
ལྷ་གྲུ་ཉེར་གཅིག་པའི་འཕུར་མདའ་དེ་ཟླ་འདིའི་ཚེས24ཉིན་འཕེན་གཏོང་ཁུལ་དུ་དབོར་འདྲེན་བྱས་ཤིང་། འཆར་གཞི་ལྟར་ན་ཉེ་ཆར་གོ་སྐབས་བཙལ་ནས་འཕེན་གཏོང་བྱ་རྒྱུ་རེད། ཟླ10པའི་ཚེས27ཉིན། འཕེན་གཏོང་ཁུལ་དུ་སྡེ་ཁག་སོ་སོ་རྩ་འཛུགས་བྱས་ནས་མ་ལག་ཚང་བའི་མཉམ་སྦྱོང་བྱས།
ཐེངས་འདིའི་མཉམ་སྦྱོང་ལ་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ཀྱི་དཔྱད་གཏོང་ལས་བཟོ་བ་ཡོངས་ཞུགས་པ་དང་། འཕེན་གཏོང་ར་བའི་མ་ལག་གི་གཅིག་གྱུར་བཀོད་གཏོང་འོག སྒྲོམ་གཞི་དང་མེ་ཤུགས་འཕུར་མདའ། འཕུར་གྲུ་སོགས་ལ་མ་ལག་བགོས་ནས་བྱེད་ནུས་ལ་ཞིབ་བཤེར་བྱས། འཕུར་སྐྱོད་གྲ་སྒྲིག་ནས་མེ་རྟ་སྒྲོན་པ་དང་། དེ་ནས་གྲུ་མདའ་ཕྲལ་དབྱེ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལད་ཟློས་སྦྱོང་བརྡར་བྱས། འཕུར་སྐྱོད་མ་ལག་གིས་ཀྱང་འཕུར་སྐྱོད་ཚན་ཆུང་གི་གསོ་རིག་ཞིབ་བཤེར་སོགས་ཀྱི་གྲ་སྒྲིག་བྱས་ཤིང་། མཁའ་སྐྱོད་མཛད་སྒོ་དང་གྲུ་ཁང་ནང་གི་སྒྲིག་འགོད། གྲུ་ཁང་དུ་འཛུལ་རྗེས་ཀྱི་འགྲོ་རིམ་སོགས་ལས་འགན་མཐའ་དག་འཕུར་སྐྱོད་དངོས་ཀྱི་གོ་རིམ་ལྟར་སྦྱོང་བརྡར་བྱས།
ཕྱིར་འབབ་མ་ལག་གིས་བསྟུད་མུར་འཚོལ་སྐྱོབ་ཕྱིར་བསྡུའི་སྦྱོང་བརྡར་བྱས་ཏེ། ལྷ་གྲུ་ཉི་ཤུ་པ་ཕྱིར་ལོག་པའི་གྲ་སྒྲིག་གང་ལེགས་བྱས།