ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

མཚོ་ལྷོ་ཁུལ་ཕྱུགས་ལས་ཀྱི་ཁུལ་ཆེན་པོའི་ཕྱོགས་སུ་མགྱོགས་མྱུར་གྱིས་བསྐྱོད་པ།

སྤེལ་དུས། 2018-07-08 15:26:45   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།

 མཚོ་སྔོན་ཞིང་ཆེན་ནོར་གནག་ཐོན་ལས་མནའ་འབྲེལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དཔེ་སྟོན་ཁུལ་སྐྲུན་པ་དང་། ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་འཚོགས་པ་སྟེ།ཉེ་ལམ་བསྡུས་པའི་མཚོ་སྔོན་ཞིང་ཆེན་ནོར་གནག་ཐོན་ལས་མནའ་འབྲེལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དཔེ་སྟོན་ཁུལ་བསྐྲུན་པའི་ཚོགས་ཆེན་དང་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བྱ་འགུལ་འདི་གཉིས་ཟླ7པའི་ཚེས3ཉིན་ཀོས་ནན་རྫོང་ནས་མགོ་རྩོམ་རྒྱུ་རེད། འདིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཕྱུགས་ལས་ཀྱི་ཁུལ་ཆེན་པོ་སྐྲུན་པའི་དམིགས་འབེན་གྱི་ཕྱོགས་སུ་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།

