ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་སྐོར་གྱི་གྲོས་གཞི།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

ཟླ10པའི་ཚེས28ཉིན།<<ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གཏན་འབེབས་སྐོར་གྱི་གྲོས་གཞི>>ཁྱབ་བསྒྲགས་བྱས།

<<གྲོས་གཞི>>ལས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"གཏན་འབེབས་བྱེད་པར་གྲོས་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན།

<<གྲོས་གཞི>>ལས་ནན་གྱིས་བསྟན་དོན། "ལོ་ལྔའི་འཆར་འགོད་བཅུ་བཞི་པའི"དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཀྱག་ཀྱོག་ཆེ་ལ་སྤྱིར་བཏང་མིན། སྣེ་མང་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་གསུམ་གྱི་ལས་འགན་ལ་གདོང་གཏད་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། དཀའ་སྤྱད་གདོང་ལེན་དང་། ཞུམ་མེད་མདུན་སྐྱོད་བྱས་ཏེ། དུས་རབས་ཀྱི་རིམས་ནད་ཚབས་ཆེན་ལ་གདོང་གཏད་པ་དང་། ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་ནུས་ལྡན་སྒོས་ཁ་གཏད་འཇལ་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་གྲུབ་འབྲས་གལ་ཆེན་བླངས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་བ་སྤོས་ཤིང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པའི་འགོ་ཡག་པོ་བརྩམས། གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཕྱོགས་སྟོན་དང་སྣེ་ཁྲིད་ལ་རག་ལས་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་རག་ལས་ཡོད།

<<གྲོས་གཞི>>ལས་བསྟན་དོན། "ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་འདིང་བ་དང་། ཁྱོན་ཡོངས་ནས་ནུས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། དགེ་མཚན་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འགག་རྩའི་ཚད་བཀག་མེད་པར་གཏོང་བ། ཞན་ཆར་ཁ་གསབ་བཅས་བྱས་ཏེ་རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་དབང་ཐོབ་པར་བྱེད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་ཀྱི་འཐབ་ཇུས་ལས་འགན་ལ་ཐོད་བརྒལ་ཆེན་པོ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས།

<<གྲོས་གཞི>>ལས་ལོ་ལྔའི་འཆར་འགོད་བཅོ་ལྔའི་དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་མདུན་དུ་ལྷགས་པའི་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས།

ཏང་ཡོངས་ཀྱིས"གཏན་ཕབ་གཉིས་"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ།"ཡིད་རྟོན་བཞི"ཇེ་བརྟན་དུ་གཏོང་བ་། "སྲུང་སྐྱོང་གཉིས"ལེགས་པར་སྒྲུབ་པ་བཅས་བྱས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ཧུར་ཐག་གིས་འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་ལ་གདོང་གཏོད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ཏེ། ཉེན་ཁ་ཆེན་པོ་དང་ཐ་ན་འཇིགས་སུ་རུང་བའི་ཉམས་སད་གལ་ཆེན་ལ་གདོང་གཏོད་ཕོད་པར་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་ཁག་སེལ་བ་དང་། སྟོབས་ཤུགས་གཅིག་སྡུད་ལ་བརྟེན་ནས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི་ངོ་མཚར་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་དུ་བརྩམས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྣམ་པ་གསར་པ་གཏོད་དགོས།

《གྲོས་གཞི》ལས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་གཞི་གདངས་རྒྱུན་འཁྱོངས། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ། བཅོས་བསྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་རྩ་བའི་འགན་སྲུང་དུ་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་སྒོས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།

ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས།

བཞི། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཇེ་མགྱོགས་སུ་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་དགོས།

གྲོས་གཞི་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཚན་རྩལ་དེང་རབས་ཅན་ལ་བརྟེན་ནས་འདེགས་སྐྱོར་བྱེད་དགོས། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཇེ་མཐོར་གཏོང་བ་དང་། རང་བརྟེན་གསར་གཏོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ཚན་རྩལ་འཕེལ་རྒྱས་གཏོང་བའི་མཐོ་གནོན་བཙན་ས་བཟུང་སྟེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་སྐྱེད་དགོས།

