ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > འུ་ཅག་གི་སེམས་གཏམ།

2017ལོར་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོས་བཏོན་པའི་དམངས་འཚོའི་ཞིབ་ཐོ།

སྤེལ་དུས། 2017-03-13 11:03:11   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྒྲོལ་མ་སྐྱིད།

 ཉེ་ལམ། ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོས་གཅིག་རྗེས་གཉིས་མཐུད་དུ་གྲོས་ཚོགས་བསྡུས་ནས2017ལོའི་ཁོར་ཡུག་སྲུང་སྐྱོབ་དང་སློབ་གསོ། སྡོད་ཁང་། སྨན་བཅོས་འཕྲོད་བསྟེན། ཟས་རིགས་བདེ་འཇགས་སོགས་གནད་སའི་བྱ་བ་སྣ་ཚོགས་ཀྱི་དམངས་འཚོའི་ཞིབ་ཐོ་བཏོན།

ཁོར་ཡུག་སྲུང་སྐྱོབ་ཐད་ནས། ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ཕྱོགས་དྲུག་ནས་དགུན་ཁའི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་བསྣོན་དགོས་པ་སྟེ། རྡོ་སོལ་བཀོལ་བའི་ཁྲོ་ཐབ་མེད་པར་བཟོ་བའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས་པ་དང་། གྲོང་ཁྱེར་ནང་གི་སྡེ་བ་དང་གྲོང་ཁྱེར་དང་ཞིང་སྡེའི་འབྲེལ་མཚམས། ཞིང་སྡེ་ས་ཁུལ་བཅས་སུ་ཐ་ཐོར་དུ་ཡོད་པའི་རྡོ་སོལ་བཅོས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། བཟོ་ལས་དང་ཁེ་ལས་ཀྱི་དགུན་ཁའི་ཐོན་སྐྱེད་བྱེད་ཚད་ཇེ་ཆེར་གཏོང་བ་དང་། ཐ་ཐོར་དང་སྦགས་བཙོག་ཆེ་བའི་ཁེ་ལས་ཆུང་བའི་བཅོས་སྐྱོང་ལ་ཤུགས་སྣོན་པ། རླངས་འཁོར་རྙིང་པ་མགྱོགས་མྱུར་གྱིས་མེད་པར་བཟོ་དགོས།

འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་ཐད་ནས། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་ལྟ་ཞིབ་ཚད་ལེན་ས་ཚིགས་ཆིག་བརྒྱ་ཉེར་དྲུག་བཙུགས་ནས། མཁའ་དབུགས་སྦགས་བཙོག་གིས་སྡོད་དམངས་ཀྱི་བདེ་ཐང་ལ་གནོད་པ་ཐེབས་པ་དང་། འབྲེལ་ཡོད་ནད་རིགས་བྱུང་ཚུལ་ལ་རྒྱུས་ལོན་བྱེད་དགོས་པ་དང་། མིག་སྔར་ས་སྨུག་གནམ་གཤིས་ཀྱིས་མི་ཚོགས་ཀྱི་བདེ་ཐང་ལ་ཉེན་ཁ་བཟོ་བར་གདེང་འཇོག་བྱེད་པ་དང་སྔོན་བརྡ་གཏོང་བའི་གནད་འགག་ལག་རྩལ་ལས་གཞི་སྤེལ་མགོ་བརྩམས།

ལས་ཞུགས་ཐད་ནས། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལས་ཀའི་ཐོབ་ཐང་ལམ་ལུགས་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། གཞུང་ཞབས་པའི་གོ་གནས་དང་ལས་རིམ་མཉམ་སྤྱོད་ལམ་ལུགས་ཀྱི་ཚོད་ལྟའི་བྱ་བ་སྤེལ་ཏེ། ཟླ་་ཕོགས་ཡོང་འབབ་བགོ་བཤའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཟླ་ཕོགས་ཡོང་འབབ་བགོ་བཤའི་བར་ཁྱད་ཇེ་ཆུང་དུ་གཏོང་བ། ཡོང་འབབ་འབྲིང་རིམ་ཅན་གྱི་མི་ཚོགས་ཇེ་མང་དུ་གཏོང་དགོས།

