—“ལོ་ལྔའི་འཆར་གཞི་བཅུ་གཉིས”པ་མགོ་རྩོམ་པའི་ལོར་སྲིད་གཞུང་གིས་དམངས་འཚོར་ཕན་པའི་ཐབས་ལམ་གསར་པ་མང་པོ་ཞིག་བཏོན་པ།
སྤྱི་ཚོགས་རོགས་སྐྱོབ་མ་ལག་གིས་མཁར་གྲོང་དུ་ཁེབས་ཤིང་། དྭ་ཕྲུག་འགན་སྲུང་ལམ་ལུགས་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་བཙུགས་པ། ལོ་ན་བགྲེས་པོའི་འཚོ་བའི་ཁ་གསབ་ལམ་ལུགས་ཞིང་ཆེན་བཅོ་ལྔ་རུ་ཁྱོན་ཡོངས་ནས་བཙུགས་བཅས་འདས་མ་ཐག་པའི2011ལོར། དམངས་སྲིད་སྡེ་ཁག་གིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་དམ་པོར་དམིགས་ནས། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་པ་དང་གསར་སྐྲུན་གྱི་བྱ་བ་སྤེལ་བས། དཀའ་ཁག་ཆེ་བའི་མི་སྐོར་ཞིག་གི་གཞི་རྩའི་འཚོ་བར་འགན་སྲུང་བྱས་ཤིང་། མི་དམངས་མང་ཚོགས་རྣམས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ལོངས་མཉམ་སྤྱོད་བྱེད་དུ་བཅུག
ན་ནིང་གི་ལོ་མཇུག་ཏུ་བསྡུས་པའི་རྒྱལ་ཡོངས་ཀྱི2012ལོའི་དམངས་སྲིད་བྱ་བའི་གྲོས་ཚོགས་ཐོག དམངས་སྲིད་པུའུ་ཡི་པུའུ་ཀྲང་ལིས་ལིས་ཀོ་ཡིས་བཤད་རྒྱུར། མང་ཚོགས་རྣམས་ལ་ཆེས་དགོས་མཁོ་ཡོད་པའི་ཕྱོགས་ནས་བསྒྲུབས་མགོ་བརྩམས་ཤིང་། མང་ཚོགས་ཚོས་ཆེས་ཡིད་མི་ཚིམས་པའི་བྱ་བ་ནས་བཅོས་བསྒྱུར་བྱེད་མགོ་བརྩམས་ཏེ། ལོ་ངོ་གཅིག་གི་རིང་ལ། ང་ཚོས་མཐུན་སྦྱོར་ལ་ཤུགས་བསྣན་ནས། དམངས་སྲིད་འཕེལ་རྒྱས་འཆར་གཞི་རབ་དང་རིམ་པ་བཟོས་ཤིང་ལག་བསྟར་བྱས་པ་དང་། གསར་བཟོ་ནན་འཛིན་བྱས་ནས་དམངས་སྲིད་སྲིད་ཇུས་ཀྱི་ལམ་ལུགས་མང་པོ་ཞིག་བཟོས། སྲིད་ཇུས་མང་པོ་མཉམ་སྤྱོད་བྱས་ཏེ། ཤུགས་ཕུད་ནས་དམངས་སྲིད་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བས། དཀའ་ཁག་ཆེ་བའི་མང་ཚོགས་རྣམས་ལ་དེའི་ཁྲོད་ནས་ཕན་འབྲས་དང་སྟབས་བདེ་འཐོབ་ཟེར།
“ལོ་ལྔའི་འཆར་གཞི་བཅུ་གཅིག”པའི་དུས་སུ། རང་རྒྱལ་གྱི་དམངས་འཚོའི་འགན་ལེན་དམིགས་ཚད་དེ་རིམ་པ་བཞིན་མཐོ་རུ་སོང་ནས། གཟིགས་སྐྱོང་ཚོགས་ཕུང་དང་། དཀའ་ཁག་ཆེ་བའི་ཚོགས་ཕུང། དམིགས་བསལ་ཚོགས་ཕུང་བཅས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་འཐོབ་མོད། འོན་ཀྱང་དམངས་སྲིད་ལས་དོན་འཕེལ་རྒྱས་ལ་སྔར་བཞིན་དུ་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་མིན་པ་དང་། ཆེད་ལས་འཇོན་མི་དཀོན་པ། གཞི་རིམ་སྟོབས་ཤུགས་ཉམས་ཞན་པ། དོ་དམ་ཕན་ནུས་དང་ཞབས་ཞུ་ནུས་ཤུགས་མཐོར་འདེགས་གཏོང་དགོས་ངེས་སོགས་ཀྱི་གནད་དོན་གནས་པས། ཅིས་ཀྱང་འཆར་འགོད་ཀྱི་སྣེ་ཁྲིད་བྱེད་པ་བརྒྱུད་ནས། ཐོད་བརྒལ་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།
གསར་འགོད་པས་ཤེས་པ་ལྟར་ན། 2011ལོར། དམངས་སྲིད་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་འགོད་པར་སྙན་སེང་ཞུས་པ་བརྒྱུད། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་འཆར་འགོད་བཅུ་གསུམ་བཟོས་པས། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས”པ་ལག་བསྟར་བྱེད་པའི་འདེགས་སྐྱོར་དང་འཛིན་ཡུ་གལ་ཆེན་ཆགས་པ་དང་། དེ་དང་ཆབས་ཅིག་དམངས་སྲིད་ཁྱབ་ཁོངས་ཀྱི་སྲིད་ཇུས་གསར་བཟོ་བྱེད་པ་དང་།མ་དངུལ་གཏོང་བ། ལས་གཞི་འཛུགས་སྐྲུན་དང་མི་ཤུགས་ཐོན་ཁུངས་བཀོད་སྒྲིག་བཅས་ལ་སྣེ་ཁྲིད་བྱས་པ་རེད།
དེའི་ཁྲོད། མཐུན་སྦྱོར་གཏན་ཁེལ་བྱས་པའི་རྒྱལ་ཁབ་རིམ་པའི་ཆེད་དམིགས་འཆར་འགོད་ལ«ཀྲུང་གོའི་བགྲེས་སོང་ལས་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་”འཆར་གཞི»ཞེས་པ་དང་།«རྒྱལ་ཁབ་ཕྱོགས་བསྡུས་གནོད་འགོག་གནོད་སེལ་འཆར་འགོད(2011-2015)»ཅེས་པ། «སྤྱི་ཚོགས་རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་འཆར་འགོད(2011-2015)»ཅེས་པ། «སྡོད་ཁུལ་ཞབས་ཞུ་མ་ལག་འཛུགས་སྐྲུན་འཆར་འགོད(2011-2105)»ཅེས་པ་བཅས་ཡོད།
དུས་མཚུངས་སུ། རྒྱལ་ཁབ་ས་ཁོངས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། མཐུན་སྦྱོར་ངང་པུའུ་དང་ཞིང་ཆེན། རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་བཅུ་བདུན་གྱི་མཉམ་ལས་གྲོས་ཆོད་དངོས་འབེབས་བྱས་པ་དང་། ས་ཁུལ་དེ་དག་གི་དམངས་སྲིད་བྱ་བ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། 2011ལོར། ཞིང་ཆེན་རིམ་པའི་དམངས་སྲིད་སྡེ་ཁག་གིས་གཏན་ཁེལ་དང་མཐུན་སྦྱོར་གཏན་ཁེལ་བྱས་པའི་འཆར་འགོད་དེ་ཡོངས་ཁྱབ་ཏུ་ལྔ་ནས་དྲུག་བར་ཡོད་ཅིང་། ཞིང་ཆེན་ལ་ལར་འཆར་འགོད་བཅུའི་ཡན་ལ་འབུད། དེ་དག་གི་ཁྲོད་ཆེད་དམིགས་འཆར་འགོད་འགའ་རེའི་ཁྱད་རྟགས་མངོན་གསལ་ཡིན་ལ། ལས་གཞི་འདེགས་སྐྱོར་དང་བཀོལ་སྤྱོད་གཏོང་ཚད་ཤིན་ཏུ་བཟང་།
དཔེར་ན།«པེ་ཅིན་གྲོང་ཁྱེར་གྱི་རྒན་གསོ་སྒྲིག་ཆས་ཆེད་དམིགས་འཆར་འགོད»ནང་། 2020ལོར་སླེབས་དུས། ལས་ཁུངས་ཀྱི་རྒན་གསོ་མལ་ཁྲི་འབུམ་གཅིག་དང་ཁྲི་གཅིག་གསར་སྣོན་བྱས་ནས། བསྡོམས་པས་མལ་ཁྲི་འབུམ་གཅིག་དང་ཁྲི་དྲུག་ཡན་ལ་སླེབས་པ་མངོན་འགྱུར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་ཁག་ལ་རྒན་བཅོལ་ཁང་རེ་དང་། རྒན་ཚོགས་བྱ་འགུལ་སྤེལ་ཁང་རེ་ཡོད་པ། སྡེ་བ་རེར་རྩ་དོན་ཐོག་ནས་ཕྱོགས་བསྡུས་རང་བཞིན་གྱི་རྒན་གསོ་ཞབས་ཞུ་སྒྲིག་ཆས་རེ་ཡོད་པའི་རེ་བ་བཏོན། «ཆིན་ཏའོ་གྲོང་ཁྱེར་གྱི“ལོ་ལྔའི་འཆར་གཞི་བཅུ་གཉིས”པའི་ལས་རིགས་མཐུན་ཚོགས་འཕེལ་རྒྱས་འཆར་འགོད»ཀྱིས། 2015ལོར་ཐོན་དུས། ལས་རིགས་མཐུན་ཚོགས་འཕེལ་རྒྱས་བྱུང་ནས་སུམ་བརྒྱར་འབུད་ཐུབ་པ་དང་། དེ་ཡང་ཐོན་ལས་གཙོ་བོ་ཁག་ལ་ཁེབས་ཐུབ་ཅིང་། མཐུན་ཚོགས་ནང་ཞུགས་པའི་ཁེ་ལས་བརྒྱ་ཆའི་དྲུག་ཅུ་ཡན་ལ་སླེབས་ཐུབ་པའི་རེ་བ་བཏོན་ཡོད།
སྲིད་ཇུས་གསར་བཟོ་བྱེད་བྱེད་པ་དེ་གནས་བབ་གསར་བ་དང་གནས་ཚུལ་གསར་བར་མཐུན་པ།
2011ལོའི་ཟླ12པའི་ཚེས7ཉིན། ཡུལ་གཞན་ནས་འཁྱམས་སྡོད་ཟླ་ལྔར་བྱས་པའི་ཞིན་ཅང་ཧི་ཐཱེན་གྱི་ཡུ་གུར་རིགས་ཀྱི་ན་ཆུང་དབྱིས་ཁི་མུའུ་བདེ་བླག་ངང་རང་སྐྱོང་ལྗོངས་ཀྱི་རོགས་སྐྱོབ་ས་ཚིགས་ཁང་དུ་ཕྱིར་སླེབས། རོགས་སྐྱོབ་ས་ཚིགས་ཁང་གི་མཛུབ་སྟོན་དང་རོགས་རམ་ལ་བརྟེན་ནས། ཁོས་འབད་བརྩོན་གྱིས་བཅའ་ཁྲིམས་དང་སྤྱི་ཚོགས་ཤེས་བྱའི་སྐོར་ལ་སློབ་སྦྱོང་བྱས་ཤིང་། ཧུར་ཐག་གིས་རིག་གནས་ལུས་རྩལ་བྱ་འགུལ་དུ་ཞུགས་ཏེ། འཚོ་བ་གསར་བ་རོལ་མགོ་བརྩམས།
ངས་ལག་རྩལ་སྐོར་གྱི་ལས་ཀ་ཞིག་སློབ་རྩིས་ཡོད་ལ། ལག་ཤེས་ཐོན་རྫས་ཐད་ཀྱི་ཚོང་ཆུང་ཆུང་ཞིག་བརྒྱབ་ནས། རང་ཁྱིམ་གྱི་འཚོ་བའི་འགནཁུར་ཇེ་ཡང་དུ་གཏོང་རོགས་བྱ་རྒྱུ་དང་། ནུ་མོར་སློབ་ཡོན་བྱིན་ནས། མོ་རང་རྗེས་ཕྱོགས་དགེ་རྒན་ཞིག་བྱེད་ཐུབ་པའི་རེ་བ་ཡོད་ཅེས་དབྱི་ཁི་མུའུ་ཡི་མིག་ལས་མ་འོང་འཚོ་བ་གསར་བར་བཅངས་པའི་རེ་འདུན་མངོན་འོངས།
