རྨང་གཞི་ཇེ་བརྟན་དང་ཕྱོགས་ཡོངས་ནས་ཤུགས་བཏོན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྔར་ལས་མཚར་སྡུག་གི་ལེའུ་རྩོམ་དགོས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་།《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། མ་འོངས་པའི་ལོ་ལྔའི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད།

ཚོགས་ཞུགས་བློ་མཐུན་ཚོས། ཚང་འཛོམས་གྲོས་ཚོགས་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འཐབ་ལམ་གསར་པའི་སྟེང་བསྡུས་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་སྟོབས་ཤུགས་ཆེན་པོ་སྔར་ལས་གཅིག་ཏུ་བསྡུ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཚུལ་བསྟན།

ཀྲུང་དབྱང་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཡུས་ཀྲུའོ་ཡིས་བཤད་རྒྱུར།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ཕྱོགས་ཡོངས་དང་སྤྱི་ཁོག་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ཧྲིལ་པོ་ནི་སྤྱི་ཁྱབ་ཧྲུའུ་ཅིས་སྐུ་དངོས་སུ་་ཇུས་འགོད་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་སྐུ་དངོས་སུ་ཡིག་ཆ་འཆར་འགོད་ཚན་ཆུང་གི་ཚན་གཙོའི་འགན་བཞེས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྙན་ཞུར་ཐེངས་མང་གསན་ལ། ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པའི་ཆུ་ཚད་མཐོ་བའི་སྲིད་ཇུས་ཡིག་ཆ་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་དེར་ཚན་རིག་དང་མཐུན་པའི་འགྲེལ་ཀློག་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་མཛད་པ་དང་། འདི་ནི་ང་ཚོའི་གཏིང་ཤུགས་ཆེ་ཤོས་ཡིན་ལ། ང་ཚོས་གྲུབ་འབྲས་འདི་དག་བླངས་པའི་ཆེས་རྩ་བའི་རྒྱུ་རྐྱེན་ཡང་ཡིན།

ཀྲུང་དབྱང་ཨུ་ཡོན། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ལིག་ཉིང་གིས་བཤད་རྒྱུར།   གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ཏེ། གྲོས་ཞིབ་ལས་གྲོས་འཆམ་བྱུང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ནི་ཕུགས་རྒྱང་རིང་བའི་འཐབ་ཇུས་ཀྱི་དཔེ་རིས་ཡིན་ལ། ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པའི་འཐབ་ཇུས་འཆར་འགོད་དང་། དུས་བབ་དང་བསྟུན་པའི་འཐབ་ཇུས་ཇུས་འགོད་ཡིན་ཞིང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་དོན་རང་བཞིན་གྱི་མཛུབ་སྟོན་ཡིག་ཆ་ཡང་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་བྱས་རྗེས་ངོ་མཚར་ཅན་གཉིས་མུ་མཐུད་དུ་བརྩམས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གནས་བབ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་པའི་ལོ་རྒྱུས་ཀྱི་རང་རྟོགས་མངོན་ཡོད་པས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སྔར་ལས་གཅིག་ཏུ་བསྡུ་ངེས།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་ཇེ་བརྟན་དང་།  ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་ལ། གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་སྔ་མཐུད་ཕྱི་སྐྱོང་གི་གོ་གནས་གལ་ཆེན་ལྡན། ཚོགས་ཞུགས་བློ་མཐུན་ཚོས། ཚང་འཛོམས་གྲོས་ཚོགས་ཀྱིས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་འཆར་འགོད་བྱས་པ་ནི་བབ་བསྟུན་འཕྲལ་སྒྲུབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་མ་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་པ་བསྟན།

ཀྲུང་དབྱང་ཨུ་ཡོན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲེང་ཧྲན་ཅེ་ཡིས་བཤད་རྒྱུར།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་འཐབ་ཇུས་ཀྱི་ལས་འགན་གཏན་འཁེལ་བྱས་ཏེ། རང་འགུལ་གྱིས་སྒྲུབ་པ་དང་ཆད་ལྷག་མེད་པ། ནུས་ལྡན་ནུས་མཐོ་བཅས་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་པའི་དུས་མཚུངས་སུ་ང་ཚོས་དམིགས་ཚད་དང་གྲོས་འགོར་ཞིབ་བསྡུར་ནན་མོ་བྱས་ནས། མང་ཚོགས་ཀྱི་བློ་གྲོས་དང་། གཞི་རིམ་གྱི་ཉམས་མྱོང་། སྤྱི་ཚོགས་ཀྱི་རེ་སྒུག་བཅས་རྒྱ་ཁྱབ་ཀྱིས་བསྡུ་ལེན་བྱས་ཏེ།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་རྩ་གནད་འཆར་ཟིན་བཟོ་རྒྱུ་ཡིན།

ཀྲུང་དབྱང་ཨུ་ཡོན། པེ་ཅིན་གྲོང་ཁྱེར་གྱི་འགོ་གཙོ། དབྱིན་ཡུང་གིས་བཤད་རྒྱུར།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན། པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་སའི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། དུས་ཀྱིས་ང་ལ་མི་སྒུག་པའི་སྙིང་སྟོབས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན།  ང་ཚོས་རྒྱལ་སའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་གསར་གཏོད་ཀྱི་སྒུལ་ནུས་ཇེ་མཐོར་གཏོང་བར་སྔར་བར་དོ་སྣང་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྔར་བས་མཐོང་ཆེན་དང་། དམངས་ཚིས་བདེ་སྐྱིད་ལ་སྔར་བས་མཐོང་ཆེན་བྱས་ཏེ།  གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་མཐོང་ཆེན་བྱས་ནས། རྒྱལ་སའི་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་སྲུང་བྱ་རྒྱུ་ཡིན།

ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དང་དམིགས་འབེན་གཙོ་བོ་བསྟན། ཚོགས་ཞུགས་བློ་མཐུན་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་དགོས་པ་དང་། འགོ་ཚུགས་ས་གསར་པའི་ཐོག་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་དགོས་ཚུལ་བསྟན།

ཟུར་ཞུགས་འཐུས་མི། ཁི་ཏ་ཀུའོ་ཏུན་ཚད་རྡུལ་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་འདོམས་པ་གཞོན་པ། ཀྲོའུ་ལེ་ཡིས་བཤད་རྒྱུར།

ངའི་བྱ་བ་ནི་ཚད་རྡུལ་ཚན་རྩལ་ཞིབ་འཇུག་དང་ཐོན་ལས་ཅན་འཕེལ་རྒྱས་ཀྱི་ཕྱོགས་ཡིན། ངས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ནང་ཚད་རྡུལ་ཚན་རྩལ་དེ་དཔལ་འབྱོར་འཕར་གཞི་གསར་པའི་ཕྱོགས་སུ་བཞག་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་མཐོང་བྱུང་། དེས་ང་ཚོས་རྗེས་མར་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བ་ལ་ཁ་ཕྱོགས་གསལ་པོར་བསྟན་པར་མ་ཟད། ཆབས་ཅིག་ཏུ་ང་ཚོ་ལ་ཡིད་ཆེས་ཆེན་པོ་བསྩལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག ང་ཚོ་ལ་རང་བརྟེན་ཚོད་འཛིན་ཐུབ་པའི་ཐོན་རྫས་བསྐྲུན་ནས། ང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་ལེགས་པོར་ཞུ་བ་དང་། ང་ཚོའི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཤུགས་སྣོན་རོགས་འདེགས་ཐུབ་པར་ཡིད་ཆེས་དང་སྒུལ་ཤུགས་ཡོད།

ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། མཚོ་དམག་གི་བཀའ་འཛིན་གཞོན་པ་ཚུའེ་ཡུས་ཀྲུང་གིས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚབ་བྱས་ནས་གནང་བའི་བྱ་བའི་སྙན་ཞུ་ཡིས་བྱ་བ་སྤྱི་སྡོམ་བྱས་པ་མ་ལག་ལྡན་ཞིང་ཁྱོན་ཡོངས་ལ་ཁེབས་ཡོད་ཅིང་། བཀོད་སྒྲིག་བྱས་པའི་ལས་འགན་གྱི་གཙོ་གནད་འབུར་དུ་བཏོད་ཡོད།  མཚོ་དམག་ནི་འཐབ་ཇུས་རང་བཞིན་གྱི་དམག་རིགས་ཤིག་ཡིན་ཞིང་། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་ལ་འབྲེལ་བ་དམ་པོ་ཡོད་པས། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱ་དགོས། བརྒྱ་ལོའི་དམིགས་འབེན་དང་དམ་དུ་འབྲེལ་ནས་འཛམ་གླིང་གི་རྩེ་གྲར་དམིགས་དགོས་ཤིང་། མཚོ་ཐོག་གི་ཟིལ་གནོན་དང་དངོས་འཐབ་ཀྱི་ནུས་བ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་།  མཚོ་དམག་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྟུད་མར་བཏོད་དེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྒྱུགས་ལན་ལེགས་པོ་སྤྲོད་དགོས།

ཀྲུང་དབྱང་ཨུ་ཡོན། ཧྥུའུ་ཅན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲོའུ་ཙུའུ་དབྱི་ཡིས་བཤད་རྒྱུར། ཧྥུའུ་ཅན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང། དཔལ་འབྱོར་ཞིང་ཆེན་ཆེན་པོས་དོན་ཆེན་ཕྲག་ཏུ་ལེན་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། གསར་གཏོད་ཀྱི་སྒུལ་ནུས་སྐྱེད་སྲིང་དང་དངོས་ཕུང་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ལེགས་པོ་ཞུ་རྒྱུ་ཡིན། ཤར་རྒྱུག་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་བ་དང་ཁེ་ཕན་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་བ། བརྩེ་བར་བརྟེན་ནས་མཉམ་འདྲེས་ལ་སྐུལ་བ་བཅས་ཀྱི་རྒྱུན་བསྐྱངས་ནས་སྤུས་ཚད་མཐོ་བའི་སྒོ་ནས་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཆུས་བསྐྲུན་པར་སྐུལ་དགོས།  ཀྲུང་དབྱང་གིས་ཐེ་ཝན་ལ་དམིགས་པའི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་བས་ལེགས་པོ་ཞུས་ནས་ལམ་སྲོལ་སྐྱེན་པོ་དང་ཐོན་ལས་ལེགས་པ། མང་ཚོགས་ཕྱུག་པ། སྐྱེ་ཁམས་མཛེས་པ་བཅས་ཀྱི་ཧྥུའུ་ཅན་གསར་པའི་ལེའུ་གསར་བ་ཧུར་ཐག་སྒོས་འབྲི་དགོས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།