ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ས་ཞིང་དོ་དམ་སྲོལ་ཡིག་དང་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག་ལ་ཁྲིམས་འཛུགས་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

ཟླ་བཅུ་པའི་ཚེས་ཉེར་གཅིག་ནས་ཚེས་ཉེར་གསུམ་ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཁག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། མཚོ་སྔོན་ཞིང་ཆེན་ས་ཞིང་དོ་དམ་སྲོལ་ཡིག་དང་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག་ལ་ཁྲིམས་འཛུགས་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཁག་གིས་ཡུལ་དངོས་ལྟ་ཞིབ་དང་རྒྱ་ཆ་ལྟ་ཀློག  སྙན་ཞུར་ཉན་པ་བཅས་ཀྱི་རྣམ་པ་བརྒྱུད་ནས། གུང་ཧོ་རྫོང་སློབ་ཆུང་དང་པོའི་སྤོར་འཛུགས་ལས་གཞི་དང་། ལྗང་མདོག་སྐྱེ་ཁམས་འོ་ལས་གསོ་སྤེལ་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས། ཕིན་ཨན་ཆུས་རོས་ཧྥུན་ལྗོངས་ཁུལ་གྱི་རླངས་འཁོར་འཇོག་ས་བཤིག་ནས་སླར་གསོ་བྱེད་པ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་མཚམས་སོགས་ཡུལ་དངོས་སུ་སོང་ནས།  ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱིས་ས་ཞིང་དོ་དམ་གྱི་ཁྲིམས་སྲོལ་གཅིག་དང་སྲོལ་ཡིག་གཅིག་གི་ལག་བསྟར་གནས་ཚུལ་ལ་རྒྱུས་ལོན་བྱས་ལ། ཕིན་ཨན་ཆུས་རིག་ནུས་གྲོང་ཁྱེར་དོ་དམ་ཞབས་ཞུའི་ལྟེ་གནས་དང་། སན་ཆན་ཧྥང་སྡེ་ཁུལ་དུ་མཚོ་ཤར་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་བྱ་བར་རྒྱུས་ལོན་བྱས། དེའི་སྐབས་སུ་བཞུགས་མོལ་ཚོགས་འདུ་བསྡུས་ནས། རིམ་པ་སོ་སོའི་དམངས་ཆེན་གྱི་འཐུས་མི་དང་ལས་བྱེད་མང་ཚོགས། གཞི་རིམ་ཁྲིམས་འཛུགས་འབྲེལ་གནས་བཅས་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་ནུས་ཤུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ས་ཞིང་དོ་དམ་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ།   དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས།    ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པར་ཁག་ཐེག་བྱས་ཏེ། བཙུགས་པའི་ཁྲིམས་སྲོལ་དེ་གོང་གི་བཅའ་ཁྲིམས་དང་མཐུན་པ་དང་། མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པ།  ཞིང་ཆེན་ནང་ཁུལ་གྱི་སྲོལ་ཡིག་གཞན་དག་དང་མཐུན་པ་བཅས་ལ་ཁག་ཐེག་བྱེད་དགོས།    བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་ནན་མོ་བྱས་ཏེ་དམངས་ཆེན་འཐུས་མི་དང་གཞི་རིམ་སྡེ་ཁག   ཞབས་འདེགས་ཞུ་ཡུལ། སྤྱི་ཚོགས་ཕྱོགས་སོ་སོ་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་རྒྱ་ཆེར་ཉན་པ་དང་།     ཞིང་ཆེན་གཞན་པའི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་མིག་སྔར་གནས་པའི་གཙོ་གནད་དང་དཀའ་གནད་ཤུགས་ཆེན་པོས་ཐག་གཅོད་དགོས།   སྲིད་གཞུང་དང་དམངས་ཆེན། དེ་མིན་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ་ཁྲིམས་སྲོལ་བཟང་བོ་འཛུགས་པ་དང་བཅོས་སྐྱོང་ལེགས་པོར་སྤེལ་བ།  དམངས་ཚིས་ལ་སྲུང་སྐྱོབ། འཕེལ་རྒྱས་ལ་འཆར་འགོད་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པ་དང་སྟོབས་ཤུགས་འབུལ་དགོས།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།