ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་བ་གཙོ་བོ་ནི་དམངས་འཚོ་ཡིན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་བ་གཙོ་བོ་ནིདམངས་འཚོ་ཡིན་པས།  ཀྲུང་གོའི་གུང་ཁྲན་ཏང་གིས་སྒྲུབ་དགོས་པའི་བྱ་བ་ནི་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ཡིན་ཞེས་བསྟན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་པ་དང་དྲོད་ཚད་ཡོད་པ། ཚོར་ཐུབ་པའི་དམངས་འཚོའི་སྲིད་ཇུས་རྒྱུན་མཐུད་ངང་བཏོན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱས།

གསེར་མདོག་གིས་ཁེངས་པའི་སྟོན་དུས་ཀྱི་ས་གཞི་ཆེན་མོར། རྒྱལ་ཁབ་དར་ཞིང་འབངས་རྣམས་བདེ་ཞིང་སྐྱིད། ལྗོངས་རྣམ་ཀུན་ཀྱང་ཧ་ཅང་ཡིད་དུ་འོང་།   ལོ་ལྔའི་རིང་། རང་རྒྱལ་གྱིས་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་ལེན་མ་ལག་བསྐྲུན་པ་མ་ཟད་སྲ་བརྟན་དུ་བཏང་བས། མི་དམངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་ལ་ངེས་པ་དོན་གྱི་བདེ་སྐྱིད་ཀྱི་འཚོ་བ་སྐྲུན། 2024ལོའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ79ལ་སླེབས་པ་དང་། ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཁྲོད་ཀྱི་སྔོན་གྲས་སུ་སླེབས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་དམིགས་འབེན་མངོན་འགྱུར་བྱུང་རྗེས། མི་དམངས་ཀྱིས་འཚོ་བར་བཅངས་པའི་རེ་སྨོན་ཡང་སྔར་ལས་ཇེ་མཐོར་སོང་སྟེ།“ཡོད་མེད”ལ་ཡིད་མི་ཚིམ་པར། “བཟང་ངན”ལ་རེ་སྙེགས་བྱས་པ་དེས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་སྔར་ལས་མང་པོ་བྱེད་ཀྱིན་ཡོད། དམངས་ཀྱི་རེ་སྨོན་གང་ལ་ཕྱོགས་ན། སྲིད་ཇུས་ཀྱི་ཁ་ཕྱོགས་དེ་རུ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འགོ་འཛུགས་ས་དང་དོན་ཐོག་ཏུ་འཁྱོལ་ས་ཡིན་དགོས་ཞེས་གསལ་བོར་བསྟན་ཡོད། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་སྤུས་ལེགས་འཚོ་བ་དང་ཟུང་འབྲེལ་དམ་ཟབ་སྒོས། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་སྐྱོད་སྐབས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་དྲོད་ཁོལ་གྱིས་ཁེངས་བར་བྱས།

སྤྱི་ཁྱབ་ཧྲུའུ་ཅིས་གསུང་དོན།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་བ་གཙོ་བོ་ནི་དམངས་འཚོ་གཙོ་བོ་ཡིན་པས།  ཀྲུང་གོའི་གུང་ཁྲན་ཏང་གིས་སྒྲུབ་དགོས་པའི་བྱ་བ་ནི་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ཡིན། ཁྱེད་ཚོས་འདི་ནས་ནད་མེད་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པར་སྨོན།

ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲུབ་པ་ཉམས་ལེན་དང་དམངས་འཚོར་རྟོག་ཞིབ་གནང་། ཁོང་གི་སེམས་སུ“ཚལ་སླེ”དང་“འབྲས་སྣོད།”“སིལ་སྡེར”བཅས་ཚང་མ་དམངས་འཚོའི་དོན་ཆེན་ཡིན་པས། ཁོང་གིས་ཚང་མར་ལྟོ་གོས་ཡག་པོ་ཡོད་པ་དང་བདེ་ཐང་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་། ཁོང་ས་གནས་སོ་སོའི་མཁར་སྡེ་རུ་བསྐྱོད་དེ། བདེ་སྐྱིད་ལྡན་པའི་ཟ་ཁང་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ།  གཞིས་རྙིང་སྒྱུར་བཀོད་བཅས་ལ་གཟིགས་ཞིབ་གནང་བ་དང་།  མཁར་སྡེའི་ཞིབ་ཕྲའི་བཅོས་སྐྱོང་དང་གནད་འཁེལ་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ།  མཁར་སྡེ་ནི་སྡོད་དམངས་ཀྱིས་བློ་བདེ་བག་ཕབ་ངང་འཚོ་བ་རོལ་སའི་གནས་མཆོག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན།  སློབ་གྲྭར་འབྱོར་རྗེས། ཁོང་གིས་འཛམ་གླིང་གི་སློབ་ཆེན་རྩེ་གྲ་བསྐྲུན་ནས་ལྕི་དྲག་པའི་སློབ་སྦྱོང་གི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་འགན་འཁུར་ཇེ་ཡང་དུ་བཏང་སྟེ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་སྒྲུབ་དགོས་པའི་ཐུགས་རེ་བཏོན།  ལས་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་ལས་ཞུགས་མཛུབ་ཁྲིད་ཞབས་ཞུ་ཏན་ཏིག་དང་ཞིབ་ཚགས་སྒོས་སྤེལ་བ་ནས་མི་དམངས་མང་ཚོགས་ཀྱིས་སྡོད་ཁང་གི་དགོས་མཁོ་བསྐངས་པ།   ཁོར་ཡུག་མཛེས་ཞིང་ལྗང་མདོག་ཐཱན་ཉུང་། བདེ་སྡོད་དང་ཡུལ་སྐོར་ལ་འཚམ་པའི་སྐྱེ་ཁམས་གྲོང་ཁྱེར་སྐྲུན་པ་སོགས་དམངས་ཕན་ལས་དོན་འབོར་ཆེན་བསྒྲུབས།  ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་གནས་ཚུལ་ལ་བརྟག་པ་དང་མི་དམངས་ཀྱི་འདོད་བློར་ཉན་པ། དམངས་སེམས་ལ་དྲོད་ཁོལ་སྦྱིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་ལ་དམིགས་ཏེ་བཅོས་བསྒྱུར་དང་འཕེལ་རྒྱས་ལ་ཇུས་འགོད་བྱས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་།  དཔལ་འབྱོར་སྤྱི་ཚོགས་ཀྱི་དམིགས་ཚད་གཙོ་བོའི་ཁྲོད། དམངས་འཚོའི་དམིགས་ཚད་ཀྱིས་རྣམ་གྲངས7ཟིན་པ་དང་། དམིགས་ཚད་ཡོངས་ཀྱི་རྣམ་གྲངས20ལས་སུམ་ཆའི་གཅིག་ལས་མང་བ་ཟིན་ཏེ། སྔོན་གྱི་ལོ་ལྔའི་འཆར་འགོད་དག་ལས་ཆེས་མཐོ་ཤོས་ཡིན། ལོ་ལྔའི་རིང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ནོར་སྲིད་ཀྱིས་སྒོར་རབ་བཀྲམ་ཆེན་མོ་གཅིག་ལ་ཉེ་བ་བཏང་བ་དེས་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་ལས་བརྒྱ་ཆའི70ཡན་ཟིན།

ཀྲུང་གོ་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལིས་ལུའུ་ཡིས་བཤད་རྒྱུར།

ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འགོ་རྩོམས་ས་དང་དོན་ལ་འབབ་ས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལ་དམིགས་དགོས་པ་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོའི་ཚད་མཐའ་བརྟན་པོར་སྲུང་བ་དང་། དམངས་འཚོའི་འགན་སྲུང་ནུས་ལྡན་དང་ཕན་འབྲས་ཐོན་པར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་དྲོད་ཁོལ་ལྡན་པར་བྱས།   དེས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དམངས་འཚོ་གཙོ་བོར་འཛིན་པའི”རྒྱལ་ཁབ་བཅོས་སྐྱོང་ལ་གསལ་བཤད་གཏིང་ཟབ་བྱས་ཡོད། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པར་བྱས།