སློབ་གསོ་པུའུ་ཡིས་མཐོ་རིམ་དང་འབྲིང་རིམ་སློབ་གྲྭའི་སློབ་མར་ནོར་སྲིད་ཀྱིས་མ་དངུལ་གཏོང་ཚད་ཆ་སྙོམས་ཀྱིས་སྒོར་ཁྲི་གཅིག་སྟོང་གཉིས་ལས་དམའ་མི་རུང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཚང་མར་དངུལ་གཏོང་ལམ་ལུགས་དངོས་འབེབས་བྱེད་དགོས། ཆེད་ལས་ལག་རྩལ་དང་ལག་ཤེས་སློབ་འདོད་པའི་ངལ་རྩོལ་པ་མང་པོ་སྐྱེད་སྲིང་བྱེད་དགོས།

ཁྲལ་འཕྲིའི་ཐད་ནས། ཕྱོགས་བསྡུས་དང་ཁག་བགོས་ཟུང་འབྲེལ་གྱི་ཁྲལ་བསྡུས་སྒྲིག་སྲོལ་གསར་བ་བཙུགས་ནས། ཕྱོགས་བསྡུས་ཐོབ་ཆའི་ནང་ནས་འཕྲི་བའི་ཚད་གཞི་ལག་བསྟར་བྱེད་པ་ལས། མུ་མཐུད་དུ་ཟླ་ཕོགས་ཀྱི་ཐོབ་ཆའི་འགྲོ་གྲོན་ཚད་གཞི་ལྟར་འཕྲི་མི་ཆོག དེ་ནི་ཡོང་སྒོ་ཁ་ཤས་ཕྱོགས་བསྡུས་བྱས་པ་དང་མཉམ་དུ་གཞི་རྩའི་ཉུང་འཕྲིའི་སྟེང་ཆེད་དོན་ཉུང་འཕྲི་སྣོན་པའི་ནང་རྐྱེན་བཙུགས་ནས། ཆེད་དོན་ཉུང་འཕྲི་འོས་འཚམ་སྒོས་ཇེ་མང་དུ་གཏོང་དགོས། ཕྱོགས་བསྡུས་ཡོང་འབབ་འདྲ་མཉམ་ཡིན་པའི་ཁྲལ་འཇལ་མཁན་ལ་བྱིས་པ་ཡོད་ན་བྱིས་པ་མེད་པ་ལས་ཁྲལ་ཉུང་འཇལ་བྱེད་ཆོག རྗེས་མར་སློབ་གསོ་དང་ཁང་པའི་སྐྱི་དངུལ། རྒན་གསོའི་འགྲོ་སྒོ་སོགས་ཉུང་འཕྲིའི་རྣམ་གྲངས་ནང་དུ་འཇོག་རྩིས་ཡོད་པས། དེ་ནི་སྐྱི་དངུལ་བཀོལ་ནས་ཁང་པ་ཉོ་བ་དང་། རྒན་པ་དང་བྱིས་པ་ཡོད་པའི་ཁྱིམ་ཚང་ལ་མཚོན་ན་ཕན་ཐོགས་ཆེན་པོ་ཡོད།

སློབ་གསོའི་ཐད་ནས། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟའི་བྱ་བར་རྗེས་འདེད་དང་མཛུབ་སྟོན་དམ་པོ་བྱེད་པ་དང་། ཧྲང་ཧེ་དང་ཀྲེ་ཅང་གི་བཅོས་བསྒྱུར་འཆར་་གཞི་དང་འབྲེལ་ཡོད་བྱེད་ཐབས་ལ་སྔར་ལས་མཛུབ་སྟོན་བྱེད་དགོས།

འབྲིང་རྒྱུགས་བཅོས་བསྒྱུར་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་དགོས། དམའ་འབྲིང་སྦྱོང་ཚན་གྱི་རྒྱུགས་ལེན་དང་ཕྱོགས་བསྡུས་བྱང་ཚད་ལ་གདེང་འཇོག་བྱེད་པ་གཉིས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འབྲིང་རྒྱུགས་ཀྱི་སྐར་མ་སྣོན་པའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས། སློབ་གཞི་ཁ་ཤས་ཀྱི་སྦྱང་འབྲས་མཉམ་དུ་བསྣན་ནས་སློབ་མ་བསྡུ་བའི་གཞི་འཛིན་ས་ཁོ་ནར་བརྩི་བའི་བྱེད་སྟངས་བསྒྱུར་དགོས།

འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་ཨུ་ཡོན་ལྷན་ཁང་གིས2017ལོར་འཛིན་བྱང་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱེད་པའི་ཁྱབ་ཁོངས་སྔར་བས་ཇེ་ཆེར་བཏང་ནས། 2018ལོར་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱེད་དགོས། སྨན་རྫས་ཀྱི་རིན་གོང་མཐོ་བ་སྔར་ལས་ཇེ་དམའ་རུ་བཏང་ནས་མང་ཚོགས་ཀྱི་སྨན་མཁོའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས།

གཞི་རྩའི་སྨན་བཅོས་འགན་སྲུང་རྒྱལ་ཡོངས་དང་དྲ་སྦྲེལ་ཡོང་བར་སྐུལ་འདེད་བྱས་ནས། 2017ལོའི་ལོ་མཇུག་ཏུ་སྨན་བཅོས་སྤོ་སྒྱུར་གཏན་འཁེལ་དང་མཐུན་པ་དང་། གནས་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་སྨན་ཡོན་ཐད་ཀར་རྩིས་རྒྱག་པ་ཕལ་ཆེར་མངོན་འགྱུར་བྱེད་དགོས། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་རྒན་གསོའི་དངུལ་དུས་ཐོག་དང་འདང་ཚོད་ཀྱིས་སྤྲོད་པར་ཁག་ཐེག་བྱས་ནས། གཞི་རྩའི་རྒན་གསོའི་འགན་ལེན་ཐེབས་རྩ་གཏོང་བ་དང་འཁོར་རྒྱུག་ཡོང་བར་བརྟན་བརླིང་ངང་སྐུལ་འདེད་བྱེད་དགོས། རྒན་གསོའི་ཉེན་འགོག་འགན་ལེན་སྡེ་ཁག་གི་དངུལ་སྤྲོད་ཚད་དང་ལས་ཤོར་ཉེན་འགོག་གྲོན་དངུལ་སྤྲོད་ཚད་ཡང་བསྐྱར་དུས་རིམ་རང་བཞིན་གྱིས་ཇེ་ཉུང་དུ་བཏང་ཚེ། སྔོན་རྩིས་ལྟར་ན་ལོ་ཧྲིལ་བོར་ཁེ་ལས་ཀྱི་མ་གནས་སྒོར་དུང་ཕྱུར་ཆིག་སྟོང་ཉིས་བརྒྱ་ལྷག་ཇེ་ཉུང་དུ་གཏོང་ཐུབ།

དམངས་སྲིད་པུའུ་ཡིས2017ལོར་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་སྲིད་ཇུས་མ་ལག་དང་ཚད་གཞི་ཚད་ལྡན་དུ་གཏོང་བ་དང་། དོ་དམ་ལམ་ལུགས་རིམ་བཞིན་འཛུགས་དགོས་པ་དང་། སྨན་བཅོས་ལས་ཁུངས་བརྒྱ་ཆའི་བརྒྱད་ཅུ་ཡན་གྱིས་རྒན་པར་ཨང་ཐོ་འགོད་པ་དང་སྨན་བཅོས་སོགས་ཀྱི་གེགས་མེད་ལམ་ཡངས་འཛུགས་དགོས་པ་དང་། རྒན་གསོ་ལས་ཁུངས་བརྒྱ་ཆའི་ལྔ་བཅུ་ཡན་གྱིས་རྣམ་པ་མི་འདྲ་བ་ལས་རྒན་པར་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱས་ཏེ། རྒན་པའི་བདེ་ཐང་དང་རྒན་གསོའི་ཞབས་ཞུ་རང་བཞིན་མངོན་གསལ་གྱིས་ཇེ་བཟང་དུ་གཏོང་དགོས།