 མཚོ་ལྷོ་ཁུལ་གྱི་ཁོངས་སུ་བེད་སྤྱོད་ཆོག་པའི་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་གསུམ་དང་འབུམ་གསུམ་ཁྲི་དགུ་སྟོང་བཞི་དྲུག་བརྒྱ་ཡོད་པ་དང་། རྨོ་འདེབས་ས་ཞིང་སྤྱི་ཆིང་ཁྲི་དགུ་དང་སྟོང་གསུམ་སུམ་བརྒྱ་ལྷག་ཡོད་ལ། ལོ་མང་པོར་སྐྱེས་པའི་མིས་བཟོས་གཟན་རྩྭའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་བཞི་དང་། ལོ་རེའི་ལག་ཡོད་ཕྱུགས་རིགས་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་བཞི་ཡོད། དེའི་ནང་ནོར་གནག་ཁྲི་བརྒྱ་ཙམ་ཡོད་པས། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་སྤྱིའི་ཐོན་འབོར་སྒོར་དུང་ཕྱུར་ཞེ་ལྔ་ལྷག་ལ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་རོང་མ་འབྲོག་ས་ཁུལ་དང་ཕྱུགས་ལས་ཁུལ་ཆེན་དང་པོ་ཡིན་པའི་ཆ་ནས། ནོར་གནག་ཐོན་ལས་ནི་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་མདུན་ལྗོངས་ཆེན་པོ་ལྡན་པའི་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ལས་ཤིག་ཡིན།
 ལེགས་ཆ་འདི་ལ་བརྟེན་ནས། ད་ལོར་མཚོ་ལྷོ་ཁུལ་གྱིས་དཔལ་འབྱོར་སྤུས་ཀ་བསྟུད་མར་ལེགས་སྒྱུར་དང་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བའི་གོ་རིམ་ནང་། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་སྲ་བརྟན་དང་དོན་འཁྱོལ་ནན་མོ་བྱས་ནས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་རྟེན་གཞི་ཆེན་པོ་གསུམ་དང་། མ་ལག་ཆེན་པོ་གསུམ། ཚད་གཞི་ཆ་ཚང་བཟོ་བ། ནང་རྐྱེན་ཆ་ཚང་བའི“3311”བཟོ་འགོད་བཅས་ལ་དམ་པོར་དམིགས་ཏེ། རང་ངོས་ཀྱི་ས་གཤིས་དང་ཁོར་ཡུག ཕྱུགས་ལས་ཐོན་ཁུངས་བཅས་ཀྱི་ལེགས་ཆ་བཟང་པོར་བརྟེན་ནས། གླིང་ཁུལ་འདེགས་སྐྱོར་བྱེད་པ་དང་སྣེ་ཁྲིད་ཁེ་ལས་ཀྱིས་ཁྲིད་སྟོན་བྱེད་པ། མཉམ་ལས་ཁང་འབྲེལ་ཐག་བྱེད་པ། རྟེན་གཞི་རྨང་གཞི་བྱེད་པ། རོང་འབྲོག་ཁྱིམ་གཙོ་གཞི་བྱེད་པ་བཅས་ཀྱི་མཚོ་སྔོན་ཞིང་ཆེན་ནོར་གནག་ཐོན་ལས་མནའ་འབྲེལ་མཚོ་ལྷོ་ཁུལ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། ནོར་གནག་ཐོན་ལས་ཀྱི་གཟན་རྩྭའི་མ་ལག་དང་གསོ་སྤེལ་མ་ལག ལས་སྣོན་མ་ལག རྒྱུད་སྤེལ་མ་ལག ལག་རྩལ་མ་ལག་དང་ཆས་རྟགས་གཉེར་འཚོང་སོགས་མགྱོགས་མྱུར་ངང་བཙུགས་ཏེ། གསོ་སྤེལ་ཚད་ལྡན་ཅན་དང་། ལས་སྣོན་ཚད་གཞི་ཅན། གཉེར་འཚོང་དྲ་བ་ཅན། ཟོང་འགྲེམ་དེང་རབས་ཅན་གྱི་དེང་རབས་ཕྱུགས་ལས་ཐོན་ལས་ཀྱི་ཐོན་སྐྱེད་བདག་གཉེར་མ་ལག་མངོན་འགྱུར་བྱེད་དགོས་པ་དང་། མཚོ་སྔོན་ཞིང་ཆེན་ནོར་གནག་ཐོན་ལས་མནའ་འབྲེལ་མཚོ་ལྷོ་ཁུལ་དཔེ་སྟོན་ཁུལ་དེ་ཞང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་དང་།རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་ཐེག་བྱད་གལ་ཆེན་དུ་འགྱུར་བ་དང་། མཚོ་ལྷོ་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ནོར་གནག་ཐོན་ཁུལ་གལ་ཆེན་དང་ལྟེ་བའི་གསོ་སྤེལ་ཁུལ་དུ་འགྱུར་དུ་འཇུག་དགོས།
 “2025ལོའི་བར་དུ། ཁུལ་ཡོངས་སུ་ནོར་གནག་ལག་གསོའི་ཚད་ས་ཡ་གཅིག་ཡན་དང་། ལག་གསོ་དང་ལག་གསོ་ཕྱེད་ཙམ་གྱི་ཚད་འབུམ་ལྔ་ཡན་ལ་འབུད་པ་དང་། ལོ་རེར་བཤས་ཁོངས་སུ་གཏོང་ཚད་འབུམ་བཞི་ཡན་ལ་ཇེ་མཐོར་འགྲོ་བ། མོ་ཕྱུགས་ཀྱི་བསྡུར་གྲངས60%ཡན་ལ་འབུད་པ། ཤའི་ཐོན་ཚད་ཏུན་ཁྲི་ལྔ་ཡན་ལ་ཇེ་མཐོ་དང་། མིས་བཟོས་གཟན་རྩྭའི་རྟེན་གཞི་སྤྱི་ཆིང་ཁྲི་དྲུག་དང་སྟོང་དྲུག་དྲུག་བརྒྱ་རེ་དྲུག་ལྷག་ཡན་ལ་འབུད་པ། གཟན་རྩྭ་སྔོན་པོ་འདེབས་འཛུགས་བྱེད་པའི་རྟེན་གཞི་སྤྱི་ཆིང་ཁྲི་གཉིས་ཡན་ལ་འབུད་པ། ནོར་གནག་ཁྲི་ཅན་གྱི་ཚད་ལྡན་གསོ་སྤེལ་རྟེན་གཞི་གཉིས་འཛུགས་པ་དང་། མཛོ་ཁྲི་ཅན་གྱི་གསོ་སྤེལ་རྟེན་གཞི་གཅིག་འཛུགས་པ། ནོར་གནག་སྟོང་ཅན་གྱི་ལག་གསོ་ཕྱེད་ཙམ་གྱི་གསོ་སྤེལ་རྟེན་གཞི་ལྔ་བཅུ་འཛུགས་པ་བཅས་བརྩོན་ལེན་བྱེད་རྒྱུ་ཡིནཞེས་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ཕིང་གིས་དེ་ལྟར་བཤད།
རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།
མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།