དབྱི་ཁི་མུའུ་དང་འདྲ་བར། 2011ལོའི་ཟླ4བའི་ནང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱིས་ཆེད་དམིགས་བྱ་སྤྱོད་སྤེལ་བ་བཀོད་བསྒྲིགས་བྱས་ནས། ལོ་མཇུག་ཏུ་སླེབས་འཕྲལ། སྐྱེ་ཁུངས་ཞིན་ཅང་ཡིན་པའི་ནར་མ་སོན་པའི་འཁྱམས་ཉུལ་པ་ལྔ་བརྒྱ་ནང་ལོགས་ས་ཁུལ་ནས་ཕྱིར་ལེན་རྒྱུ་བྱས། རྒྱལ་ཁབ་ཀྱི་དྲང་ཐད་ནས་བཤད་ན། ཕན་ནུས་ལྡན་པའི་སྒོ་ནས་ནར་མ་སོན་པའི་འཁྱམས་ཉུལ་པ་དག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐཱིན་གྱིས་ནར་མ་སོན་པའི་འཁྱམས་ཉུལ་པར་རོགས་སྐྱོབ་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པས། འཁྱམས་ཉུལ་བྱིས་པ་རྣམས་གཞན་སྐུལ་མིན་པར་རང་རྟོགས་སྒོས་རོགས་སྐྱོབ་བྱེད་པ་དང་། བཀོད་སྒྲིག་འོས་འཚམས་བྱེད་པ། སློབ་གསོས་ཡོ་བསྲང་བྱེད་པ། མགོ་ཁུངས་ནས་སྔོན་འགོག་བྱེད་པ་བཅས་ཀྱི་བྱ་བའི་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་སོང་། མིག་སྔར། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“འཁྱམས་ཉུལ་བྱིས་པ་ཕྱིར་རང་ཡུལ་དུ་སྐྱེལ་ལེན་བྱེད་པའི”ཆེད་དམིགས་བྱ་སྤྱོད་རྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།
དམངས་སྲིད་པུའུ་ཡི་པུའུ་ཀྲང་ལིས་ལིས་ཀོ་ཡིས་བཤད་རྒྱུར། 2011ལོར། ང་ཚོས་སྲིད་ཇུས་གསར་བཟོ་བྱེད་པར་སྔར་ལས་དོ་ཁུར་བྱས་ཤིང་། གནས་བབ་གསར་བ་དང་གནས་ཚུལ་གསར་བར་མཐུན་པ་དང་། མི་དམངས་ཚོས་འཚོ་བ་སྔར་ལས་བཟང་པོ་རོལ་འདོད་ཀྱི་རེ་འདུན་དང་མཐུན་ཆེད། བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ལམ་དང་ཚད་ལྡན་རང་བཞིན་བཅས་ཀྱི་ཡིག་ཆ་དང་ལམ་ལུགས་རང་བཞིན་གྱི་གཏན་ཁེལ་སྐོར་ཅིག་བཟོས་ནས་བཀྲམས་པས། ཡིག་ཆ་དང་ལམ་ལུགས་དེ་དག་ལ་ལས་སྲིད་ཇུས་དང་ལམ་ལུགས་ཀྱི་སྟོང་ཆ་ཁ་གསབ་བྱས་ཡོད་ཟེར།
གསར་འགོད་པས་ཤེས་གསལ་ལྟར་ན། ན་ནིང་ལོ་གཅིག་གི་རིང་ལ། ས་ཁུལ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ལང་ལོང་དུ་གསར་བཏོད་ཀྱི་དོན་སྙིང་ལྡན་པའི་ས་ཁུལ་སྲིད་གཞུང་གི་སྒྲིག་ལམ་དང་སྡེ་ཁག་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོས་ནས་འགྲེམས་སྤེལ་བྱས་པ་རེད།
ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་གྱིས་ཡོང་འབབ་དམའ་བའི་ཁྱིམ་ཚང་ངོས་གཏན་བྱེད་ཐབས་བཟོས་ནས། སྡེ་ཁག་ལས་བརྒལ་ཏེ་ཆ་འཕྲིན་བརྗེ་རེས་དང་། སྐུད་ལམ་ཐོག་ནས་གྲངས་ཀ་གཤིབ་བསྡུར་བྱེད་པ་སྦྲེལ་མཐུད་བྱས་པས། སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་ངོས་འཛིན་བྱེད་པའི་ཡང་དག་རང་བཞིན་མཐོ་རུ་སོང་། ཧྲང་ཧེ་གྲོང་ཁྱེར་གྱིས་ཁྱིམ་ཚང་འགྲོ་སོང་ཅན་གི་རྣམ་པས་དབུལ་ཕོངས་རོགས་སྐྱོབ་ཚོད་ལྟའི་བསམ་འཆར་བཟོས་ནས། རྣམ་པ་གསར་བའི་དབུལ་ཕོངས་དཔྱད་འཇོག་གི་དམིགས་ཚད་མ་ལག་འཚོལ་ཞིབ་བྱས་ཏེ། མ་མཐའི་འགན་སྲུང་སྟེར་ཡུལ་ཕན་ཆད་ཀྱི་དབུལ་ཕོངས་སྡོད་དམངས་རྣམས་ཀྱང་རོགས་སྐྱོབ་ལམ་ལུགས་ཀྱི་བཀོད་སྒྲིག་ནང་བཞག་པ་རེད།
ཧི་པེ་ཞིང་ཆེན་གྱིས“བདེ་སྐྱིད་བཟོ་བཀོད”ཅེས་པ་འཛུགས་པའི་བཀོད་སྒྲིག་བྱ་བ་སྤེལ་བས། ཞིང་སྡེའི་རོགས་རེས་རྒན་གསོ་རྣམ་པ་གསར་བཏོད་བྱས་པ་དང་། ཞིང་སྡེའི་རྒན་གསོ་ཞབས་ཞུའི་དཀའ་ཁག་སེལ་བར་བྱས།
ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱིས་ནར་མ་སོན་པའི་འཁྱམས་ཉུལ་པ་རོགས་སྐྱོབ་བྱེད་པའི་བྱ་བ་སྒྲུབ་ཐབས་བཏོན་པ་དང་། “འཁྱམས་ཉུལ་བྱིས་པ་ཕྱིར་རང་ཡུལ་དུ་ལེན”པའི་བྱ་སྤྱོད་ལག་བསྟར་བྱས་ནས། རྒྱལ་ཡོངས་སུ་ནར་མ་སོན་པའི་འཁྱམས་ཉུལ་པ་རོགས་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་བྱ་བ་སྤེལ་བ་རེད།
སྒྲིག་ཆས་འཐུས་ཚང་དུ་བཏང་བ་དེས་དབུལ་ཕོངས་མང་ཚོགས་རྣམས་ལ་ཕན་པ་སྔར་ལས་མང་བོ་སྦྱིན།
གཤམ་གྱི་གྲངས་ཀ་འདི་དག་དམངས་བློ་དང་མཐུན་ཞིང་། མི་སེམས་དྲོ་བར་བྱེད།
2011ལོར། དམངས་སྲིད་པུའུ་ཡིས་པུའུ་རང་གི་ཕན་བདེའི་ཚོན་བྱང་གི་སྤྱི་ཕན་ཐེབས་རྩ་སྒོར་དུང་ཕྱུར་བཅུ་གཉིས་དང་བྱེ་བ་བརྒྱད་བཀོད་བསྒྲིགས་བྱས་ནས། སོ་སོར་བགྲེས་སོང་ཕན་བདེ་ལས་ཁུངས362དང་། ཞིང་སྡེའི་ལྔ་སྐྱོང་སྙོར་གསོ་ལས་ཁུངས723། བྱིས་པའི་ཕན་བདེའི་ལས་ཁུངས159། རྫོང་དང་གྲོང་ཁྱེར་གྱི་ནར་མ་སོན་པའི་འཁྱམས་ཉུལ་པ་རོགས་སྐྱོབ་སྲུང་སྐྱོབ་ལྟེ་གནས114། གཟི་བརྗིད་ཁང20སོགས་འཛུགས་སྐྲུན་བྱས་པས། སྤྱི་ཚོགས་ཕན་བདེ་ཞབས་ཞུ་སྒྲིག་ཆས་ཀྱི་ཞབས་ཞུའི་ནུས་པ་འཐུས་སྒོ་ཇེ་ཚང་དུ་སོང་བ་དང་། བདག་མེད་བགྲེས་སོང་དང་། དྭ་ཕྲུག བདག་མེད་ཀྱི་དབང་སྐྱོན་ཅན་སོགས་སྙོར་གསོ་བྱ་ཡུལ་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་འཐོབ།
