
ཟླ10པའི་ཚེས25ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་ལ། ལག་བསྟར་དངོས་འབེབས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་སྐྱོད་ལམ་གསར་པའི་སྟེང་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ཕུན་སུམ་ཚོགས་པའི་ནང་སྙིང་དང་དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་སློབ་སྦྱོང་ནན་མོ་དང་གོ་བ་གཏིང་ཟབ་ལེན་པ་དང་། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱུས་ལོན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཁྲོད་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་གོ་གནས་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་པར་འཚོལ་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོར་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཁྲོད་གཙོ་རྒོལ་ཁ་ཕྱོགས་གཏན་འབེབས་གསལ་བོ་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་འཐབ་ཇུས་ལས་འགན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཁྲོད་བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྲུན་པ་དང་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་གྲུབ་པར་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོད་ཐད་ཀྱི་ངོས་ཟིན་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་གནད་ལ་འཁེལ་བའི་སྒོ་ནས་འཆར་འགོད་བྱེད་དགོས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་དམིགས་ནས་སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་མངོན་འགྱུར་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ཆེ་རུ་བསྐྱེད་པར་དམིགས་ནས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཤུགས་ཆེན་པོས་བསྐྲུན་དགོས་པ་དང་། ནང་མཁོ་རྒྱ་བསྐྱེད་པ་དང་ཕྱི་ཕྱོགས་ཉོ་ཚོང་ཆེ་རུ་གཏོང་བར་དམིགས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་ཤུགས་ཆེན་པོས་འདྲེས་པར་བྱེད་དགོས་ལ། དཔལ་འབྱོར་སྒྲིག་གཞིའི་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བར་དམིགས་ནས་ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་དམིགས་ནས་མཁར་གྲོང་གི་ཁུལ་ཁོངས་བར་གྱི་ཧེ་བག་ཇེ་ཆུང་དུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པར་དམིགས་ནས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་དགོས་ལ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་དམིགས་ནས་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ཤུགས་ཆེན་པོས་ཇེ་དྲག་ཏུ་བཏང་སྟེ་དགེ་མཚན་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། འགག་གནད་སེལ་བ། མི་འདང་ས་ཁ་གསབ་དང་སྤུས་ཚད་ཀྱི་ཕན་ནུས་མཐོར་འདེགས་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔར་གྱི་བྱ་བ་དམ་འཛིན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ། ཆོད་སེམས་སྔར་ལས་ཆེན་པོ་དང་ཤུགས་ཚད་སྔར་ལས་ཆེན་པོས་དཔལ་འབྱོར་འཁོར་སྐྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་གཏན་འཇགས། དམངས་ཚིས་འགན་སྲུང་དང་ལེགས་བཅོས། ལོ་འཁོར་བརྒལ་བའི་བྱ་བའི་འབྲེལ་མཐུད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་འཆར་གཞི་རྩ་གནད་སྒྲིག་བཟོ་སོགས་བྱ་བ་དམ་འཛིན་བཟང་བོ་བྱེད་པ། འགན་འཁྲི་ཁག་ཁུར་དང་རང་འགུལ་གྱིས་འགུལ་སྐྱོད་སྤེལ་བ། དཀའ་སྤྱད་འགག་སྒྲོལ་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བཅས་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བཟང་བོར་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་བཟང་བོར་རྩོམ་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།