ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > ཁྲི་ཤོར་རྒྱལ་མོའི་འགྱུར་ཁུག

ཟླ་དང་པོ་ནས་ཟླ་བཅུ་བའི་བར་མཚོ་སྔོན་པོ་ལྗོངས་ཁུལ་དུ་གནས་སྐོར་ལ་ཡོང་མཁན་གྱི་མི་གྲངས་ས་ཡ་གསུམ་ལས་བརྒལ་བ།

སྤེལ་དུས། 2017-11-13 15:42:12   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

གསར་འགོད་པས་མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། གནས་སྐོར་ལ་ཡོང་མཁན་གྱི་དུས་ཚིགས་མཇུག་རྫོགས་པ་དང་བསྟུན་ནས། མཚོ་སྔོན་པོ་ལྗོངས་ཁུལ་གྱི་གནས་སྐོར་དམིགས་ཚད་ལ་ཐོད་བརྒལ་གསར་བ་མངོན་འགྱུར་བྱུང་། ཟླ་བཅུ་པའི་ཟླ་དཀྱིལ་བར་དུ། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ས་ཡ་གསུམ་དང་འབུམ་གཉིས་ལྷག་སྣེ་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དོན་བདུན་ལྷག་འཕར་བ་དང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ལྷག་ལ་སླེབས་ཤིང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅོ་བརྒྱད་ལྷག་འཕར་ལ། དམིགས་ཚད་གཉིས་པོ་ཅུང་མགྱོགས་པོའི་སྒོ་ནས་འཕར་བའི་རྣམ་པ་མངོན་འགྱུར་བྱས།

 