ཐོག་མའི་གསར་གཏོད་དང་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་སྤྱད་དེ་སྦྲེལ་ཐག་ཡོངས་ཀྱིས་འདུས་གྲུབ་གློག་ལམ་དང་འཁོར་སྟེགས། ཚད་མཐོའི་དཔྱད་ཆས། རྨང་གཞིའི་མཉེན་ཆས། སྔོན་ཐོན་རྒྱུ་ཆ། སྐྱེ་དངོས་བཟོ་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས་ཐག་གཅོད་རང་བཞིན་གྱི་འགག་སྒྲོལ་ཐུབ་པ་བྱེད་དགོས།

ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱ་རྒྱུ་གཅིག་གྱུར་འཆར་འགོད་བྱས་ནས་མ་ལག་ཅན་གྱི་འགག་སྒྲོལ་བྱེད་ནུས་ཆེ་རུ་གཏོང་དགོས།

ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས་གསར་གཏོད་སྦྲེལ་ཐག་དང་མ་དངུལ་སྦྲེལ་ཐག འཇོན་མི་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།

སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་འཕེལ་རྒྱས་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།

གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མིས་བཟོས་རིག་ནུས་སོགས་གྲངས་རིག་ལག་རྩལ་གསར་གཏོད་ཇེ་མགྱོགས་གཏོང་དགོས།

ལྔ། རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་འཛུགས་སྐྲུན་བྱས་ནས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་གང་མགྱོགས་ངང་ཆགས་པར་བྱེད་དགོས།

གྲོས་གཞི་ལས་ནན་གྱིས་བསྟན་དོན། རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་རྒྱབ་རྟེན་ཡིན། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་གཞི་གནས་འདི་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད། དངོས་པོར་དངུལ་གཏོང་དང་མི་ལ་མ་དངུལ་གཏོང་བ་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དགོས་མཁོ་གསར་པས་མཁོ་སྤྲོད་གསར་པར་སྣེ་ཁྲིད་བྱེད་པ་དང་། མཁོ་སྤྲོད་གསར་པར་བརྟེན་ནས་དགོས་མཁོ་གསར་པ་སློང་བ་བྱས་ནས། འཛད་སྤྱོད་དང་མ་དངུལ་གཏོང་བ་དང་། མཁོ་སྤྲོད་དང་དགོས་མཁོ་བར་གྱི་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློས་ཐུབ་རང་བཞིན་ཆེ་རུ་གཏོང་དགོས།

འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། འཛད་སྤྱོད་ལ་སྐུལ་སློང་བྱེད་པའི་ཆེད་དོན་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཕན་ནུས་ལྡན་པའི་མ་དངུལ་གཏོང་བའི་གཞི་ཁྱོན་ཆེ་རུ་གཏོང་དགོས། དངུལ་གཏོང་ལུགས་མཐུན་ངང་འཕར་བ་རྒྱུན་འཁྱོངས་བྱས་ནས་དངུལ་གཏོང་གི་ཕན་འབྲས་ཆེ་རུ་གཏོང་དགོས།

《གྲོས་གཞི》ལས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ནི། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ནུས་ལྡན་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་ཟུང་འབྲེལ་བྱས་ཏེ་སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་རྒྱུན་འཁྱོངས་བྱེད་དགོས།

《གྲོས་གཞི》ལས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཚན་རྩལ་རང་ཚུགས་རང་འབད་ཀྱི་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་བ། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་འགག་སྒྲོལ་གསར་པ་བྱུང་བ་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་གསར་པ་ལེན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྔར་བས་སྲ་བརྟན་དུ་གཏོང་དགོས།

རྨང་གཞི་དེའི་ཐོག་ཡང་བསྐྱར་ལོ་ལྔར་འབད་འཐབ་བྱས་ཏེ། 2035ལོར་སླེབས་སྐབས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིའི་ཤུགས་རྐྱེན་བཅས་ཆེས་ཆེར་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་འཕེལ་རྒྱས་འབྲིང་རིམ་ལ་སླེབས་པའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་ཐོན་དགོས། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་དགོས།

གསུམ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

《གྲོས་གཞི》ལས། དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་ལག་རྩལ་གྱི་རྨང་གཞི་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་སྣོན་ས་དེ་དངོས་ཕུང་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་དང་། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་དང་། སྤུས་ཚད་སྟོབས་ལྡན་རྒྱལ་ཁབ། མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་བཅས་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་ལུགས་མཐུན་རྒྱུན་འཁྱོངས་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས།

