

ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་སྐབས་སུ་ཁ་ན་ཏའི་ཙུང་ལི་ཁ་ཉི་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་སྐབས་སུ་ཁ་ན་ཏའི་ཙུང་ལི་ཁ་ཉི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཁ་ན་ཏའི་རྒྱལ་ཁབ་གཉིས་ཀས་འབྲེལ་བ་བཙུགས་ནས་ལོ་55འཁོར་བ་དང་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་ལོ་རེད། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་སླར་གསོ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། འདི་ནི་རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ཀྱིས་དངོས་དོན་གཉེར་བ་དང་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཇེ་བཟང་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྣམ་འགྱུར་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཁ་ན་ཏ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཐེངས་འདིའི་ཐུག་འཕྲད་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་སྔ་མོ་ནས་སྐྱོན་བྲལ་དང་བརྟན་བརླིང་། རྒྱུན་མཐུད་བཅས་ཀྱི་ཡང་དག་པའི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཁ་ན་ཏ་ཕྱོགས་གཉིས་ཀས་དངོས་ཡོད་དང་མཐུན་པའི་ངོས་འཛིན་ཆགས་པར་བྱས་ནས། ཕན་ཚུན་ལ་ལྟ་སྟངས་ཡང་དག་པ་འཛིན་པ་དང་། རྒྱལ་ཁབ་གཉིས་ཀའི་ཐུན་མོང་དང་ཡུན་རིང་གི་ཁེ་ཕན་ལ་དམིགས་ཏེ། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དགོས། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་ལས་རིགས་ཁག་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་འབྲེལ་བའི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་དགོས།

ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་སྐབས་སུ་ཁ་ན་ཏའི་ཙུང་ལི་ཁ་ཉི་ལ་མཇལ་འཕྲད་གནང་།
ཁ་ཉི་ཡིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ་ང་ལྔ་འགོར་བའི་རིང་ལ། ཁ་ན་ཏ་དང་ཀྲུང་གོའི་བར་དུས་ཡུན་རིང་པོར་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཁ་ན་ཏའི་སྲིད་གཞུང་གསར་པས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་བསྐྱར་དུ་འཚོལ་རྒྱུ་དང་། དུས་ཚོད་བཙལ་ནས་ཕྱོགས་གཉིས་ཀའི་མཉམ་ལས་བསྐྱར་དུ་འགོ་བཙུགས་ནས། དངོས་དོན་གཉེར་བ་དང་འཛུགས་སྐྲུན་རང་བཞིན་གྱི་རྣམ་པའི་སྟེང་ནས་ཁ་ན་ཏ་དང་ཀྲུང་གོའི་འབྲེལ་བའི་ཐད་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་བའི་རེ་བ་བཅངས་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། ཞིང་ལས་དང་ནུས་ཁུངས། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་ཡོང་བ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་པོ་བསྐྲུན་འདོད་ཡོད། རྒྱལ་སྤྱིའི་ལས་དོན་ཁྲོད། ཁ་ན་ཏ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་འདུ་ཤེས་ཉེ་མཚུངས་ཡིན་པས་མཉམ་ལས་ལ་ཤུགས་བསྣན་ཆོག་ལ། མཉམ་དུ་ཕྱོགས་མང་རིང་ལུགས་ལག་བསྟར་དང་རང་མོས་ཉོ་ཚོང་སྲུང་སྐྱོང་བྱས་ནས། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས།
ཕྱོགས་གཉིས་ཀས་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་སླར་གསོ་བྱ་རྒྱུ་དང་། ཕན་ཚུན་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། འཕེལ་ཕྱོགས་ཇེ་བརྟན་དུ་བཏང་ནས་ཀྲུང་གོ་དང་ཁ་ན་ཏའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བར་མོས་མཐུན་བྱུང་།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།