འདི་ནི་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ལས་ཞུགས་ཚོགས་སྤྱིར་སྤུས་ཚད་མཐོ་བའི་ལས་ཞུགས་དང་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་ལེན་དྲ་བ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་བའི་ལོ་ལྔ་རེད། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་རྩེ་རིམ་ཇུས་འགོད་དངོས་སུ་བཏོན་ནས་དམངས་འཚོའི་རྩ་བ་ཇེ་བརྟན་དུ་བཏང་བ་དང་། མཁར་གྲོང་གི་གསར་འཕར་ལས་ཞུགས་བྱེད་ཚད་ལོ་རེར་མི་བྱེ་བ་གཅིག་དང་ས་ཡ་གཉིས་ཟིན། སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་ཞིང་། མི་དམངས་མང་ཚོགས་ཀྱིས་འདྲ་མཉམ་ངང་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས81ལོངས་སྤྱོད་བྱས་ཡོད།

འདི་ནི་ཕྱོགས་ཡོངས་ཀྱི་བདེ་ཐང་མ་ལག་འཛུགས་པ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་ལྔ་རེད། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་བརྒྱ་ལྷག་འཛུགས་སྐྲུན་དང་།  དབུས་ནུབ་རྒྱུད་སོགས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་བལྟོས་བཅས་ཀྱིས་ཞན་པའི་ཞིང་ཆེན་ཡོངས་ལ་ཁྱབ་ཅིང་། རྫོང་རིམ་པའི་སྨན་ཁང700ལྷག་གི་ཞབས་ཞུའི་ནུས་པ་རིམ་པ་གསུམ་པའི་སྨན་ཁང་གི་ཆུ་ཚད་དུ་སླེབས་ནས། སྨན་བཅོས་ཐོན་ཁུངས་ཞན་པའི་ས་ཁུལ་གྱི་“སྨན་པར་བསྟེན་དཀའ་བའི”གནས་དོན་སེལ་བར་ནུས་པ་གལ་ཆེན་ཐོན།

པེ་ཅིང་ཐེན་ཐན་སྨན་ཁང་ཨན་ཧུའེ་སྨན་ཁང་གི་ནད་པའི་ཁྱིམ་མི་ཧྥང་ཡན་གྱིས་བཤད་རྒྱུར། ཐེན་ཐན་སྨན་ཁང་གི་སྨན་པ་འདི་རུ་ཡོད་པས། ང་ཚོ་ཨན་ཧུའེ་ཡི་མང་ཚོགས་ལ་དངོས་གནས་སྟབས་བདེ་རེད། གཤགས་བཅོས་བྱས་པ་ཧ་ཅང་བཟང་བས།  ཧ་ལམ་ཉིན་འདི་དག་ལ་སྨན་ཁང་ནས་ཕྱིར་བུད་ཆོག་ཟེར།

འདི་ནི་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་སྐུལ་འདེད་གཏོང་བའི་ལོ་ལྔ་རེད། སློབ་སྔོན་སློབ་གསོའི་སློབ་ཞུགས་ཀྱི་ཚད་བརྒྱ་ཆའི་གོ་གཉིས་ཟིན། རྨང་གཞིའི་སློབ་གསོ་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་དང་།  མཐོ་རིམ་སློབ་གསོ་ཁྱབ་གདལ་ཅན་གྱི་དུས་རིམ་དུ་སླེབས། འདི་ནི“རྒན་པ་གཅིག་དང་ཆུང་བ་གཅིག”གཙོ་གནད་དུ་བཟུང་སྟེ་མི་འབོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལོ་ལྔ་ཡིན། བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བའི་བྱིས་པའི་སློབ་གསོའི་གྲོན་དངུལ་མི་ལེན་པ་དང་། བུ་བཙའ་ངལ་གསོ་ཇེ་རིང་དུ་བཏང་བ། བུ་གསོའི་ཁ་གསབ་སྤྲོད་པ་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་བཏོན། 2024ལོར། རྒྱལ་ཡོངས་ཀྱི་ལོ་གསུམ་མན་གྱི་བུ་བཅོལ་ཁང་གི་གྲངས་ཀ་ས་ཡ་ལྔ་འབུམ་བདུན་ཁྲི་བཞིར་སླེབས་ཤིང་། དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས125%འཕར། རྒྱལ་ཡོངས་ཀྱི་རྒན་གསོའི་སྒྲིག་གཞི་དང་སྒྲིག་བཀོད་སྣ་ཚོགས2020ལོ་ལས་ཁྲི་བདུན་སྟོང་བདུན་འཕར།  ཡུན་རིང་ནད་གཡོག་འགན་བཅོལ་རྒན་རྒོན་དུང་ཕྱུར་གཅིག་བྱེ་བ་དགུ་ལ་ཁྱབ།

