ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཁྱབ་ཁོངས་བགོས་ཏེ་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བརྒྱད་པའི་གཅིག་བསྡུས་ལན་སྟེར་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

ཟླ10པའི་ཚེས22ཉིན་ནས་ཚེས23ཉིན་བར། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཁྱབ་ཁོངས་བགོས་ཏེ་སྲིད་ཁྲིམས་ལས་ཁུངས་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན། རྒྱལ་དབང་རྒྱུ་ནོར་དང་བཟོ་ལས་ཆ་འཕྲིན། འཕེལ་རྒྱས་བཅོས་སྒྱུར་སོགས་ལས་ཁུངས་སུ་སྐོར་ཞིབ་བྱས་པའི་གཅིག་བསྡུས་ལན་སྟེར་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མའེ་ཕིང་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་སྟེང་སྐོར་ཞིབ་ཐེངས་བརྒྱད་པའི་གནས་ཚུལ་སྙན་ཞུ་འབུལ་སྐབས་ཀྱི་གཏམ་བཤད་ཀྱི་ནང་དོན་དང། སྐོར་ཞིབ་དག་ཐེར་དམ་འཛིན་བྱེད་པའི་ཐད་བཏོན་པའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧི་ལུའུ་ཁྲུན་བཅས་སོ་སོར་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད། ཁག་བགོས་ཁྱབ་ཁོངས་ཀྱིས་དག་ཐེར་དམ་འཛིན་བྱ་རྒྱུའི་ཐད་བྱེ་བྲག་གི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོས་སྐོར་ཞིབ་ཀྱི་བསམ་ཚུལ་བཤད།

གྲོས་ཚོགས་ལས་སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་དག་ཐེར་ཐད་ཀྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག ཞིང་ཆེན་ཏང་ཨུའི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། སྐོར་ཞིབ་དག་ཐེར་གྱི་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱེད་པ་དང་། འགོ་ཁྲིད་གཙོ་བོས་སྤྱིའི་འགན་ཁུར་བ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ནན་ཏན་གྱིས་ལག་བསྟར་བྱེད་པ། དཀའ་གནད་དང་གཙོ་གནད་མཁྲེགས་གཏོར་ལ་ཤུགས་སྣོན་པ། གཅིག་བསྡུས་དག་ཐེར་དང་རྒྱུན་མཐུད་དག་ཐེར་དམ་འཛིན་བྱས་ནས། སྐོར་ཞིབ་དག་ཐེར་དེ་ཏན་ཏིག་ཡོང་བར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་སྐོར་ཞིབ་དག་ཐེར་གྱི་ལྟ་སྐུལ་འགན་འཁྲི་ཕྲག་ཏུ་བླངས་ཏེ། མཐའ་གཅིག་དང་ནུས་ལྡན་སྒོས་ཉིན་རྒྱུན་ལྟ་སྐུལ་བྱེད་པ། དངོས་བཅོས་དངོས་སྒྱུར་དང་། དག་ཐེར་རྟིང་ཆོད་ལ་སྐུལ་འདེད་གཏོང་བ། གཡོ་ཟོལ་རྫུན་བཟོ་དང་དག་ཐེར་མི་འདང་བར་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལི་ཧུང་ཡ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙི་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་བཅས་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས། སྐོར་ཞིབ་བྱེད་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་པ་གཙོ་བོས་གཏམ་བཤད་ནས་རྣམ་འགྱུར་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།