ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

རྩྭ་ཐང་གི་འབྲོག་པ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་བོད་ཁྱིམ་མཉམ་ལས་ཁང་།

སྤེལ་དུས། 2018-07-02 09:40:10   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།

མགོའི་སྐྲ་ལོ་ཅུང་ཙམ་འཁྱིལ་ཞིང་གཟུགས་པོ་རིང་རྒྱུ་མེད་ལ། བོད་ལྭ་གྲལ་དག་ཅིག་གྱོན་ཡོད་པ་དང་སྐྱ་མདོག་གི་མདངས་དང་ལྡན་པའི་ངོ་གདོང་ལ་གྲུང་ཉམས་ཀྱིས་ཁེངས་འདུག་པ་དེ་ནི་རྡོ་བྷོ་རེད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མཁར་དམར་ཞང་སྡེ་ཁུལ་བདུན་པའི་གཡང་ལུང་སྡེ་བ་རུ། རྡོ་བྷོ་དང་པའེ་ཧྭ་ཞེས་བོད་རིགས་བཟའ་ཟླ་འདི་གཉིས་ཀྱི་མིང་གླེང་ཚེ། སྡེ་བའི་ཡུལ་མི་སྤུན་ཟླ་ཚོས་ཁོ་ཚོར་བསྟོད་བསྔགས་བྱེད་ལ། འགྲོ་རོགས་བྱེད་པའི་ཞང་ཐོག་གི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། རྡོ་བྷོ་དང་པའེ་ཧྭ་བཟའ་ཟླ་གཉིས་ནི་སྡེ་བའི་ནང་དུ་མིང་གྲགས་ཆེ་སྟེ། རྒྱུ་མཚན་ནི་ཁོ་བཟའ་ཟླ་གཉིས་ཀྱིས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ཀྱི་འཚོ་བར་རོལ་དུ་བཅུག་པ་རེད།
བོད་རིགས་སྤུན་ཟླ་གཞན་དང་འདྲ་བར། ལོ་ངོ་དུ་མའི་སྔོན་དུ་རྡོ་བྷོ་དང་པའེ་ཧྭ་གཉིས་ཀྱིས་ཀྱང་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཡིན་ཡང་། བློ་རིག་གསལ་ཞིང་ལག་བདེ་བའི་པའེ་ཧྭ་ཡིས་བོད་ཀྱི་ཁྱེའུ་ཟས་སྣ་ཚོགས་ལས་ཤེས་པར་མ་ཟད། ད་དུང་སྡེ་བའི་ནང་ཆེས་ཞིམ་པའི་ཞོ་བསྙལ་མཁན་དེ་ཡིན་པས། ཁོ་བཟའ་ཟླ་གཉིས་ལ་ཚོང་གཉེར་བའི་བསམ་ཚུལ་སྐྱེས། 2007ལོར་སྡེ་བའི་ཏང་ཀྲི་པུའུ་ཡིས་གྲོས་མགོ་བཏོན་འོག ཁོ་བཟའ་ཟླ་གཉིས་ཀྱིས་ཁྱིམ་ཚང་གི་ལུག་མང་ཤོས་བཙོངས་པ་དང་། བསགས་དངུལ་ཡོད་ཚད་བཀོལ་ཏེ་བཀྲ་ཤིས་ཕྱུགས་ལས་ཐོན་རྫས་ཚོང་གཉེར་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། བཙུགས་མ་ཐག་པའི་མཉམ་ལས་ཁང་དེ་དཀའ་ཁག་མང་པོར་འཕྲད།
རྡོ་བྷོ་ཡི་བག་ཆགས་ཁྲོད་སྐབས་དེའི་འཚོ་བ་ནི་ཆེས་སྡུག་ཅིང་ཆེས་སྐྱིད་པ་དེའང་ཡིན་ལ། པའེ་ཧྭ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་འོ་མ་བཞོ་བ་དང་ཞོ་བསྙལ་དགོས་ལ། ཆར་རླུང་དང་ཚ་སྡུག གྲང་ངར་སོགས་ཇི་འདྲ་ཆེ་རུང་རྡོ་བྷོ་འཕྲུལ་རྟར་ཞོན་ཏེ་རྫོང་མཁར་དུ་ཚོང་རྫས་སྐྱེལ་དུ་འགྲོ་དགོས། ལོ་དུ་མའི་རྗེས་སུ། ཁྱིམ་ཚང་གི་ཡོང་སྒོ་མངོན་གསལ་གྱིས་འཕར།
