
ཉེ་ཆར། ཀྲུང་གོའི་ཚན་རིག་གླིང་ཀོང་ཀྲོའུ་སའི་གོ་ལའི་རྫས་འགྱུར་ཞིབ་འཇུག་སའོ་ཡི་ཚན་ཞིབ་ཚོགས་པས་ཟླ་བའི་ལྷ་མོ་དྲུག་པའི་ཟླ་བའི་ས་རྒྱུ་ཁེ2ཀྱི་དངོས་དཔེར་ཞིབ་འཇུག་བྱས་པ་བརྒྱུད། ས་རྒྱུ་འདིར་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆུང་བས་ཁྱད་པར་ཅན་གྱི་སྐར་རྡོར་ཕོག་པའི་འཕྲོ་ལུས་ཞིག་རྙེད་ལ། སྐར་རྡོ་འདིའི་མ་གཟུགས་ཁྲོད་ཆུའི་གྲུབ་ཆ་འདུས།མུ་ནས་ཞིབ་འཇུག་བྱས་པ་བརྒྱུད་ཚན་ཞིབ་མི་སྣས་སྐར་རྡོ་དེ་རིགས་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་བསྡུར་ཚད་དེ་སའི་གོ་ལ་ལས་མཐོ་བ་ཤེས་རྟོགས་བྱུང་བ་དང་། གྲུབ་འབྲས་དེས་ཟླ་བའི་གོ་ལའི་འབྱུང་འགྱུར་གྱི་ཆུའི་ཐོན་ཁུངས་ཁྱབ་ཚུལ་དང་རིམ་འགྱུར་ཞིབ་འཇུག་ལ་བསམ་ཕྱོགས་གསར་པ་བཏོད།