
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཁྲུང་ཆིང་དང་ཀོང་ཏུང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་པར་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བརྗེ་རེས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཇེ་ཟབ་དང་ལག་ལེན་ཅན་དུ་སྐུལ་འདེད་བཏང་།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡོན་ཅ་ཅུན་གྱིས་ཚེས30ཉིན་ཁྲུང་ཆིང་དུ་སྒྲོག་འགྲེལ་སྙན་ཞུ་བྱས། ཡོན་ཅ་ཅུན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་དགོས་པ་སོགས་ཁྲུང་ཆིང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་འཆད་འགྲེལ་དང་གསལ་འགྲེལ་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡོན་ཅ་ཅུན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཡང་དག་པའི་མཛུབ་ཁྲིད་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་དང་མི་དམངས་ཀྱིས་དྲག་ཆར་རླུང་འཚུབ་དང་ཐ་ན་རླབས་སྐྱོམ་མཚོ་འཕྱུར་ལ་གདོང་གཏོད་པའི་དཔའ་གདེང་མཐོན་པོ་དང་འགན་ལེན་ཆེན་པོ། རྒྱབ་བརྟེན་གལ་ཆེན་བཅས་ཡིན་པ་ལག་ལེན་གྱིས་ར་སྤྲོད་གང་ལེགས་བྱས་ཡོད།
ཡོན་ཅ་ཅུན་གྱིས་ད་དུང་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བཞུགས་མོལ་བརྗེ་རེས་བྱས་ཤིང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་སྟེ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་སོགས་ཀྱི་གནད་དོན་དང་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མིང་གིས་ཚེས31ཉིན་ཀོང་ཀྲོའུ་རུ་སྒྲོག་འགྲེལ་སྙན་ཞུ་བྱས། ཧོང་ཁུན་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་གཞི》དམིགས་སུ་བཟུང་སྟེ། ཚད་མི་འདྲ་བའི་ཐོག་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་གསལ་འགྲེལ་བྱས་པར་མ་ཟད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་འགྲེལ་བཤད་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག འདས་པའི་ལོ་ལྔའི་རིང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གོམ་སྟབས་བརྟན་པོ་གསར་བ་ཞིག་སྤོས་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་གོམ་ཞེང་ཆེན་པོ་མདུན་དུ་སྤོས་པ། མི་རིགས་བསྐྱར་དར་གྱི་གནས་བབ་འགོག་ཐབས་མེད་པ་བཅས་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས“གཏན་ཕབ་གཉིས”མཐའ་གཅིག་ཏུ་སྲུང་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས།