ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > འུ་ཅག་གི་སེམས་གཏམ།

སྡེ་བའི་ཐུན་མོང་གི་དཔལ་འབྱོར་དེ་དབུལ་ཐར་གྱི་འདེགས་ཤིང་གསར་པར་གྱུར་པ།

སྤེལ་དུས། 2018-06-19 09:51:20   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།
སྲང་ལམ་གྱི་གཡས་གཡོན་གཉིས་སུ་ལྗོན་པའི་གྲིབ་བསིལ་གྱིས་བཀབས་འདུག་ལ། སྣུམ་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་ཐོན་ཡོད་པ་དང་། ཉི་ནུས་ལམ་སྒྲོན་དང་གད་སྙིགས་འཕོ་སའི་སྒམ་དག་གོ་རིམ་ལྡན་པའི་ངང་བསྒྲིགས་འདུག འདི་ནི་ཏུའུ་ལན་རྫོང་ཚ་ཧན་ཝུའུ་སུའུ་གྲོང་རྡལ་ཏུང་ཧྲན་ཀེན་སྡེ་བ་བར་མའི་རྣམ་པ་རེད།
ལོ་ངོ་དུ་མའི་སྔོན་དུ། སྡེ་བ་འདི་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན་མོད། འོན་ཀྱང་ད་ལྟ་སྙན་པའི་གྲགས་པ་གང་སར་རྒྱས་པའིཕྱུག་སྡེཞིག་ཏུ་གྱུར་ཡོད། ཏུང་ཧྲན་ཀེན་སྡེ་བ་བར་མར་འདི་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་ཐུན་མོང་གི་ཡོང་སྒོས་སྡེ་དམངས་རྣམས་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས་པས་རེད། དེའི་རྒྱབ་ཕྱོགས་ཀྱི་འགྱུར་ལྡོག་དེ་དག་ནི་སྐྱེ་ལྡན་ལུད་ཀྱིམ་རྐང་ནག་པོལས་བྱུང་བ་རེད།
ལོ་ངོ་དུ་མའི་སྔོན་ནས་བཟུང་། ཏུང་ཧྲན་ཀེན་སྡེ་བ་བར་མས་ཐུན་མོང་དཔལ་འབྱོར་སྤེལ་མགོ་བརྩམས་པ་དང་། སྐབས་དེར། ཏུའུ་ལན་གྱི་ས་ཕྱོགས་ཀུན་ཏུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛུགས་སྐྲུན་ནན་འཛིན་བྱེད་ཀྱིན་ཡོད་ལ། ཚང་མས་ཨར་ལས་རྒྱུ་ཆ་ལས་སྣོན་གྱི་ཁེ་སྤོགས་དེར་རེ་བ་བཅངས་ཡོད་པས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྒེར་གྱི་སྦྱིན་བདག་ཞིག་གི་ལག་ནས་སོ་ཕག་བཟོ་གྲྭ་ཞིག་ཚུར་ཉོས། ཡིན་ན་ཡང་། ཅང་མ་འགོར་བར་སོ་ཕག་བཟོ་གྲྭ་ཁོར་སྲུང་ཚད་གཞི་ལས་བརྒལ་བས་ཐོན་སྐྱེད་བྱེད་དཀའ་བར་གྱུར་བས། སྡེ་བའི་ཐུན་མོང་དཔལ་འབྱོར་མགྱོགས་མྱུར་ངང་འགྲིབ་མགོ་བརྩམས།
སྡེ་བའི་ཐུན་མོང་དཔལ་འབྱོར་ཉམས་རྒུད་དུ་གྱུར་པ་ལ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་སྡེ་དམངས་རྣམས་ཤིན་ཏུ་སེམས་འཚབ་སྐྱེས་ཤིང་། ཧུར་ཐག་གིས་ཐབས་ལམ་གཞན་ཞིག་འཚོལ་བར་བྲེལ། 2015ལོར་ཏུང་ཧྲན་ཀེན་སྡེ་བ་བར་མས་ཐོན་ལས་ཅན་གྱི་དབུལ་སྐྱོར་ལས་གཞིའི་གོ་སྐབས་དམ་འཛིན་བྱས་ཤིང་། རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་སྣ་ཚོགས་ཀྱི་སྐུལ་ཁྲིད་འོག སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཁོད་ཡངས་པའི་ལམ་གསར་པ་ཞིག་རྙེད།
ཏག་ཏག་གོ་སྐབས་བཟང་པོ་ཞིག་དང་འཕྲད་པ་སྟེ། མཚོ་ནུབ་ཀྱི་ས་ཕྱོགས་ཀུན་ཏུ་གཞི་ཁྱོན་ཆེན་པོས་འདྲེ་ཚེར་མ་དང་གྲོ་འབྲས་འདེབས་བཞིན་འདུག་ལ། གནས་ཚུལ་འདི་འདྲ་ཞིག་གི་འོག་ལུད་རྫས་ཀྱི་དགོས་མཁོ་ཆེ་བ་ཁོ་ཐག་ཡིན་པས། དེས་ང་ཚོ་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་མཐོང་དུ་བཅུགཅེས་སྡེ་བ་བར་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏུང་ཧྥེང་གིས་དེ་ལྟར་བཤད།
