
སའི་གོ་ལའི་ངོས་ནས་ནམ་མཁར་ལྟ་བཞིན་ཕྲ་མཐོང་འཇིག་རྟེན་ལ་འཚོལ་ཞིབ་བྱེད། འགྲོ་བ་མིའི་རིགས་ཀྱིས་ཤེས་མེད་ཀྱི་མཚར་སྣང་ལ་ནམ་ཡང་རྫོགས་མཐའ་མེད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། ཀྲུང་གོས“འོད་སྙེག་མཁན”གྱི་རྣམ་པས་ཚན་རྩལ་གྱི་མདུན་གྲལ་དུ་བསྐྱོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྩལ།
རྒྱང་རིང་གནམ་ལ་བལྟས་ན། ས་བབ་མཐོ་ཚད་སྨི4410དང་ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་ས་ཚིགས། སྤྱི་ལེ་གྲུ་བཞི་མ1.36གི་འཚོལ་ཞིབ་ཚད་ལེན་ཡོ་བྱད་བཅས་གྲལ་སྟར་སྒྲིག་ཡོད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་། དགུ་ཚིགས་མ་ལག་གི་འཇིག་རྟེན་འཕྲོ་ཐིག་འབྱུང་ཁུངས་ཀྱི་འགག་རྩའི་ཁུངས་སྣེ་ཐོག་མར་གསལ་སྟོན་བྱས་ཡོད། ཕྲ་མཐོང་འཚོལ་ཞིབ་བྱས་ནས། “རིམ་འདས་ཕྲ་མཐོང་ཆེ་ཤེལ་”ཞེས་པའི་ཀྲུང་གོའི་ཐོར་གས་མ་ནིང་རྡུལ་ཁུངས་ཀྱིས་ཕྲ་ཞིབ་ལྷུ་ཆས་ཀྱི་གཏིང་རིམ་གསང་བ་རྟོགས་ནས། ཕྲ་མཐོང་འཚོལ་ཞིབ་ཁྱབ་ཁོངས་སུ་ཀྲུང་གོ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཐུབ་པར་བྱས། དེང་སྐབས་ཀྱི་ཀྲུང་གོས་དེ་བས་རང་འགུལ་གྱི་རྣམ་འགྱུར་ཐོག་ནས། ཚན་རྩལ་གྱི“མི་མེད་ཁུལ”དུ་ཤེས་རྟོགས་ཐུབ་མེད་པ་འཚོལ་ཞིབ་བྱས་ནས་སྒུལ་ནུས་བཏོན།
འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་སྙན་ཞུ་ལས2025ལོར་ཀྲུང་གོ་ཐོག་དང་པོར་གོ་ལ་ཧྲིལ་པོའི་ཨང་བཅུ་པའི་གྲས་སུ་སླེབས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད《རྩ་གནད》ནང་“རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཚད་ལས་བརྒལ་ནས་བཀོད་སྒྲིག་འོས་འཚམ་བྱེད་པའི”གླེང་ཚུལ་དེ་བས་མངོན་གསལ་དུ་སྣང་། མདུན་གྲལ་གྱི་ཁྱབ་ཁོངས་ལ་དམིགས་ཏེ། ཀྲུང་གོས་རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་ཡོད།
ཧི་ཧྥེ་མ་འོངས་ཚན་རྩལ་ཆེན་མོ་གྲོང་དུ། འཛུགས་སྐྲུན་བྱེད་བཞིན་པའི་ཧི་ཧྥེ་སྔོན་ཐོན་གྱི་འོད་ཁུངས་ནི་རྒྱལ་སྤྱིའི་ཆེས་སྔོན་ཐོན་གྱི་རབས་བཞི་པའི་དུས་མཉམ་འགྱེད་འཕྲོའི་འོད་ཁུངས་ཀྱི་གྲས་ཤིག་ཡིན་པ་དང་། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། འགྲོ་བ་མིས་ཆ་རྡུལ་མ་རྡུལ་དང་ཐ་ན་གློག་རྡུལ་ཚད་གཞི་ལས་ཕྲ་མཐོང་འཇིག་རྟེན་ལ་ལྟ་ཞིབ་བྱེད་ཐུབ་པར་འཇུག་རྒྱུ་ཡིན་ལ། ལོ་ལྔའི་རིང་། ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བས། གྲངས་འབོར་ནི་“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་”དུས་སྐབས་ཀྱི་ལྡབ་གཉིས་ལས་མང་ཞིང་། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གཞི་གནས་སུ་བཟུང་སྟེ“གསར་གཏོད་མཐོ་ས”དེ་ཀྲུང་གོའི་ས་གཞི་ཆེན་མོ་རུ་མགྱོགས་མྱུར་ངང་དར་རྒྱས་བྱུང་ཡོད། མཚོ་ཁུག་ཆེན་མོ་ཁུལ་དུ་མཐོ་རིམ་སློབ་ཆེན་དུ་འཕྲོ་བའི་རྣམ་པ་ཁྱབ་ཡོད། ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཁེ་ལས་ཀྱིས་ས་ཁོངས་ཀྱི་བཙན་རྫོང་གཏོར་ནས་གྲུབ་འབྲས་ལེགས་པོ་ཐོབ་པ་དང་། རྒྱུན་ཐག་ཧྲིལ་པོའི་སྐྱེ་ཁམས་གསར་གཏོད་ཀྱིས་འཛམ་གླིང་རིམ་པའི་ཚན་རིག་ཁུལ་འདི་གོ་ལ་ཧྲིལ་པོའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཀྱི“དཔེ་མཚོན”དུ་གྱུར་པ་མ་ཟད་ཀྲུང་གོའི་ས་གཞི་ཆེན་མོར་རྒྱུན་ཆད་མེད་པར་འདྲ་བཟོ་བྱས་ཡོད།
ལོ་ལྔའི་རིང་། མིས་བཟོས་རིག་ནུས་དང་ཚད་རྡུལ་འཕྲིན་གཏོང་སོགས་ཀྱི་གསར་གཏོད་གྲུབ་འབྲས་རྒྱུན་ཆད་མེད་པར་ཚོད་ལྟ་ཁང་ནས་ཐོན་སྐྱེད་སྒྲུབ་རིམ་དུ་བསྐྱོད་དེ་མགྱོགས་མྱུར་སྒོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར།
ད་ལྟ། ཀྲུང་གོར་འཛམ་གླིང་གི་ཞིབ་འཇུག་གསར་སྤེལ་མི་སྣ་མང་ཤོས་ཡོད་པ་དང་། ལག་རྩལ་མཐོ་གསར་གྱི་ཁེ་ལས་འབུམ་ལྔ་ལས་བརྒལ་ཡོད། གསར་གཏོད་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་པོ་ཡིན་པའི་ཆ་ནས་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་སྩོལ་བཞིན་ཡོད།