ཧྲང་ཧའེ་རྒན་གསོ་གཞིས་ཁུལ་གྱི་རྒན་མོ་ཧྥེང་དབྱི་ཀྲི་ཡིས་ད་དུང་པ་ལེ་ཞབས་བྲོ་སྦྱངས་བཞིན་ཡོད་ཟེར།  སྡོད་དམངས་ཞུས་ཧུའེ་ཅུན་གྱིས་སེམས་ཁམས་སྐྱིད་ན་ལུས་ཕུང་ལ་ཕན།  རྒྱུ་མཚན་ནི་ངས་རྒྱུན་དུ་ཚེ་ཐག་རིང་དགོས་ན་དགའ་དགོས་ཞེས་བཤད་ཀྱིན་ཡོད། དེའི་རྐྱེན་གྱིས་གནས་འདི་ན་ཧ་ཅང་སྐྱིད་ཟེར།

འདི་ནི་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་སྐོང་བ་དང་། རིམ་པ་མང་བའི་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཆེས་མགྱོགས་ཤོས་ཀྱི་ལོ་ལྔ་རེད། སྐར་མ་བཅོ་ལྔའི་རིང་དམངས་ལ་སྟབས་བདེ་སྐྲུན་པའི་འཚོ་བའི་ཚོམས6200ལྷག་གིས་སྡོད་མི་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་དགུ་ཡི་འཚོ་བར་སྔར་བས་བག་ཕེབས་དང་སྟབས་བདེ་བསྐྲུན། སྒྱེ་མོའི་སྤྱི་གླིང་བཞི་ཁྲི་བརྒྱད་སྟོང་ལྷག་དང་། སྤྱི་ལེ་ཆིག་འབུམ་ཉིས་ཁྲི་བརྒྱད་སྟོང་གི་སྔོ་ལྗང་ལམ་བུས་མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཁྱེར་བསྐྲུན།  རྒྱལ་ཐོན་གློག་བརྙན་དང་འཁྲབ་སྟོན། རིག་གནས་ཐོན་རྫས་སྣ་ཚོགས་ཀྱི་བཀྲག་མདངས་འཚེར་ས་མང་བ་དང་། ཚོང་ལས་དང་རིག་གནས་ཡུལ་སྐོར། ལུས་རྩལ་བདེ་ཐང་སྣ་མང་ཅན་གྱི་རྣམ་པ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། རྒྱུན་ཆད་མེད་པར་མི་རྣམས་ཀྱི་རང་གཤིས་ཅན་གྱི་དགོས་མཁོ་བསྐང་།

ཁྱིམ་དོན་དང་རྒྱལ་ཁབ་ཀྱི་དོན།  གནམ་འོག་གི་དོན་གང་ཡིན་རུང་། མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་ནི་དོན་ཆེན་དང་པོ་རེད།  དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་དེང་རབས་ཅན་དུ་བསྐྱོད་པའི་གོམ་པ་བརྟན་པོའི་ཁྲོད།  མི་དམངས་དུང་ཕྱུར་བཅུ་བཞི་ལྷག་ལ་སྔར་བས་ལེགས་པའི་ཁྱོན་ཡོངས་འཕེལ་རྒྱས་དང་།  ངེས་དོན་གྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཡོད་ངེས་ཡིན།