མཚོ་སྔོན་ཞིང་ཆེན་གྱིས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ལས་བྱེད་པ་ཁྲི་ཕྲག་སྔ་གཞུག་ཏུ་རིམ་བཞིན་ཞིང་སྡེར་སོང་སྟེ། ཟླ་གཅིག་རིང་གི“སྐྱེལ་བ་ལྔ་དང་རོགས་རམ་ལྔ། སྐུལ་འདེད་ལྔ”ཡི་བྱ་འགུལ་སྤེལ་ནས་ཏང་གི་སྲིད་ཇུས་བཟང་བོ་ཁྱིམ་ཚང་ཁྲི་སྟོང་མང་བོར་དྲིལ་སྒྲོག་དང་། བྱ་སྤྱོད་དངོས་ཀྱིས་ཁྱིམ་ཚང་རེ་རེ་ནས་མང་ཚོགས་ལ་དོན་བཟང་དང་དོན་དངོས་སྒྲུབ་སྟེ་དཀའ་གནད་སེལ་རོགས་བྱེད་རྒྱུ་རེད།
ད་ལོ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་ཁྲི་ཕྲག་ཞིང་སྡེར་སོང་ནས་བྱ་འགུལ་སྤེལ་བའི་ནང་དོན་གཙོ་བོ་ནི། “སྐྱེལ་བ་ལྔ་དང་རོགས་རམ་ལྔ། སྐུལ་འདེད་ལྔ”ཡིན་ལ། དེའི་དོན་ནི་སྲིད་ཇུས་བསྐྱལ་ནས་དམངས་ཀྱི་དོགས་གཞི་སེལ་བ་དང་། ཚན་རྩལ་བསྐྱལ་ནས་རྩལ་ནུས་ཇེ་དྲག་ཏུ་གཏོང་བ། དྲོད་སྐྱིད་བསྐྱལ་ནས་དཀའ་ཁག་སེལ་བ། འཕྲོད་བསྟེན་བསྐྱལ་ནས་ལུས་སེམས་བདེ་ལ་འགོད་པ། རིག་གནས་བསྐྱལ་ནས་གོམས་སྲོལ་གསར་བ་འཛུགས་པ་བཅས་ཡིན། སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་པ་ལས་བརྟན་བརླིང་ནུས་ཡོད་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་པར་རོགས་རམ་བྱེད་རྒྱུ་དང་། འདུ་ཤེས་བསྒྱུར་བ་ལས་བསམ་བློ་བཅིངས་འགྲོལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་མོལ་ཚོགས་འདུ་བཟང་བོ་ཞིག་ཚོགས་པར་རོགས་རམ་བྱེད་རྒྱུ་དེ་ཡིན་ལ། བསམ་ཕྱོགས་གསལ་བོ་བྱེད་པ་ལས་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་འཆར་འགོད་གཏན་ལ་འབེབ་པར་རོགས་རམ་དང་། དོན་དངོས་དང་ཟུང་འབྲེལ་ལས་འབྱོར་ཕྱུག་གི་ལས་གཞི་བཟང་བོ་ཞིག་འགོད་པའི་རོགས་རམ་ཡིན་ལ། འགལ་བ་ཐག་གཅོད་པ་དེས་རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་དོ་དམ་གསར་སྐྲུན་གྱི་དོན་དངོས་གནད་དོན་ཐག་གཅོད་པར་རོགས་རམ་བྱེད་རྒྱུ་བཅས་ཡིན་པ་དང་། གཏིང་ཟབ་སྒོས་སྒྲོག་སྦྱོང་བྱེད་པ་དེས་སྲིད་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། རྨང་གཞི་བརྟན་པོ་ཡོང་བ་དེས་ནུས་པ་ཇེ་མཐོར་གཏོང་བར་སྐུལ་འདེད་དང་། འཆམ་མཐུན་བསྐྲུན་པ་དེས་སྤྱི་ཚོགས་བརྟན་འཇགས་ཡོང་རྒྱུ། ཞབས་འདེགས་ལ་ཤུགས་སྣོན་རྒྱུ་དེས་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་བྱེད་པར་སྦྱོང་བརྡར་བྱེད་པ་དེས་གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།