སྡོད་ཁང་གི་ཐད་ནས། ཁང་རྙིང་སྒྱུར་བཀོད་ཐད་ཁང་པ་ཁྲི600གསར་དུ་ལས་རྒྱུ་དང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས། 2017ལོར་ཁང་རྙིང་སྒྱུར་བཀོད་ཐད་ཁང་པ་ཁྲི600ལས་པའི་ལས་འགན་བཀོད་སྒྲིག་དང་། སྤྱི་པའི་གསོག་དངུལ་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བཏང་ནས། སྡོད་ཁུལ་རྙིང་པ་དང་སྡོད་ཁང་ཕྱོགས་བསྡུས་སྒྱུར་བཀོད་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱེད་དགོས། གྲོང་རྡལ་སྡོད་ཁང་འགན་སྲུང་གི་ཁྱིམ་ཚང་བོགས་མར་གཏོང་ལེན་ཁ་གསབ་དེ་ཁྱིམ་ཚང་རེར་རྒྱ་ཁྱོན་སྨི་གྲུ་བཞི་མ60ལས་བརྒལ་མི་རུང་། གྲོང་རྡལ་སྡོད་ཁང་འགན་སྲུང་ཐད་ནས་དངོས་པོ་སྡེབ་བོགས་དང་བོགས་མར་གཏོང་བའི་ཁ་གསབ་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱོད་པ་ནས་རིམ་བཞིན་བོགས་མར་གཏོང་བའི་ཁ་གསབ་གཙོ་བོར་བསྒྱུར་དགོས།

འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས། རྨང་གཞིའི་རང་བཞིན་གྱི་ལམ་ལུགས་དང་ཡུན་རིང་ནང་རྐྱེན་འཛུགས་པར་ཞིབ་འཇུག་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། འཕར་ཆག་ཆེན་པོ་འབྱུང་བ་ཡང་སྔོན་འགོག་བྱེད་དགོས།

དབུལ་སྐྱོར་ཐད་ནས། དངུལ་ལོར་དབུལ་སྐྱོར་གྱིས་ནུས་པ་གལ་ཆེན་འདོན་པ་དང་། གཞིས་སྲུང་བྱིས་པ་ཚང་མ་ནུས་ལྡན་གྱི་ལྟ་སྐྱོང་ནང་འཇོག་དགོས།
དབུལ་སྐྱོར་གཞུང་ལས་ཁང་གིས། དངུལ་ལོར་དབུལ་སྐྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། དབུལ་ཁྱིམ་ལ་དབུལ་སྐྱོར་གྲངས་ཉུང་དངུལ་བུན་སྟེར་ཚད་ཇེ་མང་དུ་གཏོང་བ་དང་། དངུལ་ལོར་རྒྱབ་སྐྱོར་བྱེད་པའི་ཚད་ཇེ་ཆེར་གཏོང་དགོས། ཞིང་ལས་ཉེན་འགོག་དང་ནད་ལྕི་མོའི་ཉེན་འགོག དབུལ་འབྲེལ་ཉེན་འགོག་སོགས་འདུས་པའི“སྡེབ་གཅིག”ཉེན་འགོག་གི་ཐོན་རྫས་གསར་སྤེལ་བྱེད་དགོས།

དམངས་སྲིད་པུའུ་ཡིས། 2017ལོར་ཞིང་སྡེའི་མ་མཐའི་འགན་སྲུང་ལམ་ལུགས་དེ་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་དང་འབྲེལ་མཐུད་ཡོང་བར་ཤུགས་ཆེན་པོས་སྐུལ་འདེད་བྱེད་དགོས། གཞིས་སྲུང་བྱིས་པའི་གཅེས་སྐྱོང་དང་སྲུང་སྐྱོབ་ཀྱི་ཆེད་དོན་བྱ་སྤྱོད་ལག་ཏུ་བསྟར་ནས། 2017ལོའི་ལོ་མཇུག་བར་ཞིང་སྡེའི་གཞིས་སྲུང་བྱིས་པ་ཚང་མ་ལྟ་སྐྱོང་ཁྱབ་ཁོངས་སུ་འཇོག་ཐབས་བྱེད་དགོས།

