ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > ཁྲི་ཤོར་རྒྱལ་མོའི་འགྱུར་ཁུག

མཚོ་སྔོན་པོའི་དུས་བྱ་གནས་སྤོ་བྱེད་པའི་ཚད་མཐོའི་དུས་སྐབས།

སྤེལ་དུས། 2017-11-21 10:20:38   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

ཟླ་བཅུ་བའི་ཟླ་སྨད་དུ་སླེབས་པ་ན་མཚོ་སྔོན་པོར་སྟོན་ཁའི་དུས་བྱ་གནས་སྤོར་ཆེས་མང་བའི་དུས་སུ་སླེབས་འདུག ཧ་ལམ་དུས་བྱ་ཁྲི་བཅུ་ལྷག་མཚོ་སྔོན་པོར་འདུ་འཛོམས་བྱུང་ཡོད། མཚོ་སྔོན་པོ་ནི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཡིན་པར་མ་ཟད། རང་རྒྱལ་གྱི་ཆེས་ཐོག་མའི་བརླན་སའི་སྤྱི་ཆིངས་ཀྱི་སྲུང་སྐྱོང་ཁུལ་དུ་ཞུགས་ཡོད། མཚོ་སྔོན་པོ་ནི་ཨེ་ཤེ་ཡ་ཤར་མ་ནས་ཨོ་སི་ཁྲུ་ལི་ཡ་དང་། ཨེ་ཤེ་ཡ་དབུས་མ་ནས་རྒྱ་གར་གཉིས་ཀྱི་རྒྱལ་སྤྱིའི་དུས་བྱ་གནས་སྤོར་གྱི་བསྣོལ་མཚམས་ཡིན་པར་མ་ཟད། རྒྱལ་སྤྱིའི་དུས་བྱ་གནས་སྤོར་གྱི་རྒྱུ་ལམ་གྱི་ས་ཚིགས་གལ་ཆེན་དང་དུས་བྱ་གནས་སྤོར་གྱི་ངལ་གསོ་ཡུལ་དུ་གྱུར་འདུག འདབ་ཆགས་ནི་ཆེས་དྲང་བདེན་དང་ཁོར་ཡུག་ལ་གདེང་འཇོག་བྱེད་མཁན་ཞིག་ཡིན་ལ། མཚོ་སྔོན་པོ་ནི་རྒྱལ་སྤྱིའི་བརླན་སའི་གལ་ཆེན་གྱི་ཆུ་བྱ་ཡིན་པར་མ་ཟད་མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་ཁོར་ཡུག་གི་ཆེས་དྲང་བདེན་གྱི་གདེང་འཇོག་མཁན་རེད། ཉིན་འདི་འགར་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་དེ་བསྟུད་མར་བཟང་ཕྱོགས་ཀྱི་ལམ་དུ་བསྐྱོད་ནས་འདབ་ཆགས་ལ་འཚམས་པའི་སྣོད་བཅུད་ལྡན་པའི་ཁོར་ཡུག་གི་འཚོ་བ་ཞིག་འདོན་སྤྲོད་བྱས། མི་དང་རང་བྱུང་འཆམ་མཐུན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁོར་ཡུག་བཟང་བོས་འདབ་ཆགས་ལ་སྣོད་བཅུད་ལྡན་པའི་བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་ཞིག་འདོན་སྤྲོད་བྱས། བསྟུད་མར་རྒྱ་སྐྱེད་བཞིན་པའི་བརླན་སའི་རྒྱ་ཁྱོན་གྱིས་འདབ་ཆགས་ལ་ཕུན་སུམ་ཚོགས་པའི་བཟའ་ཆས་ཀྱི་ཡོངས་ཁུངས་འདོན་སྤྲོད་བྱས། དེའི་རྐྱེན་གྱིས་ལོ་རེ་རེའི་སྟོན་དུས་ཀྱི་གནས་སྤོར་བའི་དུས་སུ་སླེབས་པ་ན། ལྷོ་ནས་གནས་སྤོར་ཏེ་དགུན་སྒྲོལ་བྱེད་དུ་འགྲོ་བཞིན་པའི་དུས་བྱ་འབོར་ཆེན་ཞིག་གིས་མཚོ་སྔོན་པོ་ནི་ཁོ་ཚོས་གནས་སྤོར་འགྲུལ་བཞུད་ཁྲོད་ཆེས་གལ་ཆེ་བའི་ངལ་གསོའི་ཡུལ་དང་སྣུམ་ཚིགས་ས་ཚིགས་ལྟ་བུར་བཟུང་ནས་ཟླ་བཅུ་བའི་ཟླ་སྨད་དུ་གནས་སྤོར་གྱི་ཡང་རྩེར་སླེབས་འདུག   

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གཅིག་ཉིན་གྱི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་སྟོན་དུས་ཀྱི་དུས་བྱ་གནས་སྤོར་ལ་ཆེད་དོན་ལྟ་ཞིབ་ཚད་ལེན་དང་ལྐོག་སྲུང་གཟིགས་སྐོར་གྱི་བྱ་བའི་ལས་དོན་སྤེལ། ལྟ་ཞིབ་ཚད་ལེན་ལ་གཞིགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དེར། ལྷོ་ཕྱོགས་སུ་གནས་སྤོར་བྱེད་པའི་དུས་བྱ་འབོར་ཆེན་དང་མཚོ་སྔོན་པོའི་སྐྱེ་འཕེལ་དང་ཁ་བྲལ་མེད་པའི་དུས་བྱ་མཚོ་སྔོན་པོར་དགུན་སྒྲོལ་བྱེད་དུ་ཡོང་བའི་དུས་བྱ་ཕན་ཚུན་བར་ལ་གཅིག་ཐོག་གཅིག་བརྩེགས་ཀྱིས་རྣམ་པའི་གྲུབ་ཡོད་ལ། འདིའི་སྐབས་སུ་མཚོ་སྔོན་པོའི་ལོ་ཧྲིལ་བོའི་ཆུ་བྱའི་ཚད་ཆེས་མང་ལ་རྩེ་མོར་སླེབས་འདུག ཆུ་བྱ་ལྟ་ཞིབ་ཚད་ལེན་ས་ཚུགས་ཉེར་གཉིས་ལྷག་གི་སྡོམས་པའི་ཆུ་བྱའི་རིགས་སོ་གཉིས་ལྷག་ཟིན་བྲིས་སུ་བཏབ་ཡོད་པ་དང་སྤྱི་བསྡོམས་པའི་བྱ་རིགས་ཁྲི་བཅུ་གཅིག་ལྷག་ལ་སླེབས་ཡོད། མཚོ་སྔོན་པོ་བརྒྱུད་ནས་གནས་སྤོར་བའི་ཆུ་བྱའི་རིགས་ཉེར་ལྔ་ལྷག་མཚོ་སྔོན་པོ་ནས་སྡོད་པ་དང་། བྱ་རིགས་ཕལ་ཆེར་ཁྲི་དགུ་དང་གྲངས་ཆུང་གསུམ་ལྷག་ལ་སླེབས་འདུག དེ་དག་ཁྲུུང་ཁྲུང་གི་རིགས་གཙོ་བོ་ཡིན་པ་དང་།དེའི་ནང་དུ་ཁྲུང་ཁྲུང་མགོ་ཁྲ་དང་། བྱ་རུས་དཀར། ཆུ་སྐྱར། སོ་བྱ། བྱ་གག་བཅས་ཆ་སྙོམས་ཀྱི་ཁྲི་ལས་བརྒལ་འདུག གནས་སྤོར་བའི་ཆུ་བྱ་འདི་དག་ནི་གཙོ་བོ་མཚོ་སྔོན་པོའི་མཚོའི་ནུབ་འགྲམ་གྱི་བྱ་གླིང་གི་མཐའ་འཁོར་གྱི་མཚེའུ་དང་བརླན་སའི་སྟེང་དུ་གཅིག་བསྡུས་བྱས་ཡོད། མཚོ་སྔོན་པོར་རིགས་འཕེལ་ཁ་བྲལ་མེད་པ་དང་གནས་སྤོར་བྱས་མེད་པའི་ཆུ་བྱ་བཅས་ཧ་ལམ་སྟོང་གཅིག་ལྷག་ཡོད་པ་དང་། གཙོ་བོ་ཁྲུང་ཁྲུང་མགོ་ཁྲ་དང་། ཁྲུུང་ཁྲུང་སྐེ་ནག ཐིང་རིལ་སྐྱ་མོ། ཆུ་སྐྱར་བཅས་ཡིན། དེའི་ནང་དུ་ཁྲུུང་ཁྲུང་སྐེ་ནག་བརྒྱ་དང་ཞེ་གསུམ་ལྷག་ཟིན་བྲིས་སུ་འདེབས་ཐུབ་ཡོད་པ་དང་། ཁྱིམ་ཚང་དང་ལས་ཁུངས་གཉིས་གཅིག་བསྡུས་བྱས་ཏེ་བྱ་རིགས་གནས་སྤོར་ལ་གྲྭ་སྒྲིག་བྱེད་བཞིན་ཡོད། མཚོ་སྔོན་པོར་དགུན་སྒྲོལ་བྱེད་དུ་ཡོང་བའི་ཆུ་བྱའི་རྣམ་གྲངས་ཕལ་ཆེར་སྟོང་དྲུག་ལྷག་ལ་སླེབས་ཡོད། དེའི་ནང་དུ་ངང་ཆེན་ལྔ་བརྒྱ་ལྷག་བྱ་གླིང་གི་མཐའ་འཁོར་གྱི་བརླན་སའི་སྟེང་དུ་ཁྱབ་ཡོད། བྱ་གག་སྟོང་ལྔ་དང་བརྒྱད་བརྒྱ་ལྷག་གཙོ་བོ་ཅང་ཤེས་ཁུག་མཐའ་འཁོར་གྱི་བརླན་ས་དང་ཞིང་སའི་སྟེང་དུ་ཁྱབ་ཡོད་པ་རེད། ཉེ་བའི་ལོ་འདི་འགར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྲུན་གྱིས་བརླན་སའི་སྐྱེ་ཁམས་མ་ལག་ལ་བསྟེན་ནས་ཕན་ནུས་ཡོད་པའི་སྒོ་ནས་དོ་དམ་བྱས། མཚོ་སྔོན་པོ་དེ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་རྒྱལ་སྤྱིའི་དུས་བྱ་ལྷག་པར་དུ་ཆུ་བྱ་གཙོ་ཡིན་པའི་འཚོ་གནས་ཁུལ་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་དུས་བྱ་གནས་སྤོར་གྱི་རྒྱུད་ལམ་གལ་ཆེན་གྱི་ཚིགས་གནས་སྐྱེ་ཁམས་ཀྱི་ནུས་པ་དང་ཕན་ཡོན་དེ་མུ་མཐུད་དུ་སྟོབས་ལྡན་དུ་གྱུར་ནས་ཆུ་བྱ་མང་པོ་ཞིག་རང་དབང་མེད་པར་བཀུག་ནས་མཚོ་སྔོན་པོ་ནས་རིགས་འཕེལ་བྱེད་པ་དང་། གནས་སྤོའི་མཚམས་འཇོག་པ། དགུན་སྒྲོལ་བྱེད་པ་བཅས་བྱེད་བཞིན་ཡོད།

