ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་སྐབས་སུ་གདན་ཞུས་ལྟར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་སྐབས་སུ་གདན་ཞུས་ལྟར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན།   ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན།  ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་ཡུན་རིང་སྐྱོན་བྲལ་དང་བརྟན་བརླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱི་རེ་འདུན་དང་མཐུན།  ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་ལས་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་ལྟར། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོང་བྱས་ནས།  འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་འཛུགས་སྐྲུན་རང་བཞིན་དང་བརྟན་བརླིང་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུར་ཤུགས་སྣོན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  མིག་སྔར་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། འཇར་པན་གྱི་རྒྱལ་སྲིད་ལས་ཁུངས་གསར་བས་ཀྲུང་གོར་རྒྱུས་ལོན་ཡང་དག་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་མཁས་ཅན་རྒན་རབས་དང་ལས་རིགས་ཁག་གི་མི་སྣས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་སེམས་ཤུགས་དང་འབད་བརྩོན་བྱས་པར་བརྩི་མཐོང་བྱས་ཏེ།  ཀྲུང་གོ་དང་འཇར་པན་གྱི་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པའི་རེ་བ་བྱེད་བཞིན་ཡོད།  གཅིག་ནས་ཐུན་མོང་ངོས་འཛིན་གལ་ཆེན་དམ་སྲུང་བྱེད་དགོས། “འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ”དང་། “ཕན་ཚུན་མཉམ་ལས་ཀྱི་གྲོགས་པོར་བརྩི་བ། ཕན་ཚུན་འཇིགས་སྐུལ་མི་བྱེད་པ། ”“ལོ་རྒྱུས་མེ་ལོང་དུ་འཛིན་པ། མ་འོངས་པར་ཁ་ཕྱོགས་པ”སོགས་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་ལས་ལོ་རྒྱུས་དང་ཐའེ་ཝན་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་བཟོས་པའི་གཏན་འབེབས་གསལ་པོ་བརྩི་སྲུང་དང་ལག་བསྟར་བྱས་ནས།  ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་གཞི་རྩར་མི་གནོད་པ་དང་གཡོ་འགུལ་མི་ཐེབས་པར་ཁག་ཐེག་བྱ་དགོས། “ཚུན་ཧྲན་གླེང་མོལ”གྱིས་འཇར་པན་གྱི་བཙན་འཛུལ་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱས་པར་མ་ཟད། གནོད་འཚེ་ཕོག་པའི་རྒྱལ་ཁབ་ལ་དགོངས་དག་ཞུས་པའི་སྙིང་སྟོབས་འདི་དར་སྤེལ་གཏོང་འོས།  གཉིས་ནས་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དང་། ཀྲུང་གོ་དང་འཇར་པན་བར་གྱི་མཉམ་ལས་ལ་བར་སྟོང་རྒྱ་ཆེན་པོ་ཡོད། ཀྲུང་གོ་དང་འཇར་པན་གྱིས་རྩེར་སོན་བཟོ་སྐྲུན་དང་གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ནོར་སྲིད་དངུལ་རྩ། སྨན་བཅོས་རྒན་གསོ། ཕྱོགས་གསུམ་པའི་ཁྲོམ་ར་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས།  ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་ཐོན་ལས་མཁོ་སྤྲོད་ཕྲེང་སྦྲེལ་གེགས་མེད་ཡོང་བར་མཉམ་དུ་སྲུང་སྐྱོང་བྱ་དགོས། གསུམ་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་གཞུང་དང་སྲིད་ཏང་། ཁྲིམས་འཛུགས་ལས་ཁུངས་སོགས་ཀྱི་འབྲེལ་གཏུག་གི་རྒྱུན་མཐུད་པ་དང་། མི་གཞུང་དང་ས་གནས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་དམངས་ཀྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་དགོས། བཞི་ནས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་དགོས།  ཁྱིམ་མཚེས་མཛའ་མཐུན་དང་འདྲ་མཉམ་གཉིས་ཕན། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་།  ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་འགལ་བ་དོ་དམ་ཚོད་འཛིན་འོས་འཚམ་བྱ་དགོས། སྤྱི་ཡོངས་ལ་དམིགས་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག   མཐུན་པ་གཅིག་སྡུད་དང་མི་མཐུན་པ་སེལ་ཐབས་བཅས་བྱས་ནས་འགལ་ཟླ་དང་མི་མཐུན་པའི་ཆ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཚན་ཉིད་དུ་འཇོག་མི་རུང་།

ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་སྐབས་སུ་གདན་ཞུས་ལྟར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ལ་མཇལ་འཕྲད་གནང་།

ཀའོ་ཧྲི་ཙའོ་མེའོ་ཡིས་བསྟན་དོན།  ཀྲུང་གོ་ནི་འཇར་པན་གྱི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀས་ས་ཁུལ་དང་འཛམ་གླིང་ཞི་བདེ་དར་རྒྱས་ཡོང་བར་འགན་འཁྲི་གལ་ཆེན་འཁུར་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། རིམ་པ་ཁག་གི་བརྗེ་རེས་ཇེ་ཟབ་དང་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་གཉིས་ཕན་འབྲེལ་བར་སྐུལ་སྤེལ་ནན་མོ་བྱས་ཏེ། འཛུགས་སྐྲུན་རང་བཞིན་དང་བརྟན་འཇགས་ཀྱི་འཇར་པན་དང་ཀྲུང་གོའི་འབྲེལ་བ་འཛུགས་འདོད་ཡོད། ཐའེ་ཝན་གནད་དོན་ཐད། འཇར་པན་གྱིས་1972ལོའི་འཇར་པན་དང་ཀྲུང་གོའི་མཉམ་འབྲེལ་གསལ་བསྒྲགས་ཁྲོད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱ་ངེས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་མཇལ་འཕྲད་ལ་ཞུགས།