འགྱུར་ལྡོག་དེ་ལས་ཁོ་བཟའ་ཟླ་གཉིས་འབྲོག་པ་ཞིག་ནས་སྦྱིན་བདག་ཏུ་གྱུར་ལ། མཉམ་ལས་ཁང་གི་འཁོར་སྐྱོད་རྒྱུན་ལྡན་དུ་གྱུར་པ་དང་བསྟུན་ནས། མཉམ་ལས་ཁང་གི་རྒྱ་ཇེ་ཆེ་ནས་ཇེ་ཆེར་གྱུར་པ་དང་། མིག་སྔར་མཉམ་ལས་ཁང་གིས་ད་དུང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང25ལ་ལས་གནས་འདོན་སྤྲོད་བྱས་ཤིང་། མི་རེར་ཟླ་ཕོགས་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་སྟེར་བཞིན་ཡོད་ལ། ལས་བཟོ་བར་ལོ་གཅིག་ལ་ཆ་སྙོམས་ཀྱིས་ཡོང་སྒོ་རྐྱང་བ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ཡོད་ཅིང་། ལོ་རེའི་ཐོན་སྐྱེད་མང་པོའི་དུས་སྐབས་སུ་ལས་བཟོ་བའི་མི་གྲངས་བཞི་བཅུ་ལྷག་ལ་སླེབས་ཐུབ།
ད་ལྟ་མཁར་དམར་ཞང་གི་འབྲོག་པ་རྣམས་ཀྱིས་བཀྲ་ཤིས་ཕྱུགས་ལས་ཐོན་རྫས་ཚོང་གཉེར་ཆེད་ལས་མཉམ་ལས་ཁང་དུ་སོང་ཚེ། ཡོང་སྒོ་བཙལ་ཐུབ་པ་མ་ཟད་ད་རུང་ལག་རྩལ་ཡང་སྦྱངས་ཐུབ་པ་ཤེས་ཡོད།
ཐེམ་ཆེན་རྫོང་མཁར་དམར་ཞང་དུ་བསྡོམས་པས་མི་གྲངས་སྟོང་གཉིས་ཡོད་པ་དང་། གཙོ་བོ་བོད་རིགས་ཡིན་ལ། རྣ་རྫོང་དང་གསེར་ཆུ། ཁྲ་ཐུང་སོགས་བསྡོམས་པས་འབྲོག་དམངས་ཨུ་ཡོན་ལྷན་ཁང་དགུ་ཡོད། བཀྲ་ཤིས་ཕྱུགས་ལས་ཐོན་རྫས་ཚོང་གཉེར་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་བཟོ་ཁང་དུ་མཚམས་མཚམས་སུ་འབྲོག་དམངས་ཨུ་ཡོན་ལྷན་ཁང་དགུ་ནས་ཐོན་པའི་འབྲོག་པ་རྣམས་ལས་ཀ་གཉེར་བ་དང་སློབ་སྦྱོང་བྱེད་དུ་ཡོང་བཞིན་ཡོད།
ཐེམ་ཆེན་རྫོང་དུ། པའེ་ཧྭ་ཚང་གི་གོ་རེ་གཅུས་མ་དང་ཞོ་ནི་ཆེས་དགའ་བསུ་ཐོབ་པའི་ཐོན་རྫས་ཡིན་ལ། རྒྱུན་པར་མཁོ་མང་སྤྲོད་ཉུང་གི་ཚད་རེད།
འདི་ལྟར། མཉམ་ལས་ཁང་གིམིང་གྲགསཇེ་ཆེ་ནས་ཇེ་ཆེར་གྱུར་པས། རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་དེར་དོ་སྣང་བྱས་པ་དང་། རྫོང་དང་ཞང་གི་རིམ་པ་སོ་སོའི་སྡེ་ཁག་གིས་འབད་བརྩོན་བྱས་པ་བརྒྱུད། པའེ་ཧྭ་མཉམ་ལས་ཁང་གིསདབུལ་སྐྱོར་གསར་སྤེལ་ལས་ཕྱོད་བྱ་དགའི་མ་དངུལ་ལས་གཞིརེ་ཞུ་བྱས་ཏེ་ཐོབ་པ་དང་། རྒྱལ་ཁབ་ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་དམིགས་མ་དངུལ་སྒོར་འབུམ་གཉིས་དང་། ཁུལ་རིམ་པའི་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་འབུམ་ལྔ་བརྩོན་ལེན་བྱས་ལ། ད་ལོར་རྡོ་བྷོ་དང་པའེ་ཧྭ་གཉིས་ཀྱིས་མ་དངུལ་དེ་དག་སྤྱད་དེ་ཐོན་སྐྱེད་ཁང་བ་གསར་པ་ལས་ཏེ། ཐོན་སྐྱེད་གཞི་ཁྱོན་རྒྱ་བསྐྱེད་བཞིན་ཡོད།
ལོ་ཙཱ་བ། རྟ་མགྲིན་སྐྱབས། 
མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།