སྲོལ་རྒྱུན་ཐོན་ལས་ལེགས་བསྒྱུར་མཐོར་འདེགས་བྱས་ཏེ། གཙོ་གནད་ཐོན་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།

གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་དང་། གསར་དར་རྐང་འཛིན་ཐོན་ལས་གཏོད་རྒྱུར་ཤུགས་སྣོན་དགོས།

འབྱུང་འགྱུར་གྱི་ཐོན་ལས་ལ་རྒྱང་ལྟ་དང་བཀོད་སྒྲིག་བྱས་ཏེ། ཚད་རྡུལ་ཚན་རྩལ་དང་། སྐྱེ་དངོས་བཟོ་སྐྲུན། ཆིང་ནུས་དང་ཉིང་རྡུལ་འདུས་འགྱུར་ནུས་པ། ཀླད་འཕྲུལ་མཐུད་ཁ་དང་། ལུས་ལྡན་རིག་ནུས། སྤོ་འགུལ་འཕྲིན་གཏོང་རབས་དྲུག་པ་སོགས་དཔལ་འབྱོར་འཕར་གཞི་གསར་པར་འགྱུར་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་འཛུགས་སྐྲུན་ལ་གེགས་རྐྱེན་ཐེབས་པའི་འགག་གནད་ངེས་པར་དུ་སེལ་ཐབས་བྱས་ཏེ། ཕྱོགས་བསྡུས་ཀྱི་སྒོ་ནས“ནང་སྒྲིལ”འགྲན་རྩོད་དག་ཐེར་དང་ལེགས་བཅོས་བྱེད་དགོས།

དྲུག སྤུས་ཚད་ལེགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། སྤུས་ལེགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།

《གྲོས་གཞི》ལས་བསྟན་དོན། སྤུས་ཚད་ལེགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འགན་སྲུང་གཙོ་བོ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་སྒྲིག་གཞི་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་དང་། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྤུས་ལེགས་འཕེལ་རྒྱས་ཡུན་ནས་ཡུན་དུ་རྒྱུན་སྐྱོང་བར་འགན་སྲུང་བྱེད་དགོས།

མགྱོགས་མྱུར་ངང་གཞི་རྒྱུ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ལམ་ལུགས་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ནུས་སྒོ་ཇེ་ལེགས་སུ་གཏོང་དགོས། ནོར་སྲིད་ཀྱི་སྲིད་ཇུས་ནུས་པ་འདོན་སྤེལ་གང་ལེགས་དང་། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལ་ཤུགས་སྣོན་བྱེད་དགོས།

མགྱོགས་མྱུར་ངང་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

བདུན། སྤུས་ཚད་ལེགས་པའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་བཏང་ནས། མཉམ་ལས་མཉམ་རྒྱལ་གྱི་གནས་བབ་གསར་བ་གསར་དུ་གཏོད་དགོས།

《གྲོས་གཞི》ལས་ནན་གྱིས་བསྟན་དོན། སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་བླང་བྱ་ཡིན། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་བསྐྱེད་གཏོང་བ་དང་སྣེ་མང་ཉོ་ཚོང་གི་ལམ་ལུགས་སྲུང་པ། རྒྱལ་སྤྱིའི་འཁོར་སྐྱོད་ཇེ་རྒྱས་སུ་གཏོང་བ་བཅས་བྱས་ནས། སྒོ་འབྱེད་ཀྱིས་བཅོས་སྒྱུར་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས།

རང་བདག་གི་སྒོ་འབྱེད་རྒྱ་བསྐྱེད་གང་ལེགས་བྱས་ནས། རྒྱལ་སྤྱིའི་ཚད་གཞིའི་ཉོ་ཚོང་གི་སྒྲིག་སྲོལ་ལ་འབྲེལ་མཐུད་བྱེད་པ་དང་། ཞབས་ཞུའི་ལས་རིགས་གཙོ་བོར་བཟུང་ནས་ཁྲོམ་ར་ཞུགས་འཐུས་དང་སྒོ་འབྱེད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་དགོས། ཉོ་ཚོང་གི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཚད་དང་ནུས་པ་ཇེ་ལེགས་སུ་བཏང་ནས། ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། ཕྱོགས་གཉིས་དངུལ་གཏོང་གི་མཉམ་ལས་བར་སྟོང་ཇེ་རྒྱས་སུ་གཏོང་དགོས། སྤུས་ཚད་ལེགས་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་དགོས།