དུས་བྱ་དེ་མཚོ་སྔོན་པོ་རུ་བདེ་འཇགས་ངང་ངལ་གསོ་བྱེད་པ་དང་། བདེ་ལེགས་ངང་ལྷོ་རུ་གནས་སྤོར་བྱེད་པ་བཅས་ལ་ཁག་ཐེག་བྱ་ཆེད། སྲུང་སྐྱོང་ཁུལ་གྱིས་བརླན་སར་མཐུན་སྦྱོར་བྱས་ཏེ། རྩྭ་རའི་མཐའ་འཁོར་གྱི་འབྲོག་ཁྱིམ་གྱིས་དུས་བྱ་གནས་སྤོར་བྱེད་པའི་བརྒྱུད་ལམ་དང་ངལ་གསོའི་ཡུལ་བཅས་ཀྱི་ཆེད་དུ། མྱུལ་ཞིབ་མྱུལ་སྲུང་དང་། ཞིབ་དཔྱད། སྲོག་སྐྱོབ་བཅས་ཀྱི་བྱ་བར་ཤུགས་སྣོན་དགོས་པ་དང་། རི་སྐྱེས་སྲོག་ཆགས་ཁྱབ་བསྒྲགས་བྱེད་པའི་ཟླ་བའི་བྱ་འགུལ་ལ་མཉམ་འབྲེལ་བྱས་ཏེ། ཧུར་བརྩོན་གྱིས་དུས་བྱའི་གནས་སྤོར་ལ་ལྟ་སྐྱོང་བྱེད་པའི་སློབ་གསོའི་ཆེད་སྒྲིག་བྱ་འགུལ་སྤེལ་བ་དང་། མི་ཚང་མ་འདབ་ཆགས་ལ་དགའ་བ་དང་། འདབ་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས།

 ལོ་ཙཱ་བ།  སྐར་མ་འཚོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།