མཐུན་སྒྲིལ་འབད་འཐབ་དང་བབ་བསྟུན་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་པར་མཐུན་སྒྲིལ་གྱི་སྟོབས་ཤུགས་ཕུལ།
ཁུངས། ཀློག་གྲངས། 16

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ་བཅས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་རྗེས་མའི་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ཁ་ཕྱོགས་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། མཐུན་སྒྲིལ་འབད་འཐབ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཚང་འཛོམས་གྲོས་ཚོགས་ཐོག་བྲིས་པའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དོན་དངོས་སུ་བསྒྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་མུ་མཐུད་དུ་བཏོད་དགོས།

ཚང་འཛོམས་གྲོས་ཚོགས་ལས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་བླངས་པར་ཚད་མཐོའི་གདེང་འཇོག་བྱས་ཤིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་གོམ་སྟབས་གསར་པར་སྤོས་ཡོད་པས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པ་མངོན་འགྱུར་བྱེད་པར་མགོ་ལེགས་པོ་བརྩམས། ཚང་མས་གཅིག་མཐུན་སྒོས་གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད་པར་འདོད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་ཞུགས་སྐུལ་འདེད་སིའི་སི་ཀྲང་སུང་ཞིན་གྱིས་བཤད་རྒྱུར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ལས་འགན་ལ་གདོང་གཏད་དེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡངས་ཤིང་རྒྱ་ཆེ་བའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་སྟོབས་ལྡན་གྱི་འཐབ་ཇུས་ངེས་ཤུགས། ཚད་མཐོའི་འཐབ་ཇུས་ཀྱི་ཇུས་འགོད་བཅས་ལ་བརྟེན་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་སྣེ་ཁྲིད་དེ་དཀའ་ཁག་ལ་མི་འཛེམ་པར་འབད་འཐབ་མདུན་བསྐྱོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་། ལག་ལེན་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ཀྱིས་ང་ཚོས་ཉེན་ཁ་སྣ་ཚོགས་ལ་གདོང་གཏད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ར་སྤྲོད་བྱས།

ཞིང་ལས་ཞིང་སྡེ་པུའུ་ཞིང་སྡེ་འཛུགས་སྐྲུན་སྐུལ་འདེད་སིའི་སི་ཀྲང་ཡན་ཏུང་ཆོན་གྱིས་བཤད་རྒྱུར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་མར་རྨང་གཞི་བརྟན་པོ་འདིང་བ་དང་མགོ་ལེགས་པོ་རྩོམ་ཐུབ་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་ཁྲིད་སྟོན་བྱེད་པར་རག་ལས་ཡོད། འདི་ནི་ང་ཚོའི་ཆེས་ཆེ་བའི་གདིང་ཤུགས་ཡིན། ང་ཚོས་“གཏན་འཁེལ་གཉིས་”ལ་མཐའ་གཅིག་ཏུ་གོང་བཀུར་དང་།  “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་སྟེ།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི“ཞིང་གསུམ་”བྱ་བའི་དམིགས་འབེན་གཙོ་བོ་དང་འཐབ་ཇུས་ལས་འགན་ལ་དམིགས་ནས་ཕན་འབྲས་ལྡན་པའི་སྒོ་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་ལེའུ་གསར་པ་འབྲི་དགོས།

ཚང་འཛོམས་གྲོས་ཚོགས་ལས་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་བསྟན། ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་《གྲོས་གཞིའི》ནང་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་གནས་ཕྱོགས་ཁོང་དུ་ཆུད་དེ། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲིད་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ་གསལ་བོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་འཆར་འགོད་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧུའུ་ཝུའུ་ཅེ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད་པ་ནི་ང་ཚོས་འཐབ་ལམ་གསར་བའི་སྟེང་གི་འགྱུར་ལྡོག་དང་རྣམ་པ་གསར་པ་གཏོད་པའི་ཚན་རིག་དང་མཐུན་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ལེགས་པོ་བྱ་རྒྱུ་དེ་དེང་ཕྱིན་གྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྣམ་པ་གསར་པ་གཏོད་ཆེད་རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་སྟོབས་ཤུགས་འབུལ་དགོས།

ཆུ་བེད་པུའུ་འཆར་འགོད་སིའི་སི་ཀྲང་གཞོན་པ་ཝང་ཅིའུ་ཏཱ་ཡིས་བཤད་རྒྱུར།

《གྲོས་གཞི》ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་དང་རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་གསལ་བོ་བྱས་པ་ནི་ང་ཚོའི་ཏང་གིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡིན་ལ། མར་ཁེ་སིའི་རིང་ལུགས་བདེན་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆའང་ཡིན། 

ཀྲུང་གོ་མི་དམངས་དངུལ་ཁང་དངུལ་ལོར་སྲིད་ཇུས་སི་ཡི་འགན་ཁུར་པ་ཞེ་ཀོང་ཆི་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྩ་བའི་སྲུང་བྱ་མཁོ་འདོན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་བའི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དངུལ་རྩའི་ཐོན་ཁུངས་སྔར་ལས་མང་བ་འཐབ་ཇུས་གལ་ཆེན་དང་། ཁྱབ་ཁོངས་གཙོ་བོ། ལྷུ་ཚིགས་ཞན་ས་བཅས་སུ་གཏོང་བར་ཁྲིད་སྟོན་བྱ་དགོས་ཤིང་། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས།

