ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > ཁྲི་ཤོར་རྒྱལ་མོའི་འགྱུར་ཁུག

མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཧུར་ཐག་སྒོས་ཁྲིམས་སྐྱོང་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ།

སྤེལ་དུས། 2017-12-04 10:13:54   ཡོང་ཁུངས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

ཉེ་བའི་ལོ་འདི་འགར།  མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་རྒྱལ་ཁབ་གནས་སྐོར་ཅུའུ་དང་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གནད་དོན་ཁྱད་པར་ལ་བཅོས་བསྒྱུར་བྱེད་པའི་བྱ་བའི་བརྡ་ཁྱབ་སྤེལ། གནས་སྐོར་ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། གནས་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། གནས་སྐོར་བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་དམིགས་ཡུལ་དུ་བཟུང་ནས།ཧུར་ཐག་གིས་ཁྲིམས་སྐྱོང་གི་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ཐོག་མའི་གྲུབ་འབྲས་བླངས།

དང་པོ།   སྲིད་ཇུས་ཀྱི་རེ་བ་ནན་པོར་ཤུགས་སྣོན་དགོས།བྱ་འགུལ་སྣ་ཚོགས་ལ་བརྟེན་ནས།  ཧུར་ཐག་སྒོས་ཁུལ་གཉིས་དང་རྫོང་གསུམ་དམ་ཟབ་སྒོས་མཉམ་སྒྲུབ་བྱས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་ཁྲིམས་ལྟར་སྲིད་སྐྱོང་བ་གཉིས་མཉམ་འབྲེལ་བྱས་ནས་ཁྱབ་རྒྱ་ཆེ་བའི་སྒོ་ནས་བཅའ་ཁྲིམས་དྲིལ་བསྒྲགས་སྤེལ་དགོས། ཞིང་ཆེན་ཡོངས་ཀྱིས་དྲང་བདེན་ཁ་དན་ཚིག་གནས་ཀྱི་བདག་གཉེར་དང་། དཔལ་ཡོན་ལྡན་པའི་གནས་སྐོར་ཞེས་དྲིལ་བསྒྲགས་ཟླ་བར་བྱ་འགུལ་རབ་དང་རིམ་པ་མང་བོ་སྤེལ། ད་དུང་ཐེངས་བདུན་པའི་ཀྲུང་གོའི་གནས་སྐོར་ཉིན་མོའི་དྲིལ་བསྒྲགས་ཀྱི་བྱ་འགུལ་སོགས་སྤེལ།  <<གནས་སྐོར་བཅའ་ཁྲིམས་དང་། >><<རིག་གནས་ཡུལ་སྐོར་སྤྱི་ཆིངས། >><<མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཁྲིམས་སྲོལ། >>སོགས་དྲིལ་བསྒྲགས་རྒྱུ་ཆ་འདིའི་གནས་སྐོར་བ་ཚོར་ཁོར་ཡུག་གཅེས་སྐྱོང་ལ་སྣེ་ཁྲིད་པ་དང་། དཔལ་ཡོན་ལྡན་པའི་སྒོ་ནས་གནས་སྐོར་དུ་འགྲོ་བའི་འདུ་ཤེས་མཐོར་འདེགས་སུ་བཏང་ཡོད།

གཉིས་པ། དྲྭ་ཐོག་དང་སྐད་འཕྲིན། ལྗོངས་ཁུལ་གྱི་པོད་འཕྲིན། ཁ་པར་གྱི་འཕྲིན་ཐུང་སོགས་ཀྱི་ལམ་ནས་གསལ་འདེབས་བྱས་ཡོད།  ལྷག་པར་དུ་ཡུལ་སྐོར་བ་མང་བའི་དུས་སུ་མཚོ་སྔོན་པོའི་མཐའ་འཁོར་དུ་མེ་བསྲེགས་པ་དང་། དེ་ལས་གཞན་ད་དུང་བསྲེགས་ཟས་སྣ་ཚོགས་མེར་བསྲེགས་པ་སོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོ་བའི་གནས་ཚུལ་ཡོད་པས།  མྱུར་བ་མྱུར་དུ་ཡུལ་སྐོར་ལས་དོན་ཁང་དང་། གནས་སྐོར་བ་དང་། མཚོ་སྔོན་པོར་སྐོར་བ་རྒྱག་པའི་མང་ཚོགས་བཅས་ལ་མཚོ་སྔོན་པོའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པར་གསལ་འདེབས་བྱེད་པ་དང་།དཔལ་ཡོན་ལྡན་པའི་སྒོ་ནས་གནས་སྐོར་དུ་འགྲོ་བ། བདེ་འཇགས་ངང་འགྲོ་འོང་བྱེད་པ་བཅས་ལ་གསལ་འདེབས་བྱས་ནས་གྲུབ་འབྲས་དང་ཕན་ནུས་ལེགས་པོ་ཐོན།

གསུམ་པ།   ཁྲིམས་ལག་བསྟར་བྱེད་པར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་བརྡ་ཡིག་གི་གནད་དོན་ལ་བཅོས་སྒྲིག་བྱེད་པ་དེ་གཙོ་གནད་དུ་བཟུང་ནས།     དཔེ་བསྡུར་ལྟར་དག་ཐེར་བྱེད་པ་དང་།ཚད་ལྡན་ཅན་དུ་འགྲོ་བར་མཐོར་འདེགས་སུ་གཏོང་དགོས།
བཞི་བ།    ནུས་པ་ཆེ་བའི་སྒོ་ནས་ཞུ་གཏུག་གི་བྱ་བར་ཐག་གཅོད་ནན་མོ་བྱེད་དགོས།
འཐུས་ཚང་དུ་བཏང་བའི་བྱ་བའི་ལམ་སྲོལ་འཛུགས་སྐྲུན་བྱེད་དགོས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཞུ་གཏུག་ཐག་གཅོད་བཅའ་ཁྲིམས་ལ་ནན་ཏན་སྒོས་གཞིར་བཟུང་ནས་ཞུ་གཏུག་གི་གོ་རིམ་དང་། ཐག་གཅོད་བྱེད་སྟངས། རྩད་གཅོད་འདུམ་འགྲིག   གྱོད་དོན་ལ་ནུས་པ་ཐོན་པ། གྱོད་དོན་ཡིག་ཚགས་སུ་འཇོག་པ་བཅས་ལ་གཏན་འབེབས་གསལ་བོ་བྱེད་དགོས།

ལོ་ཙཱ་བ། སྐར་མ་འཚོ། 
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།