ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > ཁྲི་ཤོར་རྒྱལ་མོའི་འགྱུར་ཁུག

མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་འབུམ་དགུ་ཁྲི་གཉིས་བཏང་ནས་ཡུལ་ལྗོངས་ཁུལ་གྱི་སྤྱོད་ཁང་ལེགས་བསྒྱུར་བྱས་པ།

སྤེལ་དུས། 2017-11-24 16:18:43   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

ད་ལོ་ནས་བཟུང་། མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་ལྗོངས་ཁུལ་གྱི་གནས་སྐོར་འཕེལ་རྒྱས་དགོས་མཁོ་ལ་རྐང་བཙུགས་ནས་མུ་མཐུད་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྒྱ་བསྐྱེད་པ་དང་། མིག་སྔའི་བར་དུ། བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དགུ་ཁྲི་གཉིས་བཏང་སྟེ། ནན་ཏན་སྒོས་རྒྱལ་ཁབ་ཀྱི5Aརིམ་པའི་ལྗོངས་ཁུལ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཚད་གཞི་ལྟར། ལྗོངས་ཁུལ་གྱི་གསང་སྤྱོད་ཁང་ལེགས་བསྒྱུར་བྱས།

རྒྱལ་ཁབ་ཀྱི5Aརིམ་པའི་ལྗོངས་ཁུལ་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་ལ་རབ་མཛེས་མཚོ་སྔོན་གྱི་མཚན་སྙན་གྲགས་མུ་མཐུད་དུ་ཇེ་མཐོར་སོང་བ་དང་མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་ཤན་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། མཚོ་སྔོན་པོར་གནས་སྐོར་དུ་ཡོང་བའི་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་། ད་ལོར། མཚོ་སྔོན་པོའི་ལྗོངས་ཁུལ་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་མཚོ་སྔོན་ཞིང་ཆེན་གྱི་ལྗོངས་ཁུལ་བཟང་པོའི་ཁྱོན་ཡོངས་ཀྱི་རྒྱུ་སྤུས་དང་སྣང་བརྙན་ཇེ་མཐོར་གཏོང་ཆེད། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཚད་མཐོན་པོས་མཐོང་ཆེན་བྱས་པ་བརྒྱུད། ཕྱོགས་གཅིག་ནས་མཚོ་སྔོན་པོ་ལྗོངས་ཁུལ་གྱིས་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བརྒྱད་བཏང་སྟེ། མཚོ་སྐོར་ས་ཁུལ་དུ་ད་ཡོད་ཀྱི་གནས་སྐོར་གསང་སྤྱོད་ཁང་སོ་གཉིས་ཡོད་པ་དེ་ལེགས་བསྒྱུར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་འབུམ་དྲུག་ཁྲི་བཞི་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གསང་སྤྱོད་ཁང་བཅུ་གསུམ་གསར་དུ་ལས་ཤིང་། ཡུལ་སྐོར་བས་གསང་སྤྱོད་ཁང་བཀོལ་དཀའ་བའི་གནད་དོན་རིམ་བཞིན་ཐག་བཅད།

ད་ལྟ་ལེགས་སྒྲིག་བྱས་རྗེས། མཚོ་སྔོན་པོའི་གླང་ཆེན་མཆེ་བ་རུ་ལྗོངས་ཁུལ་དང་ལམ་འགྲམ་གྱི་རླངས་འཁོར་འཇོག་སའི་གནས་སྐོར་སྤྱོད་ཁང་གཙང་མར་གྱུར་པ་དང་། ད་དུང་སྤྱོད་ཁང་ནང་དུ་མཁོ་བའི་སྒྲིག་ཆས་ཚང་མ་ཆ་ཚང་བར་བསྒྲིགས།

དེ་དང་ཆབས་ཅིག་ཏུ། མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་དུ་ད་དུང་སྐར་མ་བརྒྱད་ཀྱི་རིང་ལ་གསང་སྤྱོད་ཁང་ལ་གཙང་སྦྲ་བྱེད་པའི་སྒྲིག་ལམ་ཤིག་བཙུགས་པ་དང་། ཡོངས་བསྒྲགས་ཀྱིས་དོ་དམ་མི་སྣ་གཏན་འཁེལ་བྱས་པ་དང་། གསང་སྤྱོད་ཁང་གི་ཕྱི་ནང་ལ་གཙང་སྦྲ་བྱེད་མཁན་ཡོད་པར་གྱུར་བར་མ་ཟད། དབང་བོ་སྐྱོན་ཅན་གྱིས་ཆེད་བཀོལ་གསང་སྤྱོད་ཁང་གསརའཛུགས་བྱས་ཏེ། ཡུལ་སྐོར་གསང་སྤྱོད་ཁང་ཕན་འབྲས་ལྡན་པའི་སྒོ་ནས་དོ་དམ་དང་བཀོལ་སྤྱོད་བྱེད་ཐུབ་པར་འགན་སྲུང་བྱས།

ལོ་ཙཱ། ཚེ་རིང་སྒྲོལ་མ། 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།