ད་ལོ་ནས་བཟུང་། མཚོ་སྔོན་པོ་ལྗོངས་ཁུལ་གྱིས་ཏན་ཏན་ཏིག་ཏིག་བཞི་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བསྒྱུར་དགོས་པ་བཞིའི་རེ་བ་གལ་ཆེན་གྱི་བསམ་ཕྱོགས་གསར་བར་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། གནས་སྐོར་གྱི་ཞིང་ཆེན་མིང་གྲགས་བསྐྲུན་པའི་འཐབ་ཇུས་རེ་བ་ལྟར། ཁོངས་ཡོངས་བཀོད་སྒྲིག་དང་། ལྗོངས་ཡོངས་ཟབ་ཞུགས་བྱེད་པའི་བྱ་བའི་བསམ་ཕྱོགས་འབུར་དུ་ཐོན་པར་བྱས་ནས། མཁོ་འདོན་ཇེ་མང་དུ་གཏོང་བ་དང་། ཞབས་ཞུ་ཇེ་མཐོར་གཏོང་བ། དོ་དམ་ཇེ་བཟང་དུ་གཏོང་བ། མིང་རྟགས་གྲགས་ཅན་བསྐྲུན་པ་སོགས་ཀྱི་ཕྱོགས་སུ་ཤུགས་བཏོན་ནས། གནས་སྐོར་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས།  གནས་སྐོར་ཞབས་ཞུའི་སྒྲིག་ཆས་ཇེ་བཟང་དུ་བཏང་སྟེ། གསར་དུ་བཀོལ་སྤྱོད་བྱས་པའི་གླང་ཆེན་མཆེ་བ་རུ་ཡུལ་སྲོལ་གྲོང་རྡལ་ཆུང་བ་དང་ཅང་ཤེས་ཁུག་ཞིང་ལས་ར་བ་དེ་ཡུལ་ལྗོངས་ཁུལ་གྱི་གནས་སྐོར་གྱི་འཕར་སྣོན་བྱེད་ས་གསར་བར་བྱས་ནས། གླང་ཆེན་མཆེ་བ་རུ་ཡུལ་ལྗོངས་ཁུལ་གྱི་ཚོང་རྫས་ཉོ་ཚོང་དང་། ཟ་འཐུང་། སྡོད་གནས་སོགས་ལྗོངས་ཁུལ་ཕྱི་རོལ་དུ་རྒྱ་སྐྱེད་དེ། ཟ་འཐུང་དང་། སྡོད་གནས། གནས་སྐོར། ཉོ་ཚོང་སོགས་ཀྱི་ལས་རིགས་རྣམ་པ་གསར་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གླང་ཆེན་མཆེ་བ་རུ་ཡུལ་ལྗོངས་ཁུལ་དང་ཡུལ་སྲོལ་གྲོང་རྡལ་ཆུང་བའི་བགྲོད་ལམ་འཐུས་ཚང་དུ་བཏང་སྟེ། ཚད་དང་མཐུན་པའི་སྒོ་ནས་གནས་སྐོར་བྱེད་སའི་ལམ་ཐིག་འཆར་འགོད་བྱས་ཏེ། ཡུལ་སྲོལ་གྲོང་རྡལ་ཆུང་བ་དེ་གླང་ཆེན་མཆེ་བ་རུ་ཡུལ་ལྗོངས་ཁུལ་གྱི་གནས་སྐོར་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། མིག་སྔའི་བར་དུ། གླང་ཆེན་མཆེ་བ་རུ་ཡུལ་སྲོལ་གྲོང་རྡལ་ཆུང་བས་བསྡོམས་པས་གནས་སྐོར་བ་མི་འབུམ་བརྒྱད་དང་ཁྲི་དྲུག་ལྷག་སྣེ་ལེན་བྱས་པ་དང་། ཅང་ཤེས་ཁུག་ཞིང་རས་བསྡོམས་པས་གནས་སྐོར་བ་འབུམ་གསུམ་ལྷག་སྣེ་ལེན་བྱས། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་མཚོ་སྔོན་པོ་ལྗོངས་ཁུལ་གྱི་འབུར་དུ་ཐོན་པའི་གནད་དོན་ཡར་ཞུ་བྱས་པ་ལེགས་སྒྲིག་བྱེད་པའི་རེ་བ་དང་ཟུང་འབྲེལ་བྱས་ནས། མ་དངུལ་སྒོར་མོ་བྱེ་བ་དྲུག་ལྷག་བཏང་སྟེ། སྤྱོད་ཁང་གསར་དུ་ལས་པ་དང་། སྒྲིག་ཆས་འཛུགས་སྐྲུན། ཁོར་ཡུག་བཅོས་སྐྱོང་། ཚོང་ར་ཚད་ལྡན། ནང་ཁུལ་གྱི་དོ་དམ་སོགས་ཐད་ལ་ཤུགས་བཏོན་ནས། ཡུལ་ལྗོངས་ཁུལ་གྱི་ཞབས་ཞུའི་ཕྱོགས་ཡོངས་ལ་ཤུགས་སྣོན་བྱས། མཚོ་སྐོར་ས་ཁུལ་གྱི་གནས་སྐོར་སྤྱོད་ཁང་སོ་གཉིས་ཞིག་གསོ་དང་ལེགས་བཅོས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱོད་ཁང་དང་། ཨང་གསུམ་པའི་འཕྲོད་བསྟེན་ཁང་བཅས་འཛུགས་སྐྲུན་བྱས་ནས། ཡུལ་ལྗོངས་ཁུལ་དང་གཞུང་ལམ་འགྲམ་རྒྱུད་དུ་སྤྱོད་ཁང་མེད་པའི་གནད་དོན་ཐག་གཅོད་བྱས། མུས་གྲུ་བཞི་མ་ཁྲི་བཞི་ལྷག་གི་རླངས་འཁོར་འཇོག་ས་གསར་དུ་ལས་པ་དང་། ཡུལ་ལྗོངས་ཁུལ་གྱི་གཞུང་ལམ་དང་ཤིང་གིས་བཟོས་པའི་ལམ་ཁ་ཤས་ལེགས་བཅོས་བྱས་ནས་ཇེ་བཟང་དུ་བཏང་། ནུས་ཁུངས་གསར་བའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཉོས་པ་དང་། ཁོར་ཡུག་སྲུང་སྐྱོབ་ལྟ་སྐོར་རླངས་འཁོར། འཕྲུལ་རྟ་དང་ཤིང་རྟའི་ནང་བསྡད་དེ་ལྟ་སྐོར་བྱེད་པ་བཅས་ཀྱིས་ཡུལ་ལྗོངས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པར་འགན་སྲུང་བྱས། ཡུལ་ལྗོངས་ཁུལ་དུ་མཚོན་རྟགས་ཤིང་བྱང་དང་ལྟ་སྐོར་བདེ་འཇགས་གསལ་འདེབས་ཀྱི་བྱང་བུ་དྲུག་བརྒྱ་ལྷག་དང་། དྲན་སྐུལ་གསལ་འདེབས་བྱང་བུ་སྟོང་གཉིས་དང་བཞི་བརྒྱ་ལྷག་བཀོད་སྒྲིག་བྱས་པ་དང་། ཁོངས་མི་ཡོངས་ལ་ལས་གནས་གསོ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་ཏེ། ཞབས་ཞུའི་ཆུ་ཚད་དང་ནུས་པ་སྔར་ལས་ཇེ་མཐོར་སོང་། ཚོང་རའི་ལྟ་རྟོག་དོ་དམ་གྱི་ཤུགས་ཇེ་ཆེར་བཏང་ནས། ནན་ཏན་གྱི་སྒོ་ནས་ཚོང་གི་རིན་གོང་གསལ་བོར་འབྲི་བ་སོགས་ཀྱི་ཡིད་རྟོན་ལས་གཉེར་ལྟ་རྟོག་དང་དྲིལ་སྒྲོག་སློབ་གསོ་བྱས་ཏེ། གནས་སྐོར་བར་མགོ་གཡོགས་མགོ་སྐོར་གཏོང་བ་དང་། བཙན་གྱིས་དངོས་པོ་ཉོ་རུ་འཇུག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱས་ནས། གནས་སྐོར་ཁོར་ཡུག་དང་ཚོང་རའི་སྒྲིག་གཞི་བཟང་པོ་བསྐྲུན། སྒེར་གྱི་ཡུལ་ལྗོངས་ཁུལ་བསྐྲུན་པ་དང་། སྒེར་གྱི་ལམ་བསྐྲུན་པ། གང་བྱུང་དུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རྣམ་པར་མུ་མཐུད་དུ་ལེགས་སྒྲིག་བྱས་ཏེ། ཡུལ་ལྗོངས་ཁུལ་གྱི་རྒྱུན་ལྡན་ལས་གཉེར་སྒྲིག་གཞི་ལ་སྲུང་སྐྱོབ་བྱས།

