

ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་པའི་སྐབས་སུ་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིན་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་པའི་སྐབས་སུ་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་འབྲེལ་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐེ་ལན་གཉིས་ནི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། གཉེན་ཉེ་བཟང་པོ། སྤུན་ཟླ་བཟང་པོ་ཡིན། 2022ལོའི་ཟླ11པར་ངས་ཐེ་ལན་ལ་འཚམས་འདྲི་བྱས། ཀྲུང་གོ་དང་ཐེ་ལན་གྱི་འབྲེལ་བ་ལས་སྐལ་གཅིག་མཐུན་ཚོགས་པའི་དུས་མཚམས་གསར་པར་སླེབས་ཤིང་། རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་རྨང་གཞི་དེ་བས་བརྟན་པ་དང་མཉམ་ལས་ཀྱི་སྒུལ་ཤུགས་སྔར་ལས་ཆེ་བ་ཡོད། ད་ལོ་ནི་ཀྲུང་གོ་དང་ཐེ་ལན་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་དང་“ཀྲུང་གོ་དང་ཐེ་ལན་ནི་འབྲེལ་བ་ཆེས་ལེགས་པའི་ལོ50”ཡིན། འགོ་རྩོམ་ས་གསར་བའི་སྟེང་། ཕྱོགས་གཉིས་ཀྱིས་སྔར་གྱི་སྲོལ་བཟང་རྒྱུན་འཛིན་དང་མ་འོངས་བར་མཉམ་དུ་གདོང་གཏད་ནས། ཀྲུང་གོ་དང་ཐེ་ལན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱས་ཏེ། ས་ཁུལ་ཞི་བདེ་བརྟན་འཇགས་དང་གོང་འཕེལ་དར་རྒྱས་སུ་འགྲོ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཉེ་སྔོན་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བདེ་བླག་ངང་འཚོགས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཐེ་ལན་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཉོ་ཚོང་དང་། ལྗང་མདོག་དཔལ་འབྱོར། གཞི་གྲངས་གསར་གཏོད་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐོབ་སྣང་ཆེ་རུ་གཏོང་དགོས། ཡུལ་སྐོར་དང་ན་གཞོན། ས་གནས་སོགས་ཀྱི་མི་གཞུང་བརྗེ་རེས་ཟབ་སྤེལ་བྱེད་དགོས་ལ། ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཡག་པོ་ཞིག་གཉེར་ནས། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་མགོ་སྐོར་སོགས་རྒྱལ་མཚམས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཇེ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་དང་མཉམ་ལས་ལ་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས། འགྱུར་ལྡོག་ཆེ་ཞིང་ཟིང་ཟིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་ནས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་ལ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ས་དེའི་དུས་ཚོད་ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་པའི་སྐབས་སུ་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིན་ལ་མཇལ་འཕྲད་གནང་།
ཨ་ནུའུ་ཐིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པར་མྱ་ངན་ཞུས་པ་དེ་ཐེ་ལན་མི་དམངས་ལ་དོན་སྙིང་གལ་ཆེན་ལྡན། ཐེ་ལན་ཕྱོགས་ཀྱིས་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བདེ་ལེགས་ངང་འཚོགས་པ་དང་འབྲེལ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་འདོན་ལ་གྲོས་འཆམ་བྱུང་བས། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་ཡོད། ད་ལོ་ནི་ཐེ་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་པ་དང་། དེ་ནི་ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ཐེ་ལན་ཕྱོགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དང་ཚན་རྩལ། ཕན་ཚུན་འབྲེལ་མཐུད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཐེ་ལན་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་འཕེལ་བར་བྱེད་འདོད་ཡོད། ཐེ་ལན་ཕྱོགས་ཀྱིས་དྲ་རྒྱའི་རྒྱན་འགྱེད་དང་གློག་འཕྲིནམགོ་སྐོར་གྱི་བྱ་སྤྱོད་ལ་མུ་མཐུད་དུ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕེང་གིས་འཛམ་གླིང་ཡོངས་ལ་གྲོས་མགོ་ཆེན་པོ་བཞི་བཏོན་པ་དེས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོའི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་མཚོན་ཡོད་ལ། དེ་བས་ཐེ་ལན་ཕྱོགས་ཀྱིས་འདི་ལ་བསྟོད་པ་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཐེ་ལན་ཕྱོགས་ཀྱིས་ད་དུང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། ལག་གདང་སྦྲེལ་ནས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།