ཟས་རིགས་བདེ་འཇགས་ཐད་ནས། བྱིས་པ་རློན་ནུའི་འོ་ཕྱེ་ལ“ཟླ་རེར་དཔེ་འཐེན་ཞིབ་བཤེར་དང་ཟླ་རེར་ཁྱབ་སྒྲོག་བྱེད་དགོས།”
ཞིང་ལས་པུའུ་ཡིས། བྱིས་པ་རློན་ནུའི་འོ་ཕྱེ་ལ་ལྟ་སྐུལ་དོ་དམ་དང་། ཁྲིམས་འགལ་རྫས་སྣོན་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ། འོ་ཕྱེའི་ཚོང་རྟགས་ལམ་ལུགས་སླར་གསོ་དངོས་འབེབས་བྱེད་པ། རྒྱལ་ཐོན་འོ་རྫས་ཚོང་རྟགས་སྐྲུན་པ་སོགས་བྱེ་བྲག་གི་བྱེད་ཐབས་འདོན་དགོས།

རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས། ཞིང་སྨན་དང་ཕྱུགས་སྨན་ལྷག་ལུས་ཀྱི་དཔེ་འཐེན་ཞིབ་བཤེར་ཇེ་དྲག་ཏུ་གཏོང་དགོས། བྱིས་པ་རློན་ནུའི་འོ་ཕྱེ་ཐོན་སྐྱེད་མ་ལག་གི་ཞིབ་བཤེར་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་།“ཟླ་རེར་དཔེ་འཐེན་ཞིབ་བཤེར་དང་ཟླ་རེར་ཁྱབ་སྒྲོག་བྱས་ཏེ།” རྫས་སྦྱོར་བེད་སྤྱད་དེའི་ནུས་པ་འུད་སྒྲོག་བྱེད་པ་གཏན་འགོག་བྱེད་དགོས། བཟའ་བཏུང་སྡེ་ཁག་ཏུ“ཇ་ཁང་དང་ཐབ་ཚང་གཙང་མ་ཡིན་པ”ཡི་ལམ་ལུགས་མུ་མཐུད་དུ་སྐུལ་སྤེལ་བྱེད་དགོས།

དྲ་ཐོག་འཕྲིན་གཏོང་ཐད་ནས། གློག་འཕྲིན་བརྒྱུད་དེ་མགོ་སྐོར་གཏོང་བར་རྡུང་རྡེག་ནན་མོ་བྱེད་པ་དང་། ཁྲིམས་འགལ་གྱི“སློབ་རའི་དངུལ་བུན”ལ་རྡུང་རྡེག་དྲག་པོ་གཏོང་དགོས།

བཟོ་ལས་དང་ཆ་འཕྲིན་པུའུ་ཡིས། ཁྲིམས་འགལ་གྱི“+86”གི་རྒྱལ་སྤྱིའི་ཁ་པར་འགོག་པ་དང་།“ཐུན་མོང་གི་ཁ་པར་ཨང་གྲངས”མེད་པར་བཟོ་བ། དྲ་ཐོག་གི་ཨང་གྲངས་བཟོ་བཅོས་མཉེན་ཆས་རྩ་མེད་དུ་གཏོང་བ། ཚད་ལྡན་མིན་པའི་ཁ་པར་འབོད་གྲངས་འགོག་པ་བཅས་བྱེད་ཐབས་ཆེན་པོ་བཞི་མུ་མཐུད་དུ་ལག་བསྟར་བྱེད་དགོས།

སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས། གློག་འཕྲིན་དྲ་བ་དང་སྦྲེལ་དྲ་བརྒྱུད་དེ་མགོ་སྐོར་གཏོང་བའི་ཁ་པར་འགོག་ཟོན་མ་ལག་འཐུས་ཚང་དུ་གཏོང་བ་དང་། དངུལ་ཁང་གི་རྩིས་ཐོ་དང་གཏོང་སྤྲོད་རྩིས་ཐོའི་བར་གྱི་རྒྱུན་ལྡན་མིན་པའི་མ་དངུལ་བརྗེ་སྤེལ་གྱི་ཉེན་ཁ་ཚོད་འཛིན་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས་རྫུན་མ་དང་ལྐོག་ལེན་དྲ་ཚིགས་ཀྱི་སྒོ་དུས་ཐོག་ཏུ་རྒྱག་དགོས།“སློབ་རའི་དངུལ་བུན”ལས་བྱུང་བའི་གནད་དོན་ལ་དམིགས་ནས་དྲ་བའི་དངུལ་བུན་སྟེགས་བུ་ལ་ལྟ་སྐུལ་དོ་དམ་ཤུགས་ཆེན་པོ་བྱེད་དགོས།
འཛད་སྤྱོད་ཐད་ནས། དྲ་ཐོག་ནས་ཉོས་པའི་ཚོང་རྫས་ཉིན་བདུན་ནང་ཕྱིར་སློག་ཆོག་པའི་ཁེ་དབང་སྔར་ལས་བྱེ་བྲག་ཏུ་གཏོང་བ་དང་། ཁྲལ་འཇལ་མི་དགོས་པའི་ཚད་ཇེ་ཆེར་བཏང་ནས་ཉོ་མཁན་ཇེ་མང་དུ་གཏོང་དགོས།

བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས། དྲ་ཐོག་ནས་ཚོང་རྫས་ཉོ་མཁན་གྱིས་ཉིན་བདུན་ནང་རྒྱུ་མཚན་མེད་པར་ཚོང་རྫས་ཕྱིར་སློག་ཆོག་པའི་འོས་འགན་ལག་བསྟར་བྱེད་དགོས། ཉིན་བདུན་དེ་འཛད་སྤྱོད་པས་ཚོང་རྫས་འབྱོར་ཐོ་བཀོད་རྗེས་ཀྱི་ཕྱི་ཉིན་ནས་བརྩི་དགོས།

ཚོང་དོན་པུའུ་ཡིས། མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་དང་རླངས་འཁོར་ནང་འདྲེན་ཕྱིར་ཚོང་སོགས་ཉོ་ཚོང་བྱེད་ཐབས་གསར་པ་སྐུལ་སློང་བྱས་ནས། ཁྲལ་འཇལ་མི་དགོས་པའི་འཛད་སྤྱོད་སོགས་སྲིད་ཇུས་ཇེ་ཆེར་གཏོང་དགོས། ཀྲུང་ཧྭའི་ཚོང་རྟགས་རྙིང་པའི་སྒུལ་སྐྱོད་དོ་དམ་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ལྡན་ཚོང་རྟགས་སྐྱེད་སྲིང་བྱེད་དགོས། གློག་རྡུལ་ཚོང་དོན་སྡེ་ཁུལ་དུ་སྐྱོད་པར་ཤུགས་ཆེན་པོས་སྐུལ་འདེད་དང་། མཐོ་འབྲིང་གྲས་དང་རང་རྒྱུད་ཅན་གྱི་འཚོ་བའི་ཞབས་ཞུ་འཛད་སྤྱོད་ཚོང་ར་གསར་སྤེལ་བྱེད་དགོས།
ཡུལ་སྐོར་ཐད་ནས། ཡུལ་སྐོར་ཁྲོད་ཀྱི་དཔལ་ཡོན་མིན་པའི་སྤྱོད་ཚུལ་ལ་ཤུགས་ཆེན་པོས་དག་ཐེར་བྱེད་དགོས།

ཡུལ་སྐོར་ཅུས་ཀྱིས། ཡུལ་སྐོར་ཚོང་རའི་སྒྲིག་ལམ་དང་དཔལ་ཡོན་མིན་པའི་སྤྱོད་ཚུལ་དག་ཐེར་བྱས་ནས། ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སྒྱུར་དང་། གསར་བརྗེ་ཡུལ་སྐོར་གསར་གཏོད་དང་གསར་བརྗེ་ཡུལ་སྐོར་གྱི་ལས་ཆོད་དང་སྤུས་ཀ་ཇེ་དྲག་ཏུ་གཏོང་དགོས། སྤྱོད་ཁང་བསྒྱུར་བཀོད་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས་སྤྱི་སྤྱོད་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་དགོས།
 

                                                                                                                                                                                                       རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།