ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > འུ་ཅག་གི་སེམས་གཏམ།

མཚོ་སྔོན་གྱི་དུས་ཚིགས་བཞི་བོའི་གནས་སྐོར་དར་མགོ་བརྩམས་པ།

སྤེལ་དུས། 2018-05-24 11:48:12   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུས་ཡིས་ཁྱབ་སྒྲོག་བྱས་པའི་གྲངས་ཀ་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་དུ་ཡོང་བའི་གནས་སྐོར་བའི་མི་གྲངས་དང་གནས་སྐོར་ཡོང་སྒོ་ཅུང་མགྱོགས་པོའི་ངང་ནས་འཕརབ་དང་། ཟླ་དང་པོ་ནས་ཟླ་གསུམ་པའི་བར། ཞིང་ཆེན་ཡོངས་ནས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་གྲངས་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་གཉིས་ལྷག་སྣེ་ལེན་བྱས་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སུམ་ཅུ་ལྷག་འཕར་ཡོད། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་ལྷག་ཡིན་པ་དང་འཕར་ཚད་བརྒྱ་ཆའི་སོ་གཅིག་ལྷག་ལ་སླེབས།

ད་ལོའི་དཔྱིད་ཀར་ཞིང་ཆེན་ཡོངས་ཀྱིས་དཔྱིད་སློང་གནས་སྐོར་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་བ་དང་། དེ་ནི་བྱ་བ་བཀོད་སྒྲིག་དང་ཞིབ་བཤེར་དག་ཐེར། སྤྱི་སྡོམ་མཇུག་སྡུད་བཅས་རིམ་པ་གསུམ་དུ་བགོས་ནས་ཟླ་གསུམ་པ་ནས་ཟླ་ལྔ་བའི་བར་དུ་སྐུལ་འདེད་བྱས།
ད་ལོའི་ཟླ་གསུམ་པའི་ནང་རབ་མཛེས་མཚོ་སྔོན་དྲིལ་སྒྲོག་བྱས་ཏེ་མཛེས་སྡུག་གི་མིང་བྱང་བསྐྲུན་པ་ཞེས་པ་སྟེ་རབ་མཛེས་མཚོ་སྔོན་གྱི་གནས་སྐོར་ཁེ་ལས་ཉོ་ཚོང་ཚོགས་འདུ་བསྡུས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་། ཚ་རྔ་འགག་ལྗོངས་ཁུལ་སོགས་ཀྱི་སྡེ་ཁག་དང་ལྗོངས་ཁུལ་བཅུ་གཅིག་གིས་གནས་སྐོར་གྱི་ཐོན་ཁུངས་དང་ཐོན་རྫས། ལམ་ཐིག་བཅས་མཚམས་སྦྱོར་བྱས།
གནས་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་འབྱུང་དགོས་ན། “དུས་བདེ་གནས་ལེགས་མི་སེམས་མཐུན་པ”བཅས་ཀྱི་ཐུན་མོང་གི་ནུས་པ་ཐོན་དགོས།
ད་ལོའི་དུས་ཚིགས་དང་པོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ནང་གི་གནས་སྐོར་པ་མི་ཐེངས་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་གཅིག་ལྷག་སྣེ་ལེན་བྱས་ཤིང་འཕར་ཚད་བརྒྱ་ཆའི་སུམ་ཅུ་ལྷག་རེད། རྒྱལ་ནང་གི་གནས་སྐོར་ཡོང་སྒོ་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་ལྷག་བླངས་པ་དང་འཕར་ཚད་བརྒྱ་ཆའི་སོ་གཅིག་རེད། ཕྱི་རྒྱལ་གྱི་གནས་སྐོར་པ་མི་ཐེངས་སྟོང་གཅིག་དང་དགུ་བརྒྱ་སོ་གསུམ་སྣེ་ལེན་བྱས་པ་དང་འཕར་ཚད་བརྒྱ་ཆའི་བཅུ་གཉིས་ལྷག་དང་། ཕྱི་དངུལ་ཡོང་སྒོ་མེ་སྒོར་ས་ཡ་གཅིག་དང་ཁྲི་བདུན་ལྷག་བླངས་པ་དང་འཕར་ཚད་བརྒྱ་ཆའི་ལྔ་ལྷག་རེད།

ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་མཉམ་འདྲེས་འཕེལ་རྒྱས་མགྱོགས་པོར་གཏོང་བ། གྲུབ་ཆའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། ཐོན་རྫས་འདོན་སྤྲོད་ལ་ཤུགས་སྣོན་པ་བཅས་བྱས་པ་སྟེ། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་གནས་སྐོར་ལས་རིགས་ཀྱིས“ས་ཁོངས་ཡོངས་ཀྱི་གནས་སྐོར”དང“དུས་ཚིགས་བཞི་པོའི་གནས་སྐོར”གྱི་འཕེལ་རྒྱས་འཐབ་ཇུས་རྒྱུན་འཁྱོངས་བྱས་པ་དང་། “གཙོ་རྒྱུག་གནས་སྐོར་དུས་རབས”དང་འཕྲད་པའི་རྣམ་པ་གསར་བ་དང་འགྱུར་ལྡོག་གསར་བ། ཁྱད་ཆོས་གསར་བ་བཅས་ལ་བསྟུན་ཅི་ཐུབ་བྱས་ཏེ། “ས་རྒྱུད་གཅིག་དང་ལམ་ཐིག་གསུམ། ཁྱམས་རིང་གསུམ”གྱི་གནས་སྐོར་འཕེལ་སྟངས་འབད་བརྩོན་གྱིས་བསྐྲུན།
དུས་ཚིགས་དང་པོར། གནས་སྐོར་པ་རྣམས་དཔྱིད་དུས་ཀྱི་གནས་སྐོར་ལས་གཞི་སྔར་བས་མང་པོ་ཞིག་ལ་ཞུགས་ཆེད། ཞུགས་འདོད་ཆེ་བའི་དཔྱིད་དུས་གནས་སྐོར་གྱི་ལས་གཞི་བརྒྱ་ཙམ་མཚམས་སྦྱོར་བྱས་ཏེ། གནས་སྐོར་བ་སྔར་བས་མང་པོ་ཞིག་ལ“རབ་མཛེས་མཚར་སྡུག་གི་མཛེས་པ་འཚོལ་སྙེག་བྱེད་པ་དང་རབ་མཛེས་མཚོ་སྔོན་གྱི་དགུན་ལྗོངས་ལ་ལྟ་བ། རབ་མཛེས་དམངས་སྲོལ་རོལ་མྱོང”བྱེད་དུབཅུག དེའི་ནང་དུ་མཛེས་ལྗོངས་ལ་གནས་སྐོར་བྱེད་པ་དང་གངས་འཁྱགས་ལ་གནས་སྐོར་བྱེད་པ། ཞིང་སྡེའི་ཟས་མཆོག་གི་བྲོ་བ་མྱོང་བ། དམངས་སྲོལ་ཉམས་ལེན་བྱེད་པ། “གཟུགས་འདས་རིག་གནས་ཤུལ་བཞག”སྟེ་ཆོས་ལུགས་རིག་གནས་ལ་གནས་སྐོར་བྱེད་པ། མཛེས་ལྗོངས་པར་དུ་ལེན་པའི་གནས་སྐོར། རི་འགོར་ལུས་སྦྱོང་འགྲན་སྡུར་བྱེད་པའི་གནས་སྐོར། ལོ་གསར་དུས་ཆེན་ལ་གནས་སྐོར་བྱེད་པ་སོགས་ལྗོངས་ཁུལ་སོ་སོས་དཔྱིད་དུས་གནས་སྐོར་གྱི་གཟིགས་སྐྱོང་བྱེད་ཐབས་བཏོན་པ་བཅས་འདུས།

