

ས་དེའི་དུས་ཚོད་ཟླ10ཚེས31ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་རིམ་དང་པོའི་གྲོས་ཚོགས་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་ཧི་པེ་གྲོས་ཚོགས་ལྟེ་གནས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད། མཚན་བྱང་ལ《ཀུན་ཕན་ཁོད་ཡངས་ཀྱི་སྒོ་འབྱེད་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་སྐྲུན་བྱེད》ཅེས་པའི་གསུང་བཤད་གལ་ཆེན་གནང་།
ས་དེའི་དུས་ཚོད་ཟླ10ཚེས31ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་རིམ་དང་པོའི་གྲོས་ཚོགས་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་ཧི་པེ་གྲོས་ཚོགས་ལྟེ་གནས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད། མཚན་བྱང་ལ《ཀུན་ཕན་ཁོད་ཡངས་ཀྱི་སྒོ་འབྱེད་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་སྐྲུན་བྱེད》ཅེས་པའི་གསུང་བཤད་གལ་ཆེན་གནང་།

ས་དེའི་དུས་ཚོད་ཟླ10ཚེས31ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་རིམ་དང་པོའི་གྲོས་ཚོགས་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་ཧི་པེ་གྲོས་ཚོགས་ལྟེ་གནས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད། མཚན་བྱང་ལ《ཀུན་ཕན་ཁོད་ཡངས་ཀྱི་སྒོ་འབྱེད་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་སྐྲུན་བྱེད》ཅེས་པའི་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་ཚོགས་རར་འབྱོར་སྐབས། ལྷོ་ཁོ་རེའི་ཡའི་སྲིད་འཛིན་ལི་ཙའེ་མིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་གནང་།
ཞི་ཅིན་ཕིང་ཚོགས་རར་འབྱོར་སྐབས། ལྷོ་ཁོ་རེའི་ཡའི་སྲིད་འཛིན་ལི་ཙའེ་མིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་གནང་།
ཞི་ཅིན་ཕིང་གིས་གསུང་བཤད་ལས་བསྟན་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ30ལྷག་གི་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྣེ་ཁྲིད་དེ་འཛམ་གླིང་གི་སྒོ་འབྱེད་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འཛམ་གླིང་དཔལ་འབྱོར་གྱི་གསོན་ཤུགས་ཆེན་པོ་ལྡན་པའི་ས་ཁུལ་དུ་འགྱུར་བར་རམ་འདེགས་བྱས། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་ཐད་བརྟན་རླིང་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། དཀའ་ངལ་ཇི་ལྟར་ཆེ་ན་དེ་ལྟར་སྐྱིད་སྡུག་མཉམ་མྱོང་བྱེད་དགོས། ཕྱོགས་སོ་སོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐོག་མའི་དམ་བཅའ་བརྟན་སྲུང་བྱེད་དགོས་ལ། སྒོ་འབྱེད་འཕེལ་རྒྱས་ཁྲོད་གོ་སྐབས་མཉམ་སྤྱོད་དང་མཉམ་རྒྱལ་མངོན་འགྱུར་རྒྱུན་འཁྱོངས་བྱས་ཏེ། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་སྐལ་གཅིག་མཐུན་ཚོགས་པ་སྒྲིག་འཛུགས་བྱ་དགོས།

ས་དེའི་དུས་ཚོད་ཟླ10ཚེས31ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་རིམ་དང་པོའི་གྲོས་ཚོགས་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་ཧི་པེ་གྲོས་ཚོགས་ལྟེ་གནས་སུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད། མཚན་བྱང་ལ《ཀུན་ཕན་ཁོད་ཡངས་ཀྱི་སྒོ་འབྱེད་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་སྐྲུན་བྱེད》ཅེས་པའི་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་གྲོས་གཞི་ལྔ་བཏོན་པ་སྟེ། གཅིག་ནས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱ་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ཏུ་བསྟར་ནས། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་དབང་ཟིལ་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས་ལ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དུས་བསྟུན་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྔར་ལས་འགན་སྲུང་ལེགས་པོ་བྱ་དགོས། གཉིས་ནས་སྒོ་འབྱེད་རྣམ་པའི་ས་ཁོངས་ཀྱི་དཔལ་འབྱོར་ཁོར་ཡུག་མཉམ་སྐྲུན་བྱ་དགོས། ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ནོར་སྲིད་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱ་དགོས་ལ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། ཕན་ཚུན་སྦྲེལ་མཐུད་དང་མཉམ་འདྲེས་མཉམ་སྐྱོད་ལ་སྐུལ་འདེད་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས། གསུམ་ནས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་བརླིང་ཤར་གཏོང་ལ་མཉམ་དུ་སྲུང་སྐྱོང་བྱ་དགོས། “ལག་གདང་སྦྲེལ་བ”རྒྱུན་འཁྱོངས་བྱེད་པ་ལས“ལག་གདང་གློད་མི་རུང་ལ།”“ཕྲེང་སྦྲེལ་བསྲིངས”པ་ལས“ཕྲེང་སྦྲེལ་གཅོད་མི་རུང་བར། ཁེ་ཕན་གྱི་མཐུན་ཆ་སྔར་བས་མང་པོ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས། མཁོ་སྤྲོད་ཕྲེང་སྦྲེལ་གྱི་སྒོ་འབྱེད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས། ཕྲེང་སྦྲེལ་གྱི་བྱ་བ་ཟམ་མི་ཆད་པར་ལེགས་པར་སྒྲུབ་པ་དང་ཞིབ་མོར་བསྒྲུབ་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྒོ་འབྱེད་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས། བཞི་ནས་ཉོ་ཚོང་གཞི་གྲངས་ཅན་དང་ལྗང་མདོག་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་དགོས། གཞི་གྲངས་ལག་རྩལ་གྱིས་རྒྱལ་ཁོངས་ལས་བརྒལ་བའི་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལྗང་མདོག་གི་བཀག་རྒྱ་སྣ་ཚོགས་སེལ་ནས། ལྗང་མདོག་ཐོན་ལས་དང་ནུས་ཁུངས་གཙང་མ། ལྗང་མདོག་གཏེར་ཐོན་བཅས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། ལྔ་ནས་ཀུན་ཕན་དཀྱེལ་ཡངས་ཀྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་དོ་སྙོམས་མིན་པའི་གནད་དོན་ཐག་གཅོད་དགོས་ལ། དཔལ་འབྱོར་འཛམ་གླིང་ཅན་སྔར་བས་ཁོད་ཡངས་དང་སྔར་བས་རྒྱུན་མཐུད་ཆོག་པར་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་དམངས་ཡོངས་ལ་ཕན་ཁེ་བསྐྲུན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་ལས་བྱས་ནས་“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་ཁག་དང་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་བྱེད་པར་གཞོལ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ལས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་སྐོར་གྱི་གྲོས་གཞིར་གྲོས་འཆམ་བྱུང་། ཀྲུང་གོའི་ཕྱོགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ལ། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་ངེས།
ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མིང་གིས་ཚོགས་འདུར་འགོ་འཛིན་བྱས་ཤིང་། རྒྱུན་མཐུད་ཆོག་པའི་མ་འོངས་འཛུགས་སྐྲུན་བྱེད་ཅེས་པ་ཚོགས་འདུའི་བརྗོད་དོན་གཙོ་བོ་ཡིན།
ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།