རྫོང་དབུལ་སྐྱོར་གཞུང་ལས་ཁང་དང་མཐུན་སྦྱོར་བྱས་ཏེ་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་བཏང་བ་དང་། ཏུང་ཧྲན་ཀེན་སྡེ་བ་བར་མའི་ཁ་གཏད་རོགས་སྐྱོར་ཁེ་ལས་ཏེ་ཀྲུང་གོའི་རྡོ་སྣུམ་ཀུང་སིའི་མཚོ་སྔོན་སྣུམ་གཏེར་ཡན་ལག་ཀུང་སི་ལ་འབྲེལ་གཏུག་བྱས་ཏེ་སྒོར་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བདུན་གྱིས་རོགས་སྐྱོར་བྱས་པའི་ཁར་ད་རུང་དངུལ་བུན་སྒོར་ས་ཡ་ལྔ་བསྐྱིས་ནའང་། བཟོ་གྲྭ་ཞིག་འཛུགས་པར་ད་རུང་མ་དངུལ་གྱིས་འདང་མེད་པ་རེད།
ཏུང་ཧྥེང་གིས་བཤད་རྒྱུར། ཐུན་མོང་དཔལ་འབྱོར་ཡིན་པའི་ཆ་ནས། ཚང་མར་དེའི་ནང་དུ་མ་རྐང་མང་དུ་འཇོག་ཏུ་བཅུག་ཆོག མ་རྐང་མང་དུ་བཞག་ན་ལོ་མཇུག་ཁེ་སྤོགས་ཀྱང་མང་དུ་ཐོབ་ཐུབ།སྡེ་བའི་ཨུ་ཡོན་ལྷན་ཁང་གིས་ཐེངས་གང་མང་ཞིག་ལ་སྡེ་དམངས་ཚོགས་ཆེན་བསྡུས་ཏེ་གྲོས་བསྡུར་བྱས་པ་དང་། སྡེ་བའི་ལས་བྱེད་པ་ཐེངས་མང་པོར་ཁྱིམ་ཚང་ལ་སྐུལ་སློང་བྱེད་དུ་སོང་བས། སྡེ་དམངས་རྣམས་ཀྱིས་བསྡོམས་པས་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་གསུམ་ཁྲི་གསུམ་རུབ་བསྡུ་བྱས།
2015ལོའི་ལོ་སྨད་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བའི་ཐུན་མོང་གི་ས་ཞིང་སྤྱི་ཆིང་གསུམ་དང་གྲངས་ཆུང་འགའ་བཟོ་གྲྭ་འཛུགས་སྐྲུན་ཐད་བཀོལ་སྤྱོད་བྱས་པ་དང་། མཐའ་མཇུག་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་སྟེ་སྔོན་ཐོན་ཅན་གྱི་ལུད་རྫས་ཐོན་སྐྱེད་སྒྲུབ་རིམ་ནང་འདྲེན་བྱས་ནས། མཚོ་སྔོན་ཏུའུ་ལན་མའོ་ཧྥེང་སྐྱེ་དངོས་སྐྱེ་ལྡན་ལུད་རྫས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་། 2016ལོའི་ལོ་མགོ་ནས་ཐོན་སྐྱེད་བྱེད་མགོ་བརྩམས།
2016ལོར་ཀུང་སིས་ཐོན་སྐྱེད་བྱེད་མགོ་ཚུགས་པ་ནས་བཟུང་། ལོ་རེའི་ཐོན་ཚད་ཏུན་སྟོང་བརྒྱད་ཙམ་ཐོན་སྐྱེད་བྱས་པར་ཁེ་སྤོགས་སྒོར་ས་ཡ་གཅིག་དང་འབུམ་དྲུག་ཙམ་བླངས། ཀུང་སིས་ཁེ་སྤོགས་བླངས་པས་སྡེ་དམངས་རྣམས་དགའ་སྤྲོ་ཚད་མེད་སྐྱེས། ཏུང་ཧྥེང་གིས་བཤད་རྒྱུར། “2016ལོའི་ལོ་མཇུག་ཏུ། སྡེ་བ་ཡོངས་ཀྱི་བསྡོམས་པས་ཁྱིམ་ཚང་བརྒྱ་དང་ཉེར་བཞི་ཚང་མར་ཁེ་སྤོགས་བགོ་བཤའ་བརྒྱབ་པ་དང་། དེའི་ནང་དབུལ་ཕོངས་ཁྱིམ་ཚང་སོ་གསུམ་ལ་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་ཉིས་སྟོང་བརྒྱད་བརྒྱ་དང་། ཁྱིམ་ཚང་གཞན་པ་གོ་གཅིག་ལ་ཁྱིམ་ཚང་རེར་སྒོར་ཆིག་སྟོང་དྲུག་བརྒྱ་བགོས། ཀུང་སིའི་ཕན་ཁེ་ཇེ་ལེགས་ནས་ཇེ་ལེགས་ཡིན་པས། ད་ལོར་ཁྱིམ་ཚང་རེ་རེར་སྔར་ལས་མང་པོའི་ཁོ་སྤོགས་བགོ་ཐུབ་པར་ཡིད་ཆེས་ཡོདཟེར།
ཐུན་མོང་དཔལ་འབྱོར་གྱིསཁྲག་རྒྱགཔའི་དུས་མཚུངས་སུ། ཁྲག་བཟོབའི་ནུས་པ་སྔར་ལས་ཤུགས་ཆེར་བཏང་ལ། རྒྱུན་ཆད་མེད་པརམ་རྐང་ནག་པོཡིས་སྡེ་བ་རིམ་པའི་རྩ་འཛུགས་ལ་ཅུང་བརྟན་འཇགས་ཀྱིརྒྱུ་ནོར་འབྱུང་ཁུངསཡོད་པར་བྱས་ལ། ཉམས་ཞན་ཡིན་པའི་ཐུན་མོང་དཔལ་འབྱོར་གྱི་དཀའ་གནད་ལཐབས་མཆོགཞིག་ཀྱང་འཚོལ་ཐུབ་པ་བྱུང་།

 རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།