ཉིས་སྟོང་བཅོ་བརྒྱད་ལོར། རང་ཞིང་གིས “ས་ཁོངས་ཡོངས་ཁྱབ་ཅན་དང་། སྤུས་ལེགས་ཅན། ཤེས་རབ་ཅན”གྱི་གནས་སྐོར་ལ་སྣེ་ཁྲིད་བྱས་ནས། “མཐུན་སྦྱོར་འཕེལ་རྒྱས”བརྗོད་གཞི་ཡིན་པའི་བྱ་འགུལ་སྤེལ་ཏེ། “རབ་མཛེས་མཚོ་སྔོན”གྱི་གནས་སྐོར་སྣང་བརྙན་ཅི་ནུས་ཀྱིས་ཇེ་མཐོར་བཏང་ཞིང་། དུས་རབས་གསར་པའི་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་དགོས་མཁོ་མུ་མཐུད་དུ་བསྐངས་པ་དང་། མི་རྣམས་ཀྱིས་གནས་སྐོར་བྱེད་པའི་ཁྲོད་ཐོབ་སྣང་དང་སྐྱིད་སྣང་ཚོར་བར་ཤུགས་གང་ཡོད་བཏོན།
དུས་ཚིགས་དང་པོར། རང་ཞིང་གི་གནས་སྐོར་དོ་དམ་སྡེ་ཁག་སོ་སོས་གནས་སྐོར་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བྱས་པ་སྟེ། ཤུགས་ཡོད་རྒུས་གུང་གསེང་གི་གནས་སྐོར་ཐོན་རྫས་འདོན་སྤྲོད་ལ་ཤུགས་སྣོན་བྱེད་པ་དང་། གུང་གསེང་གནས་སྐོར་གྱི་སྤྱི་པའི་ཞབས་ཞུ་ཇེ་མཐོར་གཏོང་བ། གུང་གསེང་གནས་སྐོར་གྱི་ཚོང་ཁྲོམ་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། “ཟླ་བ་རེ་རེར་བཀོད་སྒྲིག་ཡོད་པ་དང་། གཟའ་འཁོར་རེ་རེར་བྱ་འགུལ་ཡོད་པ”ཡི་སྣང་ཚུལ་ཧུར་བརྩོན་གྱིས་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་གནས་སྐོར་གྱི་སྐྱིད་སྣང་ཉམས་སུ་མྱོང་དུ་བཅུག

མཐའ་འཁོར་ཞིང་ཆེན་གྱི་ས་ཁོངས་དང་མཉམ་འབྲེལ་བྱས་པ་བརྒྱུད་དེ། མཉམ་དུ་དགུན་དཔྱིད་དུས་ཚིགས་ཀྱི་གནས་སྐོར་ཐོན་རྫས་བསྐྲུན་པ་དང་། གནས་སྐོར་གྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་པ་དང་། “སྟོན་དཔྱིད་དུས་ཚིགས་ཀྱི་གནས་སྐོར་ཤིན་ཏུ་དར་བ་དང་དགུན་དཔྱིད་དུས་ཚིགས་ཀྱི་གནས་སྐོར་ཇེ་དར་དུ་བཏང་སྟེ། ས་ཁོངས་ཡོངས་ཀྱི་དུས་ཚིགས་བཞི་པོའི་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཡི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ། རང་ཞིང་གི་གནས་སྐོར་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་ལ་སྔར་བས་ཡར་སྐུལ་བྱེད་པ་དང་གནས་སྐོར་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
གནས་སྐོར་གྱི་དུས་གཞུང་བསུ་ཆེད། རང་ཞིང་གིས་ད་རུང“ཉིས་སྟོང་བཅོ་བརྒྱད་ལོའི་རབ་མཛེས་མཚོ་སྔོན་གྱི་གནས་སྐོར་པར་ལེན་འགྲན་སྡུར”དང“ཉིས་སྟོང་བཅོ་བརྒྱད་ལོའི་རབ་མཛེས་མཚོ་སྔོན་གྱི་གནས་སྐོར་ཐོན་རྫས་འགྲན་སྡུར།” “ཉིས་སྟོང་བཅོ་བརྒྱད་ལོའི་རབ་མཛེས་མཚོ་སྔོན་གྱི་གནས་སྐོར་ཁེ་ལས་ཉོ་ཚོང་ཚོགས་འདུ”བཅས་བསྡུས་ནས། གནས་སྐོར་ཁེ་ལས་པར་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་བསྐྲུན་པ་དང་། གནས་སྐོར་པས་ལྗོངས་ཁུལ་འདེམ་པ་དང་ཁྱད་ལྡན་གནས་སྐོར་ཚོང་རྫས་འདེམ་པར་གཞི་འཛིན་ས་འདོན་སྤྲོད་བྱས།

དཔྱིད་རླུང་འཇམ་པོ་དལ་གྱིས་ལྡང་ཞིང་རྨ་ཆུའི་འགྲམ་ངོགས་སུ་སིལ་སྡོང་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས་སུ། མཚོ་སྔོན་གྱི་གནས་སྐོར་ཡང་བསྐྱར་མགོ་བརྩམས་པ་དང་། ནམ་ཡང་དྲན་ཤིང་དུ་གྱུར་བའི་མཛེས་ལྗོངས་དང་ལོ་རྒྱུས་ཀྱི་ཡུན་རིང་བའི་རིག་གནས། བབ་ཆགས་པའི་དམངས་སྲོལ། ཞིམ་མངར་ཅན་གྱི་ཟས་མཆོག་གིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་བསུ་བཞིན་མཆིས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།