོའི་གནས་ཚུལ་ཀྱང་ཁོ་ལ་གསལ་ཆ་ཆེན་པོ་ཡོད།

སྡེ་དམངས་རྣམས་ཀྱིས་ཁང་པ་བསྒྱུར་བཀོད་བྱེད་སྐབས་ཁོ་བཙལ་ལ། མ་དངུལ་ཐད་དཀའ་ངལ་ཡོད་དུས་དང་། འཕེལ་རྒྱས་ལས་གཞི་དངོས་འབེབས་བྱེད་དུས་ཀྱང་ཁོ་བཙལ་ཅིང་། གཞན་ད་དུང་ཁྱིམ་མཚེས་བར་གྱི་རྩོད་གཞི་འདུམ་འགྲིག་བྱེད་སྐབས་དང་། གད་སྙིགས་གང་བྱུང་དུ་གཡུགས་པ་དང་གང་བྱུང་དུ་སྤུངས་པའི་སྐབས་སུའང་ཁོ་བཙལ་མོད། ཡིན་ཡང་། ཁོར་སུན་སྣང་ཅི་ཡང་མེད་པར་རང་ས་ནས་བྱེད་ཐབས་དང་བློ་བཀོད་འདོན་པ་དང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། སྡེ་བ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ། མང་ཚོགས་ཀྱི་འཚོ་བའི་བདེ་སྐྱིད་དང་འཆམ་མཐུན་ལ་ཁག་ཐེག་བྱས་ཤིང་། རྗེས་ལུས་སྡེ་བའི་ཞྭ་མོ་ཕུད་དེ། ཉིས་སྟོང་བཅོ་བརྒྱད་ལོར་ཚང་མ་དབུལ་ཐར་བྱེད་པ་དང་། རྩ་བ་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པར་རྨང་གཞི་བཏིང་།

བྱ་མདོ་ཞང་ར་རྫ་སྡེ་བའི་ཧྲུའུ་ཅི་དང་པོ་རིག་འཛིན་རྡོ་རྗེ་ཐོག་མར་སྡེ་བར་སྡོད་སྐབས། སྡེ་བའི་ནང་དུ་གནད་དོན་གང་མང་ཡོད་ལ། དཀའ་ཁག་ཀྱང་མང་དུ་ཡོད་མོད། མང་ཚོགས་རྣམས་ཀྱིས་དེར་སེམས་ཁུར་གང་ཡང་མི་བྱེད་པར་ནམ་རྒྱུན་ད་ཡོད་གནས་ཚུལ་ལ་ཡིད་ཚིམ་སྟེ་བསྡད་ཡོད། གནས་ཚུལ་དེ་འདྲའི་འོག་ཏུ། ཁོས་འཁང་ར་ཅི་ཡང་མི་བྱེད་པར། རང་ཉིད་སྡེ་བའི་མི་ཞིག་ཏུ་བསམས་ཏེ། སེམས་རྣལ་ལ་ཕབ་ནས་བྱ་བ་ཏན་ཏིག་གིས་བསྒྲུབས་པ་དང་། རང་འགུལ་གྱིས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཆུང་དང་ཕན་ཚུན་བསམ་བློ་མཐུན་སྦྱོར་བྱས་ནས། ཕྱོགས་གང་ཐད་ནས་སྡེ་དམངས་རྣམས་ཀྱི་བསམ་འཆར་སྡུད་ལེན་བྱས་པ་དང་། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་དང་མི་ཕྱུགས་ཀྱི་འཐུང་ཆུའི་བཟོ་འགོད། འདམ་ཟེགས་གནོད་སྐྱོན་འགོག་སེལ། ཆུ་རྐ་གཙང་སྒྱུར། དབུལ་སྐྱོར་མ་དངུལ་མར་གཏོང་བ། ཐོན་ལས་ཅན་གྱི་དབུལ་སྐྱོར་བཅས་ཀྱི་ལས་གཞི་གལ་ཆེན་ཏན་ཏིག་གིས་དངོས་འབེབས་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཁོས་རང་ཉིད་ཀྱི་ཕྲག་སྟེང་གི་འོས་འགན་ཟབ་མོར་རྟོགས་ཡོད་ལ། དམིགས་འབེན་གཅིག་ཡོད་པ་ནི་རྦད་དེ་དབུལ་ཐར་བྱ་རྒྱུ་དེ་རེད། ཁོའི་བྱ་སྤྱོད་དང་སྙིང་སྟོབས་ཀྱིས་མང་ཚོགས་རྣམས་ལ་སྐུལ་མ་ཐེབས་པ་དང་། མང་ཚོགས་རྣམས་ཀྱི་བསམ་བློ་ནི་སྔོན་ཆད་སེམས་ཁུར་གང་ཡང་མི་བྱེད་པ་ནས་རང་འགུལ་གྱིས་ཤུགས་དང་ཐབས་ཇུས་འདོན་མཁན་དུ་གྱུར་ཞིང་། སྡེ་བའི་རྣམ་པ་ཡང་གསར་པ་གསར་རྐྱང་དུ་གྱུར་ཏེ། མང་ཚོགས་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡང་སྔར་ལས་ཇེ་ལེགས་སུ་ཕྱིན།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།