ཀྲུང་གོའི་དཔལ་ཡོན་ཡུལ་སྲོལ་ཚོགས་ཆེན་ཡན་ཨན་དུ་འཚོགས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

ཟླ10པའི་ཚེས29ཉིན། ཀྲུང་གོའི་དཔལ་ཡོན་ཡུལ་སྲོལ་ཚོགས་ཆེན་ཡན་ཨན་དུ་འཚོགས།

ཚོགས་ཞུགས་འཐུས་མི་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྲོལ་དཔལ་ཡོན་ནི་གྲོང་གསེབ་དར་སྤེལ་གྱི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཡིན་པ་ནན་གྱིས་བསྟན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་དེ་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོའི་ཁྲོད་བཞག་ཡོད་སྟབས།  ལས་གཞི་མང་པོའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་དར་སྤེལ་གཏོང་དགོས་པ་དང་། དཔལ་ཡོན་ཡུལ་སྲོལ་དང་ཁྱིམ་སྲོལ་བཟང་པོ། བབ་ཆགས་ཀྱི་དམངས་སྲོལ་བཅས་གསོ་སྐྱོང་བྱས་ཏེ། ཞིང་སྡེ་དཔལ་ཡོན་གྱི་རྣམ་པ་གསར་པ་གཏོད་དགོས།

ཐེངས་འདིའི་ཚོགས་ཆེན་གྱིས“དཔལ་ཡོན་གྱིས་ཞིང་སྡེ་སྔར་ལས་མཛེས་སྡུག་ལྡན་པར་བཏང་”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་དང་ཞིང་ལས་ཞིང་སྡེ་པུའུ། ཀྲུང་གུང་ཧྲའན་ཞི་ཞིང་ཆེན་ཏང་ཨུ། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་སྒོས་གཙོ་སྒྲུབ་བྱས།