བརྒྱད། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་བཏང་ནས། ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བྱེད་དགོས།

《གྲོས་གཞི》ལས་བསྟན་དོན། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་ཡོངས་དང་གྲུབ་ཆར་འབྲེལ་བ་དམ་ཟབ་ཡོད། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་ཡོངས་ཀྱི་བྱ་བའི་ཁྲོད་གཙོ་གནད་དུ་གྱུར་ཡོད་ཅིང་། ཞིང་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་ཇེ་རྒྱས་སུ་གཏོང་དགོས་ལ། ཞིང་སྡེར་དེང་རབས་ཅན་གྱི་གཞི་རྩའི་ཆ་རྐྱེན་ཚང་བར་སྐུལ་འདེད་དང་མགྱོགས་མྱུར་ངང་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་ནུས་ཇེ་ལེགས་སུ་གཏོང་དགོས། ཚན་རྩལ་ཞིང་ལས་དང་ལྗང་མདོག་ཞིང་ལས། སྤུས་ལེགས་ཞིང་ལས། ཟོང་རྟགས་ཞིང་ལས་བཅས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས། ཞིང་ལས་ནི་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། འཚོ་སྡོད་དང་ལས་སྒྲུབ་ལ་འཚམས་པའི་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་དར་དང་ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ནུས་པ་ཇེ་ལེགས་སུ་བཏང་ནས། ཞིང་པའི་སོན་འདེབས་ཀྱི་སྐུལ་སློང་རང་བཞིན་ལ་སྲུང་སྐྱོབ་དང་ལེགས་སྤེལ་བྱེད་དགོས། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་རྒྱུན་རྣམ་ཅན་གྱི་སྒྲིག་གཞི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་དགོས།

དགུ། ཡུལ་ཁོངས་དཔལ་འབྱོར་གྱི་གནས་བབ་ལེགས་བསྒྱུར་བྱས་ནས། ཡུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

《གྲོས་གཞི》ལས་ནན་གྱིས་བསྟན་དོན། ཡུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་ངོས་ཀྱི་བླང་བྱ་ཞིག་ཡིན། ཡུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་འཐབ་ཕྱོགས་དང་ཡུལ་ཁོངས་ཀྱི་འཐབ་ཕྱོགས་གལ་ཆེན། གཙོ་གཟུགས་ཀྱི་ནུས་སྒོའི་ཁུལ་གྱི་འཐབ་ཕྱོགས། རྣམ་པ་གསར་བའི་གྲོང་རྡལ་ཅན་གྱི་འཐབ་ཕྱོགས་བཅས་སྣོན་བརྩེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཙོ་གཞིའི་ཐོན་སྐྱེད་ནུས་ཤུགས་ཀྱི་གནས་བབ་ལེགས་བསྒྱུར་དང་ཡུལ་ཁོངས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་དགོས་ལ། ལེགས་ཆ་གསབ་རེས་དང་སྤུས་ལེགས་འཕེལ་རྒྱས་ཀྱི་ཡུལ་ཁོངས་དཔལ་འབྱོར་གྱི་གནས་བབ་དང་རྒྱལ་ཁོངས་བར་སྟོང་གི་མ་ལག་སྒྲིག་འཛུགས་བྱེད་དགོས། ཡུལ་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་དགོས། ཡུལ་ཁོངས་ཀྱི་མཉམ་སྒུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁོངས་བར་སྟོང་གི་འཕེལ་རྒྱས་གནས་བབ་ལེགས་བསྒྱུར་བྱེད་དགོས། མི་རྩ་བར་འཛིན་པའི་རྣམ་གསར་གྱི་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ནས་ཞིང་ལས་སྤོ་བསྒྱུར་གྱི་མི་གྲངས་གྲོང་ཁྱེར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། རྒྱུན་སྡོད་ས་གནས་ནས་ཁྱིམ་ཐོ་འགོད་པར་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མཁོ་འདོན་བྱེད་དགོས། རྒྱ་མཚོའི་གསར་སྤེལ་དང་བེད་སྤྱོད་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས།

