ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་རིམ་གཉིས་པའི་ཚོགས་འདུར་ཞུགས་པར་མ་ཟད། ཁ་ཡིག་ལ《མཛེས་སྡུག་གི་མ་འོངས་པ་ཐུན་མོང་སྒོས་སྐྲུན་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཏིང་ཟབ་ཏུ་ཕྱིན་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་མདུན་ལམ་གསར་པ་བཏོད་ཡོད། དེ་དང་ཆབས་ཅིག་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཚལ་ཡིག་ཆེ་རུ་ཕྱིན་པ། ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས། ནུས་ཁུངས་བདེ་འཇགས་སོགས་ཀྱི་འགྲན་སློང་ཆེ་རུ་ཕྱིན་པས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་ཕུང་བོས་གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་སྐབས་གསར་པ་དམ་འཛིན། འགྲན་སློང་གསར་པར་ཁ་གཏོད་པ་བཅས་བྱས་ཏེ་རྒྱུན་མཐུད་མཛེས་སྡུག་གི་མ་འོངས་པ་ཐུན་མོང་སྒོས་གཏོད་དགོས།

ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་རིམ་གཉིས་པའི་ཚོགས་འདུར་ཞུགས་པར་མ་ཟད། ཁ་ཡིག་ལ《མཛེས་སྡུག་གི་མ་འོངས་པ་ཐུན་མོང་སྒོས་སྐྲུན་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་གྲོས་གཞི་གསུམ་བཏོན་པ་སྟེ།
གཅིག་ནི་གྲངས་རིག་གིས་བྱེད་ནུས་ལ་ཕན་བཏགས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གསར་གཏོད་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་བཏོད་དགོས། ལག་རྩལ་གསར་པའི་སྐུལ་འདེད་དང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། གྲངས་འཛིན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། གཞི་གྲངས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ལག་རྩལ་གྱི་ཁུངས་འབྱེད་སྒོ་འབྱེད་དང་མཉམ་ལས་ཟབ་སྤེལ་བྱས་ཏེ། འགྲན་རྩོད་བྱེད་ནུས་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་དགོས། མིའི་རིགས་ཀྱི་བདེ་སྐྱིད་སེམས་སུ་བཅངས་ནས། མིའི་ཐབས་རིག་ནུས་ཕན་ཡོད་དང་བདེ་འཇགས། དྲང་སྙོམས་བཅས་ཀྱི་ཕྱོགས་སུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་གྲོས་གཞི་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མི་ཐབས་རིག་ནུས་ཀྱི་སྤྱི་པའི་ཐོན་རྫས་འདོན་སྤྲོད་བྱ་རྒྱུ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཐུན་མོང་ཐོག་མི་དམངས་ཀྱི་མི་ཐབས་རིག་ནུས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཞི་གྲངས་དང་རིག་ནུས་ཀྱི་ཧེ་བག་གསབ་དགོས།
གཉིས་ནས་ལྗང་མདོག་ཐཱན་ཉུང་རྒྱུན་འཁྱོངས་བྱས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དགོས། བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དགོས། སྤུས་ལེགས་ལྗང་མདོག་ལག་རྩལ་དང་ཐོན་རྫས་རང་མོས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ལ་སྒྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། ནམ་ཟླའི་འགྱུར་ལྡོག་ལ་ཧུར་ཐག་གིས་ཁ་གཏད་འཇལ་དགོས། ཀྲུང་གོས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་ཁྱབ་བསྒྲགས་བྱས་པའི་ཚུན་ལ། གོ་ལ་ཧྲིལ་པོའི་ཆེས་ཆེ་ཤོས་དང་། འཕེལ་རྒྱས་ཆེས་མགྱོགས་པའི་སླར་སྐྱེ་རུང་བའི་ནུས་ཁུངས་མ་ལག་བསྐྲུན་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་པའི2035ལོའི་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་དམིགས་འབེན་འདོན་སྤྲོད་བྱས་ཏེ། ཐཱན་ཕྱིར་གཏོང་གི་སྤྱི་འབོར་དང་དྲག་ཚད་གཉིས་ཀར་ཚོད་འཛིན་བྱ་དགོས།
གསུམ་ནི་ཀུན་ཕན་མཉམ་སྤྱོད་དོན་འཁྱོལ་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཀྱེལ་ཡངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། སྲིད་ཇུས་ཀྱི་འབྲེལ་གཏུག་དང་ཉམས་མྱོང་མཉམ་སྤྱོད། དངོས་གཉེར་མཉམ་ལས་བཅས་ལ་ཤུགས་བསྣན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལག་གདང་སྦྲེལ་ནས་དབུལ་ཕོངས་མེད་པར་བཟོ་བ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་ཕུང་བོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་དགོས། ཀྲུང་གོས་མི་ཚོགས་ཡོངས་ལ་ཁྱབ་པ་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་མི་འབོར་ཞབས་ཞུའི་མ་ལག་གང་མགྱོགས་ཀྱིས་འཐུས་ཚང་དུ་བཏང་ནས། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་ཐབས་རིག་ནུས་ཀྱིས་འཕྲོད་བསྟེན་བདེ་ཐང་ལ་རམ་འདེགས་དང་བུད་མེད་ཀྱི་གྲངས་འཛིན་བྱང་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་གྲོས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ལ་ཕན་པར་བྱ་དགོས།
ཚོགས་འདུའི་ཐོག《2025ལོའིAPECའགོ་ཁྲིད་པའི་ཆིན་ཀྲོའུ་བསྒྲགས་གཏམ》དང་། 《APECམི་ཐབས་རིག་ནུས་གྲོས་གཞི》《APECཡིས་མི་འབོར་གྲུབ་ཆ་འགྱུར་ལྡོག་གི་སྒྲོམ་གཞིའི་མཉམ་ལས་ཡིག་ཆ》སོགས་གྲུབ་འབྲས་ཡིག་ཆ་བཏོན།
ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་འགོ་ཁྲིད་པས་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།

ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཁོ་རེ་ཡའི་ཆིན་ཀྲོའུ་རུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་རིམ་གཉིས་པའི་ཚོགས་འདུར་ཞུགས་པར་མ་ཟད། ཁ་ཡིག་ལ《མཛེས་སྡུག་གི་མ་འོངས་པ་ཐུན་མོང་སྒོས་སྐྲུན་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ཟླ10པའི་ཚེས31ཉིན་གྱི་དགོང་མོར། ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུའི་དགའ་བསུའི་གསོལ་སྟོན་ལ་ཞུགས།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།