ཟི་ཁྲོན་ས་འགུལ་ཐེབས་ཁུལ་དུ་མ་དངུལ་སྒོར་དུང་ཕྱུར་བཅུ་དྲུག་བཏང་སྟེ། ཕྱོགས་ཡོངས་ནས་དམངས་སྲིད་ཞབས་ཞུ་སྒྲིག་ཆས་སླར་གསོ་བསྐྱར་འཛུགས་བྱེད་པའི་ལས་གཞི9654ཡོངས་གྲུབ་བྱས། མཚོ་སྔོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན་གཉིས་ལ་མ་དངུལ་གཏོང་བ་ཇེ་མང་དུ་བཏང་སྟེ། ཡུས་ཧྲུའུ་དང་འབྲུག་ཆུ་གཉིས་ཀྱི་གནོད་ཐེབས་ས་ཁུལ་དུ་བསྐྱར་འཛུགས་ལས་གཞི་གོ་རིམ་ཡོད་པའི་སྒོ་ནས་སྤེལ།
ཞིང་ཆེན་དང་གྲོང་ཁྱེར་བཅུ་བདུན་གྱིས“ལོ་ལྔའི་འཆར་གཞི་བཅུ་གཉིས”སྐབས་ཀྱི་ཁ་གཏད་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་དམངས་སྲིད་སྤྱི་པའི་ཞབས་ཞུ་སྒྲིག་ཆས་ལས་གཞི་ཞེ་གཉིས་གཏན་ཁེལ་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་བཅུ་དགུ་ཡིས“ལོ་ལྔའི་འཆར་གཞི་བཅུ་གཉིས”སྐབས་ཀྱི་ཁ་གཏད་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་དམངས་སྲིད་སྤྱི་པའི་ཞབས་ཞུ་སྒྲིག་ཆས་ལས་གཞི་བརྒྱད་ཅུ་ལག་བསྟར་བྱས།
ས་ཁུལ་སོ་སོས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་གསོ་ཞབས་ཞུ་སྒྲིག་ཆས་འཛུགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱས། ཅང་སུའུ་དང་། ཀྲེ་ཅང་། ཧྥུ་ཅན། ཀོང་ཏུང་། ཧེ་ནན། ཏ་ལན་དང་ཞ་མིན་སོགས་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་དམངས་སྒྲུབ་རྒན་གསོ་ཞབས་ཞུའི་སྒྲིག་ཆས་གྲངས་ཀ་དེ་གཞུང་སྒྲུབ་རྒན་གསོ་ཞབས་ཞུ་སྒྲིག་ཆས་ཀྱི་གྲངས་ཀ་ལས་མང་བའམ་ཡང་ན་གྲངས་ཀ་དེ་དང་ཉེ་བའི་ཚད་དུ་ཡོད།
མཚམས་སྦྱོར་བྱས་པ་ལྟར་ན། 