 

དེ་དང་ཆབས་ཅིག་ཏུ། ཞིང་ཆེན་ཕྱི་ནང་དུ་གནས་སྐོར་འོས་སྦྱོར་བྱ་འགུལ་སྤེལ་ཏེ། མཚོ་སྔོན་པོ་རུ་རང་གིས་རླངས་འཁོར་བསྐོར་ནས་གནས་སྐོར་བྱེད་ཆོག་པའི་ལམ་ཡིག་ཁྲི་གཅིག་ལྷག་མར་བྱིན་ཏེ། དྲིལ་སྒྲོག་དང་འགྲེམ་ཚོང་གནད་ལ་འཁེལ་བ་བྱས། མཚོ་སྔོན་པོར་སྲུང་སྐྱོབ་བྱེད།ང་ཚོས་འགུལ་སྐྱོད་བྱེད་ཅེས་པ་བརྗོད་བྱ་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། ཟི་ལིང་གྲོང་ཁྱེར་དང་། མཚོ་སྐོར་ས་ཁུལ་གྱི་སློབ་གྲྭ་རྩ་འཛུགས་བྱས་ནས་ན་གཞོན་ལོ་ཆུང་གིས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་སྤྱི་ཕན་བྱ་འགུལ་རབ་དང་རིམ་པ་སྤེལ། ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་རིག་གནས་གནས་སྐོར་དུས་ཚིགས་ལ་བརྟེན་ནས། མཚོ་སྔོན་པོ་རྒྱལ་སྤྱིའི་འཇིམ་བརྙན་དང་རང་བྱུང་ཁམས་ཆེན་མོའི་སྒྱུ་རྩལ་གནས་སྐོར་དུས་ཚིགས་དང་། བྱ་དང་གསེར་ཉར་ལྟ་བའི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གནས་སྐོར་དུས་ཚིགས། མཚོ་སྔོན་པོར་རྐང་ཐང་དུ་བསྐྱོད་པའི་རྒྱལ་ཡོངས་ཀྱི་འདུ་ཚོགས་ཆེན་མོ།  ལྕགས་རྟར་ཞོན་ནས་མཚོ་སྔོན་པོར་བསྐོར་བའི་བྱ་འགུལ་སོགས་གནས་སྐོར་བྱ་འགུལ་གལ་ཆེན་བདུན་སྤེལ་ཏེ། མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱི་ཕྱི་ཕྱོགས་ཀྱི་ཤན་ཤུགས་སྔར་ལས་རྒྱ་སྐྱེད་དེ། ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་མཚོ་སྔོན་པོར་ལྟ་སྐོར་བྱེད་དུ་འགུགས་ཅི་ཐུབ་བྱས།

 

ལོ་ཙཱ། ཚེ་རིང་སྒྲོལ་མ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།