བཅུ། མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་ལ་སྐུལ་མ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་སུ་གཏོང་དགོས།

《གྲོས་གཞི》ལས་བསྟན་དོན། རིག་གནས་དར་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། མ་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་རིག་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས་པ་དང་། ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་རླབས་རྒྱུན་དང་བསྟུན་ནས། བསམ་བློའི་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་ཞིང་། བསམ་བློའི་འདུས་ཤུགས་ཆེན་པོ་ལྡན་པ། རིན་ཐང་གི་འགུག་ཤུགས་ཆེན་པོ། རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོ་ལྡན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་སུ་གཏོང་དགོས་ལ། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་བསྐྲུན་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། རིག་གནས་ལས་དོན་དར་རྒྱས་ཡོང་བར་ཤུགས་འདོན་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་སྤེལ་ནས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རིག་གནས་ཀྱིས་་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ནུས་པ་བསྩོལ་དགོས། ཀྲུང་ཧྭའི་ཤེས་རིག་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས།

བཅུ་གཅིག དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

<<གྲོས་གཞི>>ལས་ནན་གྱིས་བསྟན་དོན། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགོ་འཛུགས་ས་དང་རྐང་ཚུགས་ས་ཡིན། རང་ནུས་ཅི་ལྕོགས་དང་ནུས་པ་གང་ཡོད་ཀྱིས་་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀུན་ཕན་རང་བཞིན་དང་།རྨང་གཞིའི་རང་བཞིན།་མཐའ་སྐྱོང་རང་བཞིན་བཅས་ལྡན་པའི་དམངས་འཚོ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་།སྤྱི་ཚོགས་ཀྱི་འཁོར་རྒྱུག་ཐབས་ལམ་ཤར་གཏོང་ཐུབ་པ།་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།

སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ལས་ཞུགས་མཛའ་མཐུན་ཅན་གྱི་འཕེལ་རྒྱས་གཏོང་སྟངས་འཛུགས་དགོས། ཡོང་འབབ་བགོ་འགྲེམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་གཉེར་དགོས། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། ས་ཁང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།

མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་། དམངས་་ཡོངས་དང་མི་ཚེ་ཧྲིལ་བོ་་ཡོངས་སུ་ཁེབས་པའི་མི་འབོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། གཉེན་སྒྲིག་དང་ཕྲུ་གུ་སྐྱེ་གསོའི་ལེགས་ཕྱོགས་ཀྱི་ལྟ་བ་དར་སྤེལ་གཏོང་བ་དང་།་ཕྲུ་གུ་སྐྱེ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བསྔགས་སྐུལ་བྱེད་ཐབས་ལེགས་འགྱུར་བྱ་དགོས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་བྱེད་པ་ལག་བསྟར་བརྟན་པོ་བྱ་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

བཅུ་གཉིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་རིགས་བསྒྱུར་ཇེ་མགྱོགས་སུ་བཏང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་དགོས།

<<གྲོས་གཞི>>ལས་བསྟན་དོན། ལྗང་མདོག་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་རང་མདངས་་ཡིན། སྔོ་ལྗང་གི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་། ཐཱན་རྩེ་སོན་དང་ཐཱན་སྙོམས་སྦྱོར་སྣེ་སྟོན་དུ་བྱས་ཏེ་ཐཱན་ཉུང་དུ་གཏོང་བ་དང་།་སྦགས་བཙོག་ཉུང་དུ་གཏོང་བ།་ལྗང་མདོག་རྒྱ་སྐྱེད་གཏོང་བ།་འཕར་སྣོན་ཡོང་བ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་སྟེ་།་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ཇེ་ལེགས་སུ་གཏོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་བཟོ་སྐྲུན་གལ་ཆེན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ནུས་ཁུངས་མ་ལག་གསར་པ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས། ཐན་རྩེ་སོན་བརྟན་བརླིང་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་མངོན་འགྱུར་བྱེད་དགོས་། ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པ་བྱེད་དགོས་།

བཅུ་གསུམ།རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་་ཀྲུང་གོ་འཛུགས་སྐྲུན་བྱ་དགོས།

<<གྲོས་གཞི>>ལས་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་བསྟན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་དེ་སྤྱི་ཚོགས་སྐྱེ་སྟོབས་ལྡན་ཞིང་་གོ་རིམ་ཡོད་པ་་ཞིག་ཡོང་བའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས་། གཅིག་བསྡུས་གཅིག་གྱུར་དང་ལས་ཆོད་ཆེ་ཞིང་དབང་གྲགས་ལྡན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་འགོ་ཁྲིད་སྒྲིག་སྲོལ་སྲ་བརྟན་དུ་གཏོང་བ་དང་།་བདེ་འཇགས་ཀྱི་གནས་སྟངས་གསར་པ་་མགྱོགས་མྱུར་ངང་བཙུགས་སྟེ།་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་སྲུང་སྐྱོང་དང་གསར་སྐྲུན་གྱི་རང་འགུལ་ཆེ་རུ་གཏོང་་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་། དངོས་འཐབ་གོ་ཆོད་ཀྱི་་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱས་ཏེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་། དཔལ་འབྱོར་སྐྱོན་བྲལ་བརྟན་ལྷིང་།་མི་དམངས་བདེ་སྡོད་ལས་བརྩོན་སོགས་བདེ་འཇགས་གལ་ཆེན་མངོན་གསལ་དོད་པོས་འགན་ལེན་བྱས་ནས་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་། རྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་།་ཁྲིམས་ལྟར་བཅོས་སྐྱོང་།་ཕྱོགས་བསྡུས་བཅོས་སྐྱོང་།་འབྱུང་རྩ་ནས་བཅོས་སྐྱོང་བཅས་རྒྱུན་་འཁྱོངས་བྱས་ཏེ་།་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

བཅུ་བཞི། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

《གྲོས་གཞི》ལས་བསྟན་དོན། རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་འདེགས་སྐྱོར་ཡིན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཐབས་ལག་བསྟར་བྱེད་པ། ཏང་གི་མི་དམངས་དམག་དཔུང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གོ་རིམ་གསུམ་གྱི་འཐབ་ཇུས་ལྟར། ཆབ་སྲིད་དམག་འཛུགས་དང་བཅོས་སྒྱུར་དམག་དར། ཚན་རྩལ་དམག་སྟོབས། འཇོན་མིའི་དམག་སྟོབས། ཁྲིམས་ལྟར་དམག་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་། འཐབ་རྩོད་བྱེད་ཞོར་དང་དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་ཀྱིས་འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན། རིག་ནུས་ཅན་མཉམ་འདྲེས་འཕེལ་རྒྱས་ཡོང་བ་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས།  སྔོན་ཐོན་འཐབ་རྩོད་ནུས་པ་མྱུར་དུ་འཛུགས་སྐྲུན་བྱ་དགོས།དམག་དོན་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས།

བཅོ་ལྔ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་བྱས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་མངོན་འགྱུར་བྱ་ཆེད་འབད་འབུངས་བྱ་དགོས།

《གྲོས་གཞི》ལས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་སྲུང་ཡིན། ཏང་གི་རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་པར་བརྟེན་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་དགོས། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཤུགས་དྲག་ཏུ་གཏོང་བ་དང་། ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་རྐྱེན་སྲོལ་འཐུས་ཚང་བཏང་ནས། གོང་འོག་སྦྲེལ་མཐུད་དང་ནུས་ལྡན་ལག་བསྟར་ཐུབ་པར་ཁག་ཐེག་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་། ཚན་རིག་གི་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཁྲིམས་སྲུང་བཅས་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་དགོས། ཞང་ཀང་དང་ཨོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་བརླིང་ལ་སྐུལ་འདེད་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་མོར་སྐུལ་འདེད་གཏོང་དགོས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་བཏང་སྟེ། གོ་ལ་ཧྲིལ་བོའི་གྲོགས་པོའི་འབྲེལ་བའི་དྲ་རྒྱ་རྒྱ་བསྐྱེད་པ་དང་། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཡོངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་ལེགས་པོ་བྱ་དགོས།

《གྲོས་གཞི》ལས་མཇུག་མཐར་ནན་གྱིས་བསྟན་དོན། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་མཉམ་དུ་འབད་འཐབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གཏོད་དགོས།