2011ལོར། དམངས་སྲིད་པུའུ་ཡིས་སྲིད་གཞུང་གི་མ་དངུལ་གཏོང་ཚད་དང་། ཕན་བདེའི་ཚོན་བྱང་སྤྱི་ཕན་ཐེབས་རྩའི་རོགས་སྐྱོར་བྱེད་ཚད། སྤྱི་ཚོགས་ཀྱི་ཁ་ཕྱོགས་གཏན་ཁེལ་ནས་རོགས་སྐྱོར་བྱེད་ཚད། ཁ་གཏད་རོགས་སྐྱོར་བྱེད་ཚད་བཅས་ཆེ་རུ་བཏང་བ་དང་། ཁྲལ་དངུལ་ཉུང་བསྡུའམ་ཡང་ན་དེ་མེད་པར་བྱེད་པ་དང་། ས་ཞིང་འདོན་སྤྲོད་ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཐབས་ལམ་སྣ་མང་སྤྱོད་པ་བརྒྱུད་ནས། ཤུགས་ཆེན་པོས་དམངས་སྲིད་སྤྱི་པའི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ། རྒྱལ་ཡོངས་སུ་ལག་བསྟར་བྱས་པའི་ལས་གཞི་ཕལ་ཆེར་ཁྲི་ལྔ་ཡོད་ལ། དེར་བཏང་བའི་མ་དངུལ་སྒོར་དུང་ཕྱུར220ལ་སླེབས་པས། མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་སྐོར་ཞིག་ལ་དེའི་ཁྲོད་ནས་ཕན་ཁེ་འཐོབ།
2012ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས”པ་སྔར་རྒྱུན་སྦྲེལ་མཐུད་སྒོས་ལག་བསྟར་བྱེད་པའི་གལ་ཆེ་བའི་ལོ་ཞིག་ཡིན། མགོ་རྩོམ་ས་གསར་པ་རུ་ལངས་ཡོད་པས། དམངས་སྲིད་ལས་དོན་དེ་ཡང་བསྐྱར་གོ་སྐབས་གསར་པ་དང་འགྲན་རྩོད་གསར་བར་འཕྲད་ཡོད།
ལིས་ལིས་ཀོ་ཡིས་བཤད་རྒྱུར། ད་ལོར། དམངས་སྲིད་པུའུ་ཡིས་ཤུགས་ཕྱུངས་ནས་དམངས་སྲིད་ལས་དོན་འཕེལ་རྒྱས་སུ་སྐུལ་བའི་རྒྱལ་ཁབ་དང་ས་གནས་གྱི“ལོ་ལྔའི་འཆར་གཞི་བཅུ་གཉིས”པ་ལག་བསྟར་བྱས་ཏེ། མུ་མཐུད་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དང་། དམངས་སྲིད་ཀྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་པ་དང་གསར་བཏོད་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་པར་ཤུགས་ཕུད་དེ། དཀའ་ཁག་ཆེ་བའི་མང་ཚོགས་རྣམས་ལ་བདེ་སྐྱིད་ཀྱི་འོད་སྣང་མཐོང་ཐུབ་པ་བྱ་རྒྱུ་དང་། མི་དམངས་མང་ཚོགས་རྣམས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་དོ་དམ་ཁྲོད་ཞུགས་སུ་འཇུག་རྒྱུ་ཡིན་ཟེར། །
ལོ་ཙཱ་བ། ཀླུ་བྱམས།
- དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སེམས་སུ་སྔར་ལས་མང་བའི་འོད་སྣང་འཕྲོས།
- དུས་རིམ་གསར་བའི་ནང་རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་ལས་འགན་ཐད་འགྲན་རྩོད་ཆེན་པོ་བཞི་ཡོད་པ།
- མཚོ་སྔོན་ཞིང་ཆེན་ཏང་ཨུས་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་བསྡུས་པ།
- ལས་ཞུགས་ཡར་སྐུལ་བཏང་ནས། དམངས་འཚོ་ལེགས་བཅོས་བྱེད་པ།
- མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
