ཨ་མདོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་ལ་བརྩམས་ཆོས་བསྡུ་འགོ་བརྩམས།
ཁུངས། ཀློག་གྲངས།

图片

图片     

​གཅིག  བརྩམས་ཆོས་ཀྱི་བརྗོད་བྱ་དུས་རབས་ཀྱི་དགོངས་དོན་དང་མཐུན་ཞིང་། འཚོ་བ་གསར་པའི་བདེ་སྐྱིད་དང་གནམ་ལོ་གསར་ཚེས་ཀྱི་སྤྲོ་སྐྱིད་ཀྱིས་ཀུན་ནས་ཁྱབ་ཡོད་པ་ཞིག་ཡིན་དགོས་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། ཡར་ཐོན་ཡར་སྐུལ་བཅས་ཀྱི་དྲང་ཕྱོགས་ཀྱི་ནུས་པ་སྒྲོག་སྤེལ་གྱི་ཆ་ངེས་པར་དུ་ལྡན་དགོས་ལ། བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཆེས་ཆེར་མངའ་བའི་བརྩམས་ཆོས་བཟང་པོ་ཡིན་དགོས།

གཉིས། བརྩམས་ཆོས་ལ་གླུ་དང་རྡུང་ལེན། རྩེད་རིག ཞབས་བྲོ། ཁ་ཤགས། གར་ཆུང་སོགས་རིགས་མང་པོ་བསྡུ་རྒྱུ་ཡིན་ཅིང་། བརྩམས་ཆོས་རིགས་གང་ཡིན་ཀྱང་མི་རིགས་རང་གི་སྒྱུ་རྩལ་ཁྱད་ཆོས་ལྡན་དགོས་པར་མ་ཟད།  བོད་སྐད་དག་མའི་བརྩམས་ཆོས་གསར་པ་ཡིན་དགོས།

གསུམ། གླུ་དང་གླུ་དབྱངས་རིགས་ཀྱི་བརྩམས་ཆོས་ལ་སྒྲ་དང་གླུ་ཚིག་གཉིས་མཉམ་དུ་བསྐུར་དགོས་ལ། ཁ་ཤགས་དང་གར་ཆུང་སོགས་གཏམ་བརྗོད་རིགས་ཀྱི་བརྩམས་ཆོས་བརྙན་བླངས་ནས་འཁྲབ་གཞུང་དང་མཉམ་དུ་བསྐུར་དགོས། ཞར་ལ་འཁྲབ་སྟོན་པའི་མཚམས་སྦྱོར་ཡེ་གེ་དང་ཉེ་དུས་ཀྱི་འདྲ་པར། ཚིག་དང་དབྱངས། འཁྲབ་གཞུང་བཅས་ཀྱི་རྩོམ་པ་པོའི་མིང་གསལ་བོར་བྲིས་ཏེ་བསྐུར་དགོས།

བཞི།  བརྩམས་ཆོས་བསྡུ་བའི་དུས་ཡུན་ནི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ཡིན་ལ། བརྩམས་ཆོས་སྐུར་དུས་འབྲེལ་གཏུག་བྱ་ཡུལ་གྱི་མིང་དང་འབྲེལ་གཏུག་ཁ་པར་ཨང་གྲངས་གསལ་བོ་བྲིས་ཏེ་བསྐུར་དགོས།

ལྔ། བརྩམས་ཆོས་ཡོད་ཚད་དགོང་ཚོགས་འཁྲབ་ཁྲིད་ཚན་ཆུང་གིས་དཔྱད་བསྡུར་བྱས་རྗེས་བདམས་ཐོན་བྱུང་བ་ལ་ཁ་པར་གྱི་ལམ་ནས་བརྡ་གཏོང་བ་ལས་འདེམ་མ་ཐུབ་པ་ལ་བརྡ་མི་གཏོང་བས་དགོངས་འགལ་མེད་པར་ཞུ།

图片

བརྩམས་ཆོས་གཤམ་དུ་ཡོད་པའིQQཡིག་ཟམ་དང་སྐད་འཕྲིན་གང་རུང་ལ་བསྐུར་ཆོག

ཡིག་ཟམ་ཨང་གྲངས་ནི།

2543922507@qq.com

སྐད་འཕྲིན་ཨང་གྲངས་ནི།

N2543922507

འབྲེལ་གཏུག་བྱེད་ཡུལ།

སྙིང་དཀར་ཐར། བཀྲ་ཤིས་དོན་འགྲུབ།

འབྲེལ་གཏུག་ཁ་པར།

15309745515  18397173739


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།