དེང་སྐབས་ཞིང་ལས་ས་ཁུལ་དུ་ཞིང་འདེབས་ཐོན་སྐྱེད་ཀྱི་མགོ་བརྩམས་པའི་དུས་ཡིན་ལ། འབྲོག་ཁུལ་དུ་ཁངས་གནོད་འགོག་པ་དང་དཔྱིད་ཀའི་ཕྱུགས་ལས་ཐོན་སྐྱེད་ལ་བྲེལ་བ་ཆེ་བའི་སྐབས་ཡིན་པས། མཚོ་སྔོན་གྱི་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོས་ལས་བྱེད་པ་ཁྲི་ཕྲག་ཞིང་སྡེར་འགྲོ་བའི་བྱ་བར་ཚད་མཐོན་པོས་མཐོང་ཆེན་དང་། བྱ་འགུལ་གྱི་འཆར་བཀོད་རེ་བ་ལྟར། ས་ཁུལ་དང་སྡེ་ཁག་རང་རང་གིས་ཞིང་སྡེར་འགྲོ་བའི་བྱ་འགུལ་གྱི་འཆར་འགོད་གཟབ་ནན་གྱིས་གཏན་འབེབས་དང་། ནུས་པ་ཡོད་པའི་ལས་བྱེད་པ་བདམས་གསེས་ཀྱིས་ཞིང་སྡེར་མངགས་པའི་བྱ་བའི་ཚན་ཁག་འཛུགས་པ་དང་། ནན་ཏན་གྱིས་ལས་བྱེད་པའི་གསོ་སྦྱོང་དང་རྩ་འཛུགས་བྱ་འགུལ་བཟང་བོར་བསྒྲུབ་ནས། ཞིང་སྡེར་འགྲོ་བའི་མི་སྣས་བྱ་བའི་གནད་སའི་དགོངས་དོན་གཙོ་བོ་ཁོང་དུ་ཆུད་པ་དང་བཅས། བསམ་བློའི་སྟེང་ཚད་མཐོན་པོས་མཐོང་ཆེན་དང་རྩ་འཛུགས་ཀྱིས་མཐུན་སྦྱོར། བཀོད་སྒྲིག་ལ་གོ་རིམ་ཡོད་པའི་སྒོ་ནས་ཞིང་སྡེར་བསྐྱོད་པའི་བྱ་བར་ཕན་འབྲས་དངོས་ཐོབ་ཏུ་འཇུག་དགོས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཁོངས་གཏོགས་ལས་ཁུངས་སོ་སོའི་ཞིང་སྡེར་མངགས་པའི་ལས་བྱེད་པ་དེ་དག ལས་ཁུངས་སོ་སོའི་ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པ་ཞིག་གིས་ཁྲིད་དེ། ལས་ཁུངས་སོ་སོས་འབྲེལ་བ་བཙུགས་ཡོད་པའི་སྡེ་བ་ནས་བྱ་བ་སྒྲུབ་དགོས་པ་དང་། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཐིན་དང་། ཞིང་ཆེན་རྒྱུ་སྤུས་ལྟ་སྐུལ་དོ་དམ་ཅུའུ་སོགས་ལས་ཁུངས་ཀྱིས་དུས་ཐོག་ཏུ་རང་ལས་ཁུངས་ཀྱི་གསོ་སྦྱོང་ཚོགས་འདུ་བསྡུས་ནས། ཞིང་སྡེར་འགྲོ་བའི་ལས་སྒྲུབ་མི་སྣར་གསོ་སྦྱོང་དང་བྱ་བར་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཞིང་སྡེར་བསྐྱོད་པའི་བྱ་བའི་ཚན་ཁག་གིས་ཀྱང་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་གཏིང་ཟབ་པའི་སྒོ་ནས། ཏཱ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཆོ་ཐུག་གྲོང་བརྡལ་ཧུའུ་ཅིས་ཨར་གུའུ་སྡེ་བ་ནས་བྱ་བ་སྤེལ་མགོ་བརྩམས་པ་དང་། མཚོ་སྔོན་ཉིན་རེ་ཚགས་པར་ཁང་གིས་ཀྱང་རང་ལས་ཁུངས་ཀྱི་བྱ་བའི་དོན་དངོས་ལ་དམིགས་ནས། ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པ་ལྔ་དང་ཐིན་རིམ་པའི་རྗེས་གྲབ་མགོ་ཁྲིད་པ་གཅིག་བཅས་ཀྱིས། ཞིང་སྡེར་བསྐྱོད་པའི་ལས་བྱེད་པར་སྣེ་ཁྲིད་དང་མགོ་ཁྲིད་ནས། སྔ་གཞུག་ཏུ་རུ་ཁག་དང་མཉམ་དུ་ཞིང་སྡེར་སོང་བར་མ་ཟད། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ཁོངས་གཏོགས་ཀྱི་ལས་བྱེད་པ་བཅུ་བཞི་ཡིས་གྲུབ་པའི་བྱ་བའི་ཚན་ཁག་འཐེན་ནས། ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཇུས་བྱེད་ཕྱོགས་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པའི་སྒོ་ནས། ཞིང་སྡེར་བསྐྱོད་པའི་ལས་འགན་གསལ་བོ་བྱས་པ་དང་མཉམ་དུ། མུ་འཐུད་དུ་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་ཞེ་ལྔ་དང་ལོ་ཏུའུ་རྫོང་གྲོང་ལིན་ཞང་གི་དབུལ་ཕོངས་ཁྱིམ་ཚང་དང་གྲོགས་སྒྲིག་ནས་གཅིག་གིས་གཅིག་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་པའི་རྨང་གཞིའི་སྟེང་། ཚགས་པར་ཁང་ཡོངས་ཀྱི་ཏང་ཀྲི་པུའུ་སོ་སོ་གཞིར་བཞག་ནས་མུ་མཐུད་དུ་དབུལ་སྐྱོར་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བར་མ་ཟད། ཁུལ་དང་གྲོང་ཁྱེར། ཏིས་དང་། རྫོང་དང་གྲོང་ཁྱེར། ས་ཁུལ། ཞང་དང་གྲོང་བརྡལ་བཅས་ལ་ལས་བྱེད་པ་འཐེན་ནས། གཏིང་ཟབ་སྒོས་སྡེ་བ་དང་ཁྱིམ་ཚང་བཅས་ལ་སོང་ནས་བྱ་བ་སྒྲུབ་པ་དང་། མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ་སོགས་ཁུལ་ནས་ཉེ་ལམ་སྐུལ་སློང་ཚོགས་འདུ་བསྡུས་ནས། ལས་བྱེད་པ་ཁྲི་ཕྲག་ཞིང་སྡེར་བསྐྱོད་པའི་བྱ་བ་བཀོད་སྒྲིག་བྱས་པ་དང་། མཚོ་ལྷོ་ཁུལ་གྱིས་གཟབ་ནན་གྱིས་མཚོ་སྔོན་ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཏན་ཕབ་པའི་བྱ་འགུལ་གྱི་གྲོས་རིམ་རྨང་གཞིའི་སྟེང་། ཁུལ་རང་གི་དོན་དངོས་གནས་ཚུལ་ལྟར་སྐྱེལ་བ་བརྒྱད་དང་རོགས་རམ་བརྒྱད། སྐུལ་འདེད་བརྒྱད་ཀྱི་བྱ་བ་སྤེལ་བ་དང་། མགོ་ལོག་ཁུལ་ནས་ཟླ་གཉིས་པའི་ཚེས་ཉི་ཤུའི་ཉིན་ལས་བྱེད་པ་ཞིང་སྡེར་འགྲོ་བའི་བྱ་འགུལ་སྤེལ།
ཉིས་སྟོང་བཞི་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་བརྒྱད་ཀྱི་རིང་ལ་ལས་བྱེད་པ་གཞི་རིམ་དུ་འགྲོ་བའི་བྱ་འགུལ་སྤེལ་བ་དང་། ལོ་དེ་དག་གི་རིང་ལ་ཏང་གི་ཞིང་སྡེ་ལ་ཕན་པ་དང་ཞིང་སྡེ་ཕྱུག་པོར་བསྒྱུར་བའི་ཕྱོགས་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱས་ནས་མང་ཚོགས་ཀྱི་བདེ་སྡུག་ལ་མྱོང་ཚོར་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་སྐྱོར། ཏང་དང་མང་ཚོགས། ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་བ་དང་། སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ཐག་བཅད་ནས་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་ཕྱོགས་ལ་ཧུར་ཐག་གིས་ནུས་བ་འདོན་པར་སྐུལ་འདེད་དང་། ཞིང་གསུམ་བྱ་བ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བའི་ཕྱོགས་གང་ཐད་ནས་གྲུབ་འབྲས་བླངས་ཡོད་པས། རྒྱ་ཆེའི་རོང་འབྲོག་ཕྱོགས་སུ་དགའ་བསུ་ཐོབ་བཞིན་ཡོད།
ལོ་ཙཱ་བ། ཤ་བོ་སྐྱབས།
- མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་ཁྲི་ཕྲག་སྔ་གཞུག་ཏུ་ཞིང་སྡེར་སོང་ནས་སྐྱེལ་བ་ལྔ་དང་རོགས་རམ་ལྔ། སྐུལ་འདེད་ལྔའི་བྱ་འགུལ་སྤེལ་བ།
- མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་སྤེལ་ཏེ། ལས་བྱེད་པ་ཁྲི་ཕྲག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ལ་བཀོད་སྒྲིག་བྱས།
- ནུབ་རྒྱུད་གསར་སྤེལ་དང་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་བར་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ།
- སྔོན་ཐོན་བསྐྲུཔ་པ་དང་ཕུལ་བྱུང་བརྩོན་པའི་བྱ་འགུལ་དེ་མང་ཚོགས་རྣམས་ཡིད་ཚིམས་པའི་བཟོ་བཀོད་དུ་གཏང་བ།
- མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་རོང་འབྲོག་ཁུལ་གྱི་བཅའ་སྡོད་སློབ་མའི་འཚོ་བར་ཁ་གསབ་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་རེད།
- ཞིང་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
- མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གིས་དོན་དངོས་བཅུ་བསྒྲུབས་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་།
- རང་ཞིང་གིས་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་བཟོ་སྐྲུན་བརྒྱད་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་རེད།
- ཞིང་ཆེན་ཡོངས་ཀྱི་ལས་བྱེད་ཁྲི་ཕྲག་གཞི་རིམ་དུ་བསྐྱོད་པའི་སྣེ་ཁྲིད་པའི་གསོ་སྦྱོང་ཚོགས་འདུ་ཟི་ལིང་བསྡུས་པ།
- ཐབས་བརྒྱ་ཇུས་སྟོང་སྒོས་ཞིང་ལས་ཐོན་རྫས་ནུས་ཡོད་སྒོས་མཁོ་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས།
- བརྩེ་སེམས་ཟབ་མོ་བསྐྱར་འཛུགས་ལ་བཅངས་ནས་གཅེས་སེམས་ཆེན་པོས་གཙང་གསུམ་འབྱུང་ཡུལ་བཀང་།
- རེབ་གོང་རྒྱལ་བོ་སྐྱི་གཙང་སྡེ་བའི་ལོ་གསར་རོལ་སྟངས་སྐོར་གླེང་བ།
- ཏན་ཏན་ཏིག་ཏིག་གིས་མགོ་ལོག་ཁུལ་གྱི་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས།
- གསེར་དངུལ་ཐང་ན་ལྷབ་ལྷུབ་སྐྱོད་པའི་དར་ཆ་དམར་པོ།
- མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ་ཆུ་བེད་ཁྱབ་བཤེར་བྱ་བའི་ཐད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
- ཕྱོགས་ཡོངས་ནས་རིག་གནས་འཛུགས་སྐྲུན་བྱེད་པའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣོན་དགོས།
- གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་སྐྱེ་ཁམས་གནས་སྐོར་ལས་རིགས་ཆེ་ཆེར་སྤེལ་ཏེ་སྲུང་སྐྱོབ་དང་འཕེལ་རྒྱས“གཉིས་རྒྱལ”མངོན་འགྱུར་བྱེད་པའི་དགེ་མཚན་ལྡན།
- ཏང་ཀྲི་པུའུ་ནི་སྡེ་དམངས་ཀྱི་རྒྱབ་བརྟེན་ཡིན།
- སྟག་འབུམ་ཐར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱེད་དུ་སོང་བ།
- མཚོ་ལྷོ་ཁུལ་སྐྱེ་ཁམས་ཕྱུགས་ལས་ཀྱི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་དངོས་སུ་མགོ་བརྩམས་པ།








"