- རྩྭ་ཐང་གི་བྱིས་པར་སློབ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་སྐྲུན་པའི་ཆེད་དུ།
- མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས“བྱེད་ཐབས་དྲུག”སྤྱད་ནས་གཞི་རིམ་གྱི་ཏང་འཛུགས་བྱ་བར་སྐུལ་འདེད་བཏང་བ།
- དཔའ་རིས་མཆོད་རྟེན་ཐང་གི་གནས་བཤད།
- ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཉེ་སྔོན་པེ་ཅིན་ཚོགས་ཤིང་བུན་ཅ་པའོ་ཡིས་གསུང་བཤད་གལ་ཆེན་གནང་།
- སློབ་གསོའི་དྲི་བསུང་ཕྱོགས་སུ་མཆེད་པ་ཡིས། བས་མཐའི་བློ་གསལ་བུང་བའི་ཚོགས་རྣམས་རྒྱས།
- དཔའ་རིས་མཆོད་རྟེན་ཐང་གི་གནས་བཤད།
- ཀན་ལྷོ་ཁུལ་གྱིས་བྱེད་ཐབས་མང་པོ་སྤྱད་ནས་ཤུགས་ཆེན་གྱིས་ལོ་རབས་བརྒྱད་ཅུའི་རྗེས་ནས་སྐྱེས་བའི་ལས་བྱེད་པ་ལས་གནས་སྦྱོང་བརྡར་དུ་མངགས་ནས་སྐྱེད་སྲིང་བྱས་པ།
- མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གིས་བརྡ་ཁྱབ་སྤེལ་ཏེ་ཁུལ་ཡོངས་ནས་མེ་སྐྱོན་འབྱུང་ཉེན་གྱི་རྒྱུ་རྐྱེན་སྣ་ཚོགས་རྩ་མེད་གཏོང་བའི་བྱ་བ་སྤེལ།
- མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱད་སྟོབས་འདོན་སྤེལ་དང་ཁྱད་ཆོས་འབུར་ཐོན་བྱས་ནས་སྟོབས་ཤུགས་ཡོད་དགུས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
- རྩྭ་ཐང་གི་བྱིས་པར་སློབ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་སྐྲུན་པའི་ཆེད་དུ།
- ལས་ཞུགས་ཡར་སྐུལ་བཏང་ནས། དམངས་འཚོ་ལེགས་བཅོས་བྱེད་པ།
- མགོ་ལོག་ཁུལ་སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག་གིས་མེ་སྐྱོན་འབྱུང་བའི་ཉེན་ཁ་རྩ་མེད་གཏོང་བའི་འཐབ་འཛིང་ལ་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས།
- རྨ་ཆུའི་མགོ་ཁུངས་སུ“མཚེའུ་སྟོང་ལྡན་གྱི་རྫོང”གི་མཛེས་ལྗོངས་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་མངོན་པ།
- སློབ་གསོའི་དྲི་བསུང་ཕྱོགས་སུ་མཆེད་པ་ཡིས། བས་མཐའི་བློ་གསལ་བུང་བའི་ཚོགས་རྣམས་རྒྱས།
- རོང་འབྲོག་པ་མང་ཚོགས་ལ་སྔར་ལས་གསར་ཞིང་སྔར་ལས་མཛེས་པའི་ཁྱིམ་གཞིས་དྲོན་མོ་ཞིག་བསྐྲུན་དགོས།








"