ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཝང་ཀྲི་ཆིང་སོགས་ལ་བཞུགས་མོལ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

ཟླ10པའི་ཚེས30ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཝང་ཀྲི་ཆིང་སོགས་ལ་བཞུགས་མོལ་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཝང་ཀྲི་ཆིང་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱེད་སྐབས། ཁོ་ཚོས་བཤད་རྒྱུར། དེང་སྐབས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་ཀྱིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་རླངས་ཆེན་གྱི་འཆར་འགོད་ལྟར། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། ཧུར་བརྩོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བཞིན་ཡོད། མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་ལ། ཐོན་ཁུངས་དང་ནུས་ཁུངས་ཕུན་སུམ་ཚོགས་པས། མཁའ་འགྲུལ་ལས་རིགས་འཕེལ་རྒྱས་གཏོང་བའི་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན།  ཕྱོགས་གཉིས་ཀྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་།  མཁའ་འགྲུལ་དངོས་སྐྱེལ། འགྲུལ་སྐྱེལ་དང་དངོས་སྐྱེལ་མཉམ་སྦྲེལ། མཁའ་འགྲུལ་ཐོན་ལས་འཕེལ་རྒྱས། ད་ཡོད་ཀྱི་ལམ་ཐིག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་གོ་སྐབས་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོ་བྱེད་པ་དེ་གོ་སྐབས་སུ་བྱས་ནས། གཙོ་གནད་ཐོན་ལས་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད།

ཝང་ཀྲི་ཆིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་ངོ་མང་པོའི་རིང་ཤར་ཕྱོགས་མཁའ་འགྲུལ་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་དུ་གཞི་ཚུགས་ནས་ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོས་མཐུན་དོན་འཁྱོལ་ཡག་པོ་བྱ་རྒྱུར་གཞོལ་བཞིན་ཡོད།  “ལོ་ལྔའི་འཆར་གཞི་བཅོ་ལྔ་པར”ཁ་ཕྱོགས་ནས།    ཤར་ཕྱོགས་མཁའ་འགྲུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁ་ཕྱོགས་གསལ་བར་བྱེད་པ་དང་ངེས་གནས་བཙལ་བ། འཕེལ་རྒྱས་ལ་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་བར་སྣང་གི་བརྒྱུད་ལམ་ཆེན་མོ་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས། སྐྱོད་ལམ་གསར་པའི་སྟེང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་སྒོ་འབྱེད་ལས་དོན་འཕེལ་རྒྱས་སུ་གཏོང་ཆེད་ཤར་ཕྱོགས་མཁའ་འགྲུལ་གྱི་ནུས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཀྲང་ཅིན་ཀང་དང་ཀྲུའུ་ཞང་ཧྥུན་བཞུགས་མོལ་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།