

ཟླ10པའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས18པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་ལོ་འཁོར་གྱི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར(དངུལ་རྩའི་ཁེ་ལས་མི་ཚུད་པ)དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་ཞིབ་འདྲི་བྱས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་གྲོས་ཚོགས་སུ་ཞུགས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས18པས་ཚེས27ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཚོ་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་ལོ་འཁོར་གྱི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར(དངུལ་རྩའི་ཁེ་ལས་མི་ཚུད་པ)དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་ཞིབ་འདྲི་བྱས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་གྲོས་ཚོགས་སུ་ཞུགས།
ཚོགས་ཞུགས་བློ་མཐུན་བརྒྱད་ཀྱིས་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དུ་གཏོང་བའི་བྱེད་ཐབས་དང་། ཕན་འབྲས། གོ་རིམ་རྗེས་མའི་གཙོ་གནད་བྱ་བ་བཅས་ལ་དམིགས་ནས། རྒྱལ་དབང་དཔལ་འབྱོར་གྱི་སྒྲིག་གཞི་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩའི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བ་བྱས་ནས། རྒྱལ་དབང་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་པ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་དབང་ཁེ་ལས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་སྔར་ལས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་དབང་ཁེ་ལས་ཀྱི་གླ་ཕོགས་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་ཀྱི་གནད་དོན་ལ་དྲི་བ་བཏོན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ཚན་རྩལ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཕེབས་ནས་བསམ་འཆར་ལ་ཉན་པ་དང་དྲི་བར་ལན་བཏབ།
ཨུ་ཡོན་ཀྲང་གཞོན་པ་ཞའོ་ཅེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།