འཆར་འགོད་ཀྱིས་མི་རྣམས་ལ་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བ་དང་། དངོས་སྒྲུབ་ཀྱིས་བྱ་གཞག་རླབས་པོ་ཆེ་བསྐྲུན་དགོས། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བའི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ལ་འགན་ལེན་ཏན་ཏིག་བྱ་དགོས་པར་བསྟན།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་འཆར་འགོད་སི་ཡི་འགོ་གཙོ་ཡའོ་ཅོན་གྱིས་བཤད་རྒྱུར།

ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བཟོ་ལས་ཅན་གསར་པ་མངོན་འགྱུར་བྱ་བའི་འགག་རྩའི་ལས་འགན་འདིར་དམིགས་ནས།  སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་དངོས་པོའི་ལག་རྩལ་གྱི་རྨང་གཞི་སྟོབས་ལྡན་བསྐྲུན་དགོས།

ཚོང་དོན་པུའུ་ཞབས་ཞུའི་ཉོ་ཚོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་སི་ཡི་འགོ་གཙོ་ཁུང་ཏེ་ཅུན་གྱིས་བཤད་རྒྱུར།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་བྱས་ནས། ང་ཚོས་འཛད་སྤྱོད་འཕར་བར་བྱ་རྒྱུའི་སྐོར་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། བྱེད་སྟངས་གསར་པ། ཡུལ་ལྗོངས་གསར་པ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་གསོ་སྐྱོང་གང་མགྱོགས་བྱས་ཏེ། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་འཛད་སྤྱོད་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱ་ངེས།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཕྱོགས་བསྡུས་འཆར་འགོད་སི་ཡི་འགོ་གཙོ་གཞོན་པ་ཅིན་ཅིང་ཏུང་གིས་བཤད་རྒྱུར།

ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། གཞི་གཅིག་ཅན་གྱི་མཉམ་འདྲེས་དང་། བདེ་འཇགས་ཅན་གྱི་མཐོར་འདེགས། རིག་ནུས་ཅན་གྱི་རིམ་སྤར། ལྗང་མདོག་ཅན་གྱི་ཕྱོགས་བསྒྱུར་གྱིས་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་རྒྱུ་ཡིན།

ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཞུས་ཧྲི་ཏིན་གྱིས་བཤད་རྒྱུར།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་དེར་དམ་པོར་དམིགས་ཏེ། ལས་བཟོ་པ་དང་མང་ཚོགས་དུང་ཕྱུར་མང་པོས་ལས་གནས་ལ་རྐང་ཚུགས་ནས་བྱས་རྗེས་འཇོག་པར་རྩ་འཛུགས་དང་སྐུལ་སློང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་དགོས།

གུང་གཞོན་ཚོགས་པ་ཀྲུང་དབྱང་གི་ན་གཞོན་ལོ་ཆུང་ཁེ་དབང་སྲུང་སྐྱོང་པུའུ་ཡི་འགོ་གཙོ་ཐང་ཅེ་ཡིས་བཤད་རྒྱུར།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རླབས་པོ་ཆེ་ནི་དུས་རབས་གསར་པའི་ན་གཞོན་གྱི་གར་སྟེགས་ཆེན་པོ་ཞིག་ཡིན་ཞིང་། མིག་སྔར་གུང་གཞོན་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་བཞིན་ཡོད། སྔར་ལས་ལྷག་པའི་སྒོ་ནས་ན་གཞོན་ཚོ་མཐུན་སྒྲིལ་ཡོང་བ་དང་། རྩ་འཛུགས་བྱེད་པ། སྐུལ་སློང་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་དུ་ལང་ཚོའི་སྒུལ་ཤུགས་སྣོན་དགོས།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱིམ་ཚང་དང་བྱིས་པའི་ལས་དོན་པུའུ་ཡི་འགོ་གཙོ་ཞུས་ཞོས་ཀྱིས་བཤད་རྒྱུར།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་བགྲོད་ལམ་གསར་པའི་སྟེང་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་ཡིན། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཏན་ཏིག་བྱེད་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཟམ་པ་དང་སྒྲོག་ཐག་གི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།

རང་བྱུང་ཐོན་ཁུངས་པུའུ་གཞུང་དོན་ཐིན་གྱི་ཀྲུའུ་རིན་ཏུའུ་ཀོན་ཡུན་གྱིས་བཤད་རྒྱུར།

ང་ཚོས་ལག་བསྟར་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བྱས་ནས་རང་བྱུང་ཐོན་ཁུངས་བདེ་འཇགས་དང་། ཕན་འབྲས་ཆེ་བ། རྒྱུན་མཐུད་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག ང་ཚོས་དམངས་སེམས་གཅིག་ཏུ་བསྒྲིལ་ནས་མདུན་དུ་སྐྱོད་པའི་ཁྲོད་ཀྱི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་མུ་མཐུད་དུ་བསྐྲུན་རྒྱུ་ཡིན།