ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > ཁྲི་ཤོར་རྒྱལ་མོའི་འགྱུར་ཁུག

རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་ཟླ་བར་སྡེ་ཁུལ་དུ་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་བསྐྱེད་པ།

སྤེལ་དུས། 2017-11-16 15:53:16   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།

 ཉེ་ལམ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡིས། ལོ་རེའི་ཟླ་བཅུ་བར་མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་དམངས་དགུན་སར་གནས་སྤར་རྗེས་ཀྱི་ཁོམ་སྐབས་བེད་སྤྱད་དེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དྲིག་སྒྲོག་ཟླ་བའིབྱ་འགུལ་དང་ཟུང་སྦྲེལ་སྒོས། བྱ་གླིང་ས་ཁུལ་དུ་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་སྤེལ། བྱ་འགུལ་སྐབས་སུ། དགོན་པའི་གྲྭ་ཚང་དང་མཐའ་འཁོར་གྱི་འབྲོག་དམངས་ལ་ཡུལ་དངོས་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། དེ་མིན་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཚན་རྩལ་ཁྱབ་གདལ་གྱི་དཔྱད་གཞི་དང་བཅའ་ཁྲིམས་ཀློག་དེབ་བསྡོམས་པས་ལྔ་བརྒྱ་ལྷག་རྒྱུད་སྤྲོད་བྱས་ཏེ། སྡེ་ཁུལ་གྱི་མང་ཚོགས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་གོ་གནས་ཀྱི་གལ་ཆེན་རང་བཞིན་ལ་ངོས་ཟིན་དང་། སྐྱེ་ཁམས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོ་རུ་བཏང་།

201710161025135343.jpg

རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་ཟླ་བའི་ནང་དུམཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་འབྲོག་ཁྱིམ་དང་སློབ་གྲྭར་བསྐྱོད་པའི་རྣམ་པས་སྡེ་ཁུལ་ལ་དམིགས་ནས། སྐད་འཕྲིན་སྤྱི་སྟེགས་དང་གཞུང་ཕྱོགས་དྲ་བ་བརྒྱུད་ནས་སྤྱི་དམངས་ལ་རིམ་པ་མང་བ་དང་ཐབས་ལམ་མང་བ། རྣམ་པ་མང་བ། ཁྱོན་ཡོངས་བཅས་ཀྱིརི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་ཟླ་བའིཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱ་འགུལ་རྒྱ་བསྐྱེད་བཏང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱས་ཏེ། ལྗང་མདོག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པབརྗོད་གཞི་བྱས་ནསརི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་ཟླ་བའིདྲིལ་བསྒྲགས་བྱ་བ་བཟང་བོར་བསྒྲུབས།
201710161025413803.jpg
ལོ་ཙཱ་བ། རྟ་མགྲིན་སྐྱབས།
 
 
མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།