ཏིན་ཞུའེ་ཞང་དང་ཨུ་རི་སིའི་ཙུང་ལི་གཞོན་པ་དང་པོ་མན་ཐུའུ་ལུའོ་ཧྥུའུ་གཉིས་ཀྱིས་ཀྲུང་གོ་དང་ཨུ་རི་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་མཉམ་དུ་མགོ་འཛིན་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ11པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིང་དུ་ཨུ་རི་སིའི་ཙུང་ལི་གཞོན་པ་དང་པོ་མན་ཐུའུ་ལུའོ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རི་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་མགོ་འཛིན་བྱས།

ཟླ11པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིང་དུ་ཨུ་རི་སིའི་ཙུང་ལི་གཞོན་པ་དང་པོ་མན་ཐུའུ་ལུའོ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རི་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་མགོ་འཛིན་བྱས།

ཏིན་ཞུའེ་ཞང་གིས་བསྟན་དོན། ད་ལོའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གཉིས་ཀྱིས་ཁ་པར་དང་ཁ་བརྡ་ཐེངས་མང་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་འཆར་གཞི་གསར་པ་བཀོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོབ་འཆམ་བྱུང་བ་དེས། ཀྲུང་གོ་དང་ཨུ་རི་སིའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད། ཀྲུང་གོས་ཨུ་རི་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག དངུལ་གཏོང་མཉམ་ལས་ཀྱི་སྤུས་ཚད་དང་ནུས་ཕྱོད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་དང་། ཀྲུང་གོ་དང་ཨུ་རི་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ཏིན་ཞུའེ་ཞང་གིས་ལོ་གཅིག་རིང་གི་ཀྲུང་གོ་དང་ཨུ་རི་སིའི་དངུལ་གཏོང་མཉམ་ལས་ཀྱིས་བླངས་པའི་འཕེལ་རིམ་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་ཆེད་གྲོས་གཞི་བཞི་བཏོན་པ་སྟེ། གཅིག ཁྱབ་ཁོངས་གཙོ་བོ་འབུར་དུ་དོད་པ། དཔེ་མཚོན་སྣེ་ཁྲིད་ཤུགས་དྲག་ཏུ་བཏང་ནས་འབད་པ་ཆེན་པོས་དངོས་གཉེར་གྲུབ་འབྲས་མང་པོ་ཞིག་ལེན་པ། གཉིས། མཐུན་སྦྱོར་མཉམ་ལས་དམ་ཟབ་ཏུ་གཏོང་བ། ཕན་ཚུན་གསབ་རེས་ཀྱི་དགེ་མཚན་བཀོལ་སྤྱོད་བཟང་པོ་བྱས་ནས་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ། གསུམ། མཁོ་འདོན་སྦྲེལ་མཐུད་ལ་ཤུགས་སྣོན་པ། མཉམ་ལས་སྦས་ཤུགས་སྔོག་འདོན་ཟབ་མོ་བྱས་ཏེ། དངུལ་གཏོང་ཁྱབ་ཁོངས་གསར་པ་ཧུར་ཐག་གིས་རྒྱ་བསྐྱེད་པ། བཞི། སྒོ་འབྱེད་མུ་མཐུད་དུ་རྒྱ་བསྐྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ་ཁེ་ལས་ཀྱི་མཉམ་ལས་ཆོད་སེམས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་བཅས་རེད།

མན་ཐུའུ་ལུའོ་ཧྥུའུ་ཡིས་བསྟན་དོན། ཨུ་རི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། ཨུ་རི་སི་དང་ཀྲུང་གོའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་མཛུབ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། འདྲ་མཉམ་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་དང་། ལས་གཞི་གཙོ་བོར་སྐུལ་འདེད་བརྟན་པོ་གཏོང་བ། འཕར་སྣོན་གནས་གསར་པ་ཧུར་ཐག་གིས་བསྐྲུན་ནས་ཨུ་རི་སི་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

གྲོས་ཚོགས་ཀྱི་སྐབས་སུ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་གྲུབ་འབྲས་སྤྱི་བསྡོམས་དང་། གོ་རིམ་རྗེས་མའི་མཉམ་ལས་ཟབ་སྤེལ་ཐད་ཀྱི་བསམ་ཚུལ་བརྗེ་རེས་བྱས།

གྲོས་ཚོགས་ཀྱི་རྗེས་སུ། ཏིན་ཞུའེ་ཞང་གིས་མན་ཐུའུ་ལུའོ་ཧྥུའུ་དང་མཉམ་དུ་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་སྟེང་མིང་རྟགས་བཀོད་པར་མ་ཟད། མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་།

རིག་འཛིན་སྒྲོལ་མས་བསྒྱུར།