
ཟླ10པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པར་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་སྤྲིངས། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་མྱ་ངན་ཞུས་པ་དང་། ཐེ་ལན་གྱི་རྒྱལ་རྒྱུད་དང་སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་རྒྱལ་ཡུམ་ཧྲི་ལི་ཅི་ལ་ཐེ་ལན་གྱི་རྒྱལ་རྒྱུད་དང་མི་དམངས་ཀྱི་སེམས་ནང་དུ་བླ་ན་མཐོ་བའི་སྙན་གྲགས་ལྡན། ཁོ་མོས་ཀྲུང་གོ་དང་ཐེ་ལན་གྱི་མཛའ་འབྲེལ་ཐུགས་ལ་བཟུང་ཡོད། དེ་སྔོན་རྒྱལ་པོ་ཕུའུ་སྨི་ཕུང་གི་ཚབ་ཞུས་ནས་ཀྲུང་གོར་འཚམས་འདྲིར་ཡོང་ནས། “ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”དམིགས་བསལ་གྱི་མཛའ་འབྲེལ་དར་སྤེལ་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ང་ཚོས་ནམ་ཡང་ཁོ་མོར་རྗེས་དྲན་བྱེད་སྲིད་ཅེས་གསུངས།