ལི་ཆང《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད》ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་མ་ལེ་ཞི་ཡའི་ཅི་ལུང་ཕོ་རུ《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད》ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས།

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་མ་ལེ་ཞི་ཡའི་ཅི་ལུང་ཕོ་རུ《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད》ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས།

ལི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ཇི་བཞིན་སྒོ་འབྱེད་བསྟུན་མཁས་དང་མཉམ་ལས་གཉིས་ཕན་ནི་གཞི་ནས་མི་ཡུལ་གྱི་བགྲོད་ལམ་ཡང་དག་ཅིག་རེད། 《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད》ནུས་པ་ཐོན་ནས་ལག་བསྟར་བྱས་ཏེ་ལོ་ངོ3ལྷག་འགོར་བའི་རིང་ལ། འཛམ་གླིང་དཔལ་འབྱོར་གྱི་སྤྱི་ཡོངས་སྒུལ་ནུས་ཞན་པའི་རྒྱབ་ལྗོངས་ཆེན་པོའི་འོག ཁོངས་ཞུགས་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཡོད་ཅིང་། ས་ཁོངས་ཀྱི་དཔལ་འབྱོར་འཕར་སྣོན་ཅུང་མགྱོགས་པའི་རྣམ་པ་སྲུང་འཛིན་བྱས་ཡོད། བརྒྱུད་རིམ་འདིའི་ཁྲོད། གྲོས་ཆོད་ཀྱིས་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་གལ་ཆེན་ཐོན་ཡོད།

ལི་ཆང་གིས་བསྟན་དོན། མིག་སྔར། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་ཡོད། གྲོས་ཆོད་འཇོག་མཁན་ཕྱོགས་ཁག་སོ་སོས་སྔར་བས་གཞོགས་འདེགས་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་འཇལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཅིག་ནི་སྒོ་འབྱེད་ཀྱི་བློ་རྒྱ་སྔར་བས་ཡངས་པོར་བརྟེན་ནས་ས་ཁོངས་ཀྱི་ཁྲོམ་ར་ཆེན་པོ་གཏོད་དགོས། གཉིས་ནི་ཡར་བརྩོན་གྱི་འགུལ་སྐྱོད་སྔར་བས་ལེགས་པོར་བརྟེན་ནས་གྲོས་ཆོད་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་ཆོད་སེམས་སྔར་ལས་བརྟན་པོ་བཅངས་ནས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་སོ་སོ་དང་མཉམ་དུ་བློ་གྲོས་གཅིག་བསྡུས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། གྲོས་མཐུན་གྱི་མཉམ་ལས་ལ་དངོས་གཉེར་གྲུབ་འབྲས་སྔར་བས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།

ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བསྟན་དོན། ཕྱོགས་སོ་སོས་རྐྱེན་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་། ཁོངས་མི་ཇེ་མང་དུ་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ལ། རྒྱུན་མཐུད་ངང་སྦས་ཤུགས་འདོན་སྤེལ་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་། གསར་གཏོད། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་དོན་དངོས་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་པ་དང་། རང་མོས་དང་དྲང་གཞག སྒོ་འབྱེད་བཅས་ཀྱི་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་སོ་སོའི་ཚུལ་སྒྱུར་གོང་སྤེལ་དང་། ས་ཁུལ་གྱི་རྒྱང་ལྟའི་རང་བཞིན་དང་དཀྱེལ་ཡངས་རང་བཞིན་བཅས་ཇེ་ལེགས་སུ་འགྲོ་བར་སྔར་བས་ཕན་ཐོགས་ཐུབ་པར་བྱ་དགོས་པ་བསྟན།

ཚོགས་འདུའི་སྟེང《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད》ཀྱི་འགོ་ཁྲིད་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།