
ཟླ10པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་སི་ལ་གློག་འཕྲིན་སྤྲིངས་ནས། ཁོ་པོ་ལི་ཝེ་ཡའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་པོ་ལི་ཝེ་ཡ་ནི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་བོ་ཡིན། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ40འགོར་བའི་རིང་ལ། ཀྲུང་གོ་དང་པོ་ལི་ཝེ་ཡའི་བར་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱས་པ་དང་། ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་བཞིན་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེའི་ཕྱི་ཐག་རིང་མོ་མི་སེམས་སུ་འཇགས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་པོ་ལི་ཝེ་ཡས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་པར་བསྔགས་བརྗོད་བྱེད་བཞིན་ཡོད། ངས་ཀྲུང་གོ་དང་པོ་ལི་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད། སྲིད་འཛིན་ཕ་སི་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་པོ་ལི་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པའི་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།
ཉིན་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ལྭ་ལ་པོ་ལི་ཝེ་ཡའི་སྲིད་འཛིན་གཞོན་པར་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་།