ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > འུ་ཅག་གི་སེམས་གཏམ།

བོད་ཀྱི་རིག་གནས་ཀྱི་སྲོག་རྩར་སྲུང་སྐྱོབ་བྱེད་དགོས།

སྤེལ་དུས། 2018-04-09 10:02:20   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

 རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་རྡོ་རྗེ་ནི་བྲོ་འཁྲབ་མཁན་ཞིག་ཡིན་པར་མ་ཟད། འོག་ལེན་དཀྲོལ་བར་མཁས་ཤིང་། རྣ་བར་འཇགས་ཤིང་ངག་ལ་བདེ་བའི་གཞས་གདངས་མང་པོ་གསར་རྩོམ་གནང་མྱོང་ཞིང་། ཤ་རུད་པའི་ཁམས་པའི་ཕོ་རྒོད་འདིའི་ལུས་སྟེང་དུ་དྲོད་ཁོལ་འཛོམས་ཞིང་། རིག་རྩལ་ལ་དགའ་བའི་རྣམ་པ་ཞིག་རང་བཞིན་གྱིས་མངོན་འདུག

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་སྙིང་ཁུལ་གྱི་གཙང་གསུམ་འབྱུང་ཡུལ་དུ་གནས་ཡོད་ལ། བྲོ་གར་གྱི་ཕ་ས་ཞེས་པའི་མཚན་སྙན་ཞིག་ཀྱང་ཐོགས་ཡོད་པ་རེད། ཡུས་ཧྲུའུ་ས་ཆར་མཚོན་ན་དུས་རྒྱུན་གྱི་ཁོམ་སྐབས་དང་དུས་ཆེན་གང་ཡིན་ཡང་། བྲོ་འཁྲབ་རྒྱུ་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བྱ་འགུལ་ཞིག་ཡིན་ལ། ཡུས་ཧྲུའུ་ས་གནས་ཀྱི་བྲོ་གར་གྱིས་ཚབ་བྱས་ཡོད་པའི་བོད་ཀྱི་གཞས་བྲོ་ལ་སྒྱུ་རྩལ་གྱི་རིན་ཐང་དང་དམངས་སྲོལ་ཞིབ་འཇུག་གི་རིན་ཐང་མཐོན་པོ་ལྡན་ཡོད་པ་རེད།

ཀྲུང་ཧྭ་རིག་གནས་ཀྱི་འཕེལ་རྒྱས་དང་དར་རྒྱས་ནི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འགྱུར་བ་དང་། གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་དང་འབྲལ་ཐབས་མེད་པ་རེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོའི་འགན་མ་འཁུར་སྔོན་ལ། བཀྲ་ཤིས་རྡོ་རྗེ་ནི་མིང་དུ་གྲགས་པའི་དབྱངས་རྩོམ་པ་པོ་ཞིག་ཡིན་པ་དང་། «ཚངས་དབྱངས་རྒྱ་མཚོའི་མགུར་གླུ»དང་། «ཡུས་ཧྲུའུ། ང་ཡི་ཕ་ཡུལ»«ཨ་མའི་པགས་ཚག»སོགས་གླུ་གཞས་དེ་དག་ནི་ཁོའི་སྨྱུག་འོག་ནས་ཐོན་པ་ཞིག་རེད། ཁོས་བཤད་རྒྱུར། བརྩམས་ཆོས་དེ་དག་གི་རྒྱབ་ལོགས་སུ་ཡུས་ཧྲུའུ་ས་གནས་རང་གི་སྲོལ་རྒྱུན་དམངས་གླུའི་གདངས་ཡོད་པ་དང་། བོད་རིགས་མང་ཚོགས་ཀྱི་ལྷད་མེད་པའི་བརྩེ་དུངས་ཀྱི་གཏམ་རྒྱུད་ཀྱང་ཡོད་ཟེར།

བཀྲ་ཤིས་རྡོ་རྗེ་ཡིསལོ་གཅིག་གི་འཚོ་བའི་ཁྲོད་དུས་ཚོད་ཕྱེད་ཀ་འབྲོག་ཁུལ་གྱི་སྡེ་བར་སོང་ནས་དམངས་གཞས་འཚོལ་སྡུད་བྱེད་བཞིན་ཡོད། ལོ་འདི་དག་གི་རིང་ལ། ཁོ་ཕལ་ཆེར་བོད་ཁུལ་གྱི་ས་ཆ་མང་པོར་སོང་མྱོང་བ་རེད། བཀྲ་ཤིས་རྡོ་རྗེས་ཡིས་བཤད་རྒྱུར། བོད་ཀྱི་དམངས་གླུའི་ནང་དུ་ས་གནས་དེ་གའི་མིས་གྲོ་རྔ་བ་དང་། གྱང་རྡུང་བ། མར་དཀྲུགས་པ། བལ་སྐུད་འཁེལ་བ་སོགས་འཚོ་བའི་རྣམ་པ་དང་གནའ་བོའི་སྲོལ་རྒྱུན་གྱི་གཏམ་རྒྱུད་མང་པོ་འདུས་ཡོད་པ་དང་། གཙང་བོ་གསུམ་གྱི་བཞུར་རྒྱུན་དང་། རྩྭ་སའི་སྐྱེས་རྒུད་སོགས་རང་བྱུང་སྐྱེ་ཁམས་དེ་ནི་ཕན་ཚུན་མཉམ་འདྲེས་ཀྱི་གོང་བུ་ཞིག་ཏུ་གྱུར་ཡོད། དམངས་གླུ་ནི་ས་ཁུལ་སོ་སོར་ཁྱབ་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དུས་མཉམ་དུ་གླུ་གར་འཚོལ་སྡུད་ལེགས་སྒྲིག་བྱེད་པར་མཐོང་ཆེན་བྱེད་ཐུབ་ཚེ། བོད་ཀྱི་རིག་གནས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་ཐུབ་ལ། དེ་ནི་ཀྲུང་ཧྭ་དཔལ་ཡོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་ཐུབ་པ་རེད་ཟེར།

ཉེ་བའི་ལོ་འགའི་རིང་ལ། རིག་གནས་སྡེ་ཁག་གིས་རྒྱུན་འཛིན་གསར་སྐྲུན་ལ་སྣེ་ཁྲིད་བྱས་པ་དང་། ཡུས་ཧྲུའུ་གླུ་གར་ཚོགས་པས་སྔ་གཞུག་ཏུ«རྒྱ་བཟའི་ཡུས་ཧྲུའུ་ཡི་བརྩེ་བ»དང་། «ཁུ་ནུའི་དཔའ་རྒོད»«གདངས་དབྱངས་ཀྱི་གཏམ་རྒྱུད»སོགས་བྲོ་གར་དང་དམངས་སྲོལ་རོལ་དབྱངས་ཟློས་གར་སོགས་སྒྲིག་བཟོ་བྱས། བརྩམས་ཆོས་གསར་གཏོད་ཁྲོད། བཀྲ་ཤིས་རྡོ་རྗེ་ཡིས་བོད་ཀྱི་ས་ཁུལ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་གདན་འདྲེན་ཞུས་ནས་འཁྲབ་སྟོན་པར་སློབ་སྦྱོང་དང་མཛུབ་སྟོན་བྱེད་དུ་བཅུག་པ་དང་། དབྱངས་འགྲོས་དེ་དེང་རབས་རོལ་མོ་དང་བོད་ཀྱི་སྲོལ་རྒྱུན་དམངས་གླུའི་ཁྱད་ཆོས་དང་འདྲེས་ཡོད་པ་དང་། གར་སྟེགས་འཁྲབ་སྟོན་གྱིས་ཀྱག་ཀྱོག་དང་ཡིད་སེམས་འགུགས་པའི་གཏམ་རྒྱུད་གཙོ་བོར་མཚོན་པར་བྱས་ཡོད་པས། ས་གནས་རང་གི་ཁྱད་ཆོས་དང་འཚམ་པར་མ་ཟད་སྒྱུ་རྩལ་གྱི་རོལ་མྱོང་རིན་ཐང་ལྡན་པའི་མཚོན་སྟངས་ལ་རྒྱ་ཆེ་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ།

ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་རོལ་ཐུབ་ཆེད་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་འདོན་སྤྲོད་དང་། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན་བྱེད་དགོས་པར་བསྟན་ཡོད་པ་དེས་བཀྲ་ཤིས་རྡོ་རྗེ་ལ་སེམས་ཤུགས་ཆེན་པོ་བསྐྱེད་དུ་བཅུག

བཀྲ་ཤིས་རྡོ་རྗེ་ཐེངས་འདིར་ཚོགས་འདུར་ཞུགས་པ་དེ་ནི་མི་རིགས་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་དེ་རྐང་ཚུགས་སར་བྱས་ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་སྐུལ་འདེད་གཏོང་བར་གྲོས་གཞི་བཏོན། ཉེ་བའི་ལོ་འགའི་རིང་ལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ལ་མུ་མཐུད་དུ་ལེགས་བཅོས་བྱུང་ཡང་། ས་གནས་དེ་གའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་ད་དུང་བྱ་བ་མང་པོ་སྒྲུབ་དགོས། བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར། དམངས་སྲོལ་རིག་གནས་རྒྱུད་འཛིན་སྲུང་སྐྱོབ་བྱེད་པ་དེ་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དང་ཟུང་འབྲེལ་བྱས་ཏེ། རིག་གནས་ཀྱི་སྲོག་རྩ་སྲུང་ན། ད་གཟོད་གཙང་གསུམ་འབྱུང་ཡུལ་ལ་སྔར་ལས་གསོན་ཤུགས་དང་སྐྱེ་སྟོབས་ལྡན་ཐུབ་ཟེར།

ལོ་ཙཱ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།