
ཟླ10པའི་ཚེས30ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་ང་གཉིས་པ་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དུ་བརྒྱུད་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལི་མེན་གྱིས་འགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་ཀྲང་ཧོང་ཡོན། ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་དང་ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་ཡོངས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་སྐབས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལངས་ཏེ། སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དང་དངོས་འབེབས་དམ་འཛིན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོས་བསམ་བློའི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་དགོས། སློབ་སྦྱོང་གསོ་སྦྱོང་དམ་འཛིན་བྱས་ཏེ། གཅིག་བསྡུས་སྒྲོག་འགྲེལ་གཏིང་ཟབ་ཏུ་སྤེལ་བ་དང་། གསར་འགྱུར་དྲིལ་སྒྲོག་དང་གཞུང་ལུགས་ཞིབ་འཇུག་རྩ་འཛུགས་ཞིབ་ཚགས་བྱེད་པ། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། བསམ་བློའི་རང་རྟོགས་མཐོན་པོས་ཁྲིམས་ལྟར་འགན་སྒྲུབ་ཁེ་དབང་སྤྱོད་པ་དང་། དམངས་ཆེན་གྱི་ཁག་ཁུར་མངོན་གསལ་དུ་གཏོང་དགོས། ཆབ་སྲིད་ཀྱི་འདེགས་སྐྱོར་ཤུགས་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་དངོས་འབྲས་ཇེ་དྲག་ཏུ་གཏོང་བ། འཐུས་མིའི་བྱེད་ནུས་འདོན་སྤེལ་བྱེད་པ། ལས་ཁུངས་བཞི་འཛུགས་སྐྲུན་བྱེད་པའི་སྟེང་ལག་བསྟར་དང་དངོས་འབེབས་དམ་འཛིན་བྱས་ཏེ། ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་བཅས་དམངས་ཆེན་གྱི་བྱ་བའི་ཁྲོད་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ནུས་ལྡན་སྒོས་ལག་ལེན་དུ་བསྟར་བར་འགན་ལེན་བྱེད་དགོས། རང་རྟོགས་མཐོན་པོས་དམིགས་འབེན་ལས་འགན་ཡོངས་འགྲུབ་དང་དམངས་ཆེན་གྱི་བྱེད་ཕྱོགས་མངོན་པར་བྱེད་དགོས། གཙོ་གནད་གཅིག་དང་འཆར་འགོད་གསུམ་སྤུས་ཚད་མཐོ་བའི་སྒོ་ནས་གཏན་འབེབས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་གྲ་སྒྲིག་བྱེད་པ། རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་བྱ་བར་སྔ་མོ་ནས་འཆར་འགོད་བྱས་ནས། ཕན་འབྲས་མཐོ་བའི་ལས་སྒྲུབ་ངར་ཤུགས་ལ་བརྟེན་ནས་སང་ལོའི་བྱ་བའི་འགོ་ཡག་པོ་ཞིག་རྩོམ